བོད་ལྗོངས་ཀྱིས་སྒྲིག་སྒྱུར་མི་སྣ་བདམས་ཏེ་ནུབ་བྱང་མི་རིགས་སློབ་ཆེན་དུ་ཟབ་སྦྱོང་བྱེད་པར་མངགས།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2018-03-20 10:30:00 ཀློག་གྲངས།:

     བོད་རང་སྐྱོང་ལྗོངས་བོད་སྐད་ཡིག་བྱ་བའི་ཨུ་ཡོན་ལྷན་ཁང(སྒྲིག་སྒྱུར་ཅུའུ)དང་ནུབ་བྱང་མི་རིགས་སློབ་ཆེན་དབར་བཀོད་པའི《“ལྔའི་འཆར་འགོད་བཅུ་གསུམ་པའི”སྐབས་སུ(2017ལོ་ནས2020ལོའི་བར)བོད་ལྗོངས་ཀྱི་བོད་རྒྱ་སྐད་གཉིས་ལོ་ཙཱའི་ཤེས་ལྡན་མི་སྣ་སྐྱེད་སྲིང་གི་མཉམ་འབྲེལ་གཞི་སྒྲོམ་ཆིངས་ཡིག》ལྟར། 2018ལོའི་ཟླ3པའི་ཚེས8ཉིན། བོད་རང་སྐྱོང་ལྗོངས་ཀྱིས་ལེགས་འདེམས་བྱས་པའི་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཁུལ་དང་གཞིས་ཀ་རྩེ་གྲོང་ཁྱེར་པ་སྣམ་རྫོང་། ནག་ཆུ་ས་ཁུལ་ལྷ་རི་རྫོང་། མངའ་རིས་ས་ཁུལ་བོད་སྐད་ཡིག་སྡེ་ཁག་གི་བོད་རྒྱ་སྐད་གཉིས་ལོ་ཙཱ་བ4བཅས་ནུབ་བྱང་མི་རིགས་སློབ་ཆེན་དུ་དུས་ཡུན་ཟླ་བ4རིང་གི་ཟབ་སྦྱོང་དུ་མངགས།
     ནུབ་བྱང་མི་རིགས་སློབ་ཆེན་བོད་སྐད་ཡིག་རིག་གནས་སློབ་གླིང་དུ་བསྡུས་པའི་སློབ་ཞུགས་བགྲོ་གླེང་ཚོགས་འདུའི་སྟེང་། གླིང་གཙོས་བསྟན་དོན། བོད་ལྗོངས་སྒྲིག་སྒྱུར་འཐབ་ཕྱོགས་སྟེང་གི་བློ་མཐུན་རྣམ་པ་སློབ་གླིང་འདིར་སློབ་སྦྱོང་དུ་ཕེབས་པར་དགའ་བསུ་ཞུ། སློབ་མ་རྣམས་ཀྱིས་གོ་སྐབས་འདི་དམ་པོར་བཟུང་སྟེ་སློབ་སྦྱོང་བཟང་བོ་དང་། སློབ་གྲྭའི་འབྲེལ་ཡོད་ཆེད་ལས་ཀྱི་ཞིབ་འཇུག་སློབ་མར་འབྲེལ་འདྲིས་ལེགས་པོ་བྱེད་པ་དང་མཚུངས་སུ། སློབ་གྲྭ་འདིའི་སློབ་མ་རྣམས་ལ་བོད་ལྗོངས་ཀྱི་སྒྲིག་སྒྱུར་བྱ་བའི་ལག་ལེན་དང་ཉམས་མྱོང་ཐད་ནས་བསམ་བློ་བརྗེ་རེས་ཤིག་བྱེད་པར་རེ་བ་ཞུ།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།