གཅན་ཚ་རྫོང་མར་ཁུ་ཐང་ཆ་ཚང་སློབ་ཆུང་གཉིས་པས་སློབ་ཁྲིད་སློབ་དཔྱོད་ཀྱི་བྱ་འགུལ་སྤེལ།
སྤྱི་ཟླ3པའི་ཚེས13ནས14བར། སློབ་ཁྲིད་ཀྱི་སྤུས་ཚད་དང་ཕྱོགས་ཡོངས་ནས་སློབ་མའི་བསླབ་བྱའི་ཤེས་བྱའིཆུ་ཚད་ཇེ་མཐོར་གཏོང་བ་དང་། ཡང་དག་པའི་སྒོ་ནས་སློབ་གསོའི་ཁྱད་ཆོས་འཛིན་པ། སློབ་ཁྲིད་སློབ་གསོ་ལ་སྔར་ལས་ཤུགས་སྣོན་བྱེད་པ་བཅས་ལ་དམིགས་ནས། གཅན་ཚ་རྫོང་མར་ཁུ་ཐང་ཆ་ཚང་སློབ་ཆུང་གཉིས་པའི་སློབ་སྟོན་ཁང་དང་ཁྲིད་དཔྱོད་ཁང་སོ་སོས་ཉིན2རིང་གི་དུས་ཚོད་བེད་སྤྱད་དེ་སློབ་གྲྭའི་དགེ་རྒན་རྣམས་དང་མཉམ་དུ་སློབ་ཁྲིད་སློབ་དཔྱོད་ཀྱི་བྱ་འགུལ་སྤེལ།
བྱ་འགུལ་ཁྲོད་དུ་སློབ་གཙོ་ལྷ་རྒྱལ་དོན་གྲུབ་ཀྱིས་རེ་བ་གསར་བ་བཏོན་པ་ལྟར་རྗེས་ཕྱོགས་ང་ཚོ་སློབ་གྲྭའི་དགེ་རྒན་རྣམས་གྱིས་སློབ་ཁྲིད་གྲ་སྒྲིག་འབྲི་སྟངས་དང་སློབ་ཁྲིད་མཉེན་ཆས་བཟོ་བའི་འཆར་གཞི། ལས་བྱ་བཀོད་སྒྲིག་དང་ཞིབ་དག།རྒྱུགས་གཞི་བཟོ་ཕྱོགས་དང་རྒྱུགས་ལེན་ཚུལ་བཅས་ལ་བསམ་བློ་དང་ལྟ་ཚུལ་གཅིག་མཐུན་བྱུང་ནས་རང་གི་ནུས་པ་ཡོད་ཚད་སློབ་ཁྲིད་སློབ་གསོར་འབུལ་ཐུབ་དགོས་པའི་བསམ་པ་བསྟན། བྱ་འགུལ་བརྒྱུད་ནས་གནད་དོན་འགའ་རེ་བཏོན་པ་གཤམ་གསལ།
གཅིག སློབ་ཁྲིད་གྲ་སྒྲིག
སློབ་ཁྲིད་གྲ་སྒྲིག་ཅུང་ཞིབ་ཅིང་རྒྱས་པར་འབྲི་བ་དང་དཀའ་གནད་དང་གཙོ་གནད་འབུར་དུ་ཐོན་པ། གོ་རིམ་གསལ་ཞིང་གཙོ་ཕལ་གྱི་ནང་དོན་གསལ་བ། གཅོ་བོ་སློབ་དེབ་ལ་རྒྱུས་ལོན་དང་སློབ་མའི་ཆུ་ཚད་དངོས་ལ་བསྟུན་ནས་འབྲི་བ། སློབ་ཚན་རེ་ལ་སློབ་ཁྲིད་གྲ་སྒྲིག་ལེགས་པོ་འབྲི་དགོས་ལ་དེ་ལྟར་བྲིས་པའི་སློབ་ཁྲིད་གྲ་སྒྲིག་གིས་སློབ་ཁང་སློབ་ཁྲིད་དང་སློབ་མའི་ཤེས་ཚད་ཇེ་མཐོར་གཏོང་བ་ལ་རོགས་འདེགས་ཀྱི་ནུས་པ་ཐོན་ཐུབ་དགོས།
གཉིས། སློབ་ཁྲིད་མཉེན་ཆས།
སློབ་ཁང་སློབ་ཁྲིད་སྤྲོ་སྣང་ཅན་དང་ཤེས་བྱ་བརྒྱུད་སྤྲོད་ནུས་པ་ཅན་དུ་གཏོང་ཆེད་ཐོག་མར་དགེ་རྒན་གྱིས་སློབ་ཁྲིད་ཐབས་ཤེས་ལེགས་པོ་ཞིག་འདེམས་དགོས་པ་གཞིར་བྱས། སློབ་ཚན་རེ་རེའི་ནང་དོན་དང་ཁྱད་ཆོས་གཞིར་བཟུང་ནས་རྣམ་པ་མི་འདྲ་བའི་སློབ་ཁྲིད་མཉེན་ཆས་བཟོས་ཏེ་སློབ་ཁྲིད་ཀྱི་རྣམ་པ་གསར་བ་ཅན་དང་ཆ་འཕྲིན་ཅན། སྔོན་ཐོན་ཅན་དུ་བསྒྱུར་གང་ཐུབ་ལ་འབད་དགོས།
གསུམ། ལས་བྱ།
ལས་བྱ་བཀོད་སྒྲིག་དང་ལས་བྱ་ཞིབ་དག་ནི་སློབ་ཁྲིད་གོ་རིམ་ཁྲོད་ཀྱི་བརྒྱུད་རིམ་གལ་ཆེན་ཞིག་ཡིན་པ་དང་། སློབ་ཁང་སློབ་ཁྲིད་རྒྱུན་བསྲིང་འཕེལ་རྒྱས་དང་སློབ་ཁྲིད་མཇུག་འབྲས་ལ་ཁག་ཐེག སློབ་མའི་ནུས་པ་སྐྱེད་སྲིང་གི་བྱེད་ཐབས་མེད་དུ་མི་རུང་བ་ཞིག་ཡིན།
༡.ལས་བྱ་དཀོད་སྒྲིག་ནམ་ཡང་བསླབ་ཚན་ཚད་གཞིའི་རེ་བ་དང་མཐུན་ཞིང་སློབ་ཁྲིད་ཀྱི་དམིགས་ཚད་དང་དཀའ་གཙོ་གནད་ལ་དམིགས་ཤིང་སློབ་མའི་ཆུ་ཚད་དངོས་ལ་བསྟུན་ནས་མང་ཉུང་དང་དཀའ་སླ་རན་པའི་སྒོ་ནས་བཀོད་སྒྲིག་འོས་འཚམ་བྱེད་པ།
༢.ལས་བྱ་བཀོད་སྒྲིག་བྱས་ཙ་ན་ངེས་པར་བསྡུ་ཐུབ་དགོས། བསྡུས་པ་རྣམས་ངེས་པར་ཞིབ་དག་བྱ་དགོས་པ་དང་། ཞིབ་དག་བྱས་རྗེས་བཟང་ངན་སོགས་དཔྱད་འཇོག་གང་ལེགས་གནང་བ། བཟང་བོར་བསྟོད་པ་དང་ཞན་པར་ཡར་སྐུལ་གྱི་ཞོར་དུ་ལས་བྱ་མི་འབྲི་བའི་སྣང་ཚུལ་མེད་དུ་གཏོང་བ།
༣.ལྷག་པར་དུ་ཡིག་གཟུགས་ཇེ་ཡག་ལ་གཏོང་བའི་བྱེད་ཐབས་གང་མང་བཏོན་ནས་ལས་བྱ་བྲིས་པ་གྲལ་དག་ཅིང་ཡི་གེ་ཡག་པ། ཡིག་ནོར་ཉུང་ཞིང་སྤུས་ཀ་དག་པའི་ཕྱོགས་སུ་གོམ་པ་སྤོ་དགོས།
༤.ལས་བྱ་འབྲི་དེབ་ལ་གཅེས་སྤྲས་དང་སློབ་མ་རང་གི་མིང་དང་སློབ་གྲྭ། ལོ་རིམ་དང་འཛིན་གྲྭ་སོགས་བོད་ཡིག་གིས་ཡག་པོར་འབྲི་བ་དང་། ལོ་རིམ་བཞི་བ་ཡན་གྱི་སློབ་མས་ལྕགས་སྨྱུག་གིས་འབྲི་དགོས་པའི་རེ་བ་ཡང་བཏོན།
༥.ལས་བྱ་ལ་སྐད་ཡིག་སློབ་དཔྱོད་ཙུའུ་ཡིས་ཟླ་ཕྱེད་ནང་ལྟ་ཞིབ་བྱེད་པ་དང་སློབ་སྟོན་ཁང་གིས་ཟླ་རེའི་ནང་ཐེངས་གཅིག་ལ་ལྟ་ཞིབ་བྱེད་རྒྱུའི་ཞོར་དུ་དུས་ངེས་མེད་ཀྱིས་ཀྱང་ལྟ་ཞིབ་བྱེད་རྒྱུ་ཡིན།
བཞི། རྒྱུགས།
རྒྱུགས་ནི་སློབ་ཁྲིད་སྤུས་ཚད་ལ་ཚད་འཇལ་དང་གདེངས་འཇོགས་བྱེད་ཐབས་གཙོ་བོ་ཞིག་ཡིན། རྒྱུགས་ལ་སྡེ་ཚན་རྒྱུགས་དང་ཟླ་རྒྱུགས། བར་རྒྱུགས། མཇུག་རྒྱུགས་སོགས་རིགས་མང་ཡང་སློབ་སྐབས་འདི་ནས་བཟུང་ཟླ་རྒྱུགས་ངེས་པར་ལེན་དགོས་པ་དང་། རྒྱུགས་གཞི་བཟོ་སྐབས་སློབ་ཚན་ཀློག་འདོན་དང་ཡིག་གཟུགས་གྱི་ནུས་པ་མཐོར་འདེགས་ལ་དམིགས་ནས་ལོ་རིམ་རེ་རེར་ཀློག་འདོན་དང་ཡིག་གཟུགས་ཀྱི་རེ་བ་མི་འདྲ་བ་བཏོན་པ་ལྟར་སྐར་མ་སྟེར་དགོས་ལ། ཟླ་རྒྱུགས་རེ་རེའི་འབྲས་བུ་ལ་དཔྱད་འཇོག་གནང་རྗེས་བྱ་དགའི་བདག་རྐྱེན་ཡང་འོས་འཚམ་སྦྱོར་རྒྱུ།
མདོར་ན་ཐེངས་འདིའི་སློབ་དཔྱོད་བྱ་འགུལ་བརྒྱུད་ནས་དགེ་རྒན་རྣམས་ཀྱིས་སློབ་ཁྲིད་བྱ་བ་ལ་སེམས་ཤུགས་ཆེར་བསྐྱེད་དང་སྟོབས་ཤུགས་མཉམ་འབུལ། དཀའ་སྤྱད་བརྩོན་ཞིབ་བཅས་ཀྱིས་རང་རེ་གཅན་ཚ་རྫོང་གི་མི་རིགས་སློབ་གསོ་ཡར་རྒྱས་གོང་སྤེལ་ལ་ནུས་པ་གང་ལེགས་འདོན་རྒྱུའོ།།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com