2018ལོའི་གསོ་རིག་རིག་གནས་ཐད་ཀྱི་རྩོམ་བསྡུའི་བརྡ་སྦྱོར།
2018ལོའི་རྒྱལ་ཡོངས་བོད་ཀྱི་གསོ་རིག་རིག་གནས་དང་སྨན་པ་གྲྭ་ཚང་སྐོར་གྱི་རིག་གཞུང་བགྲོ་གླེང་ཚོགས་འདུའི་རྩོམ་བསྡུའི་བརྡ་སྦྱོར།
བོད་ཀྱི་གསོ་རིག་རིག་གནས་ལ་སྔར་ལས་ལྷག་པའི་ཞིབ་འཇུག་དང་ཁྱབ་སྤེལ་བྱེད་པའི་དུས་མཚུངས་སུ། སྨན་པ་གྲྭ་ཚང་སོགས་བོད་ཀྱི་གསོ་བ་རིག་པའི་རིག་གནས་སྣང་ཚུལ་ལ་ཉམས་ཞིབ་གཏིང་ཟབ་པ་ཡོང་ཆེད། མཚོ་སྔོན་ཞིང་ཆེན་བོད་ཀྱི་གསོ་རིག་སློབ་ཚོགས་ཀྱི་བོད་གསོ་རིག་གནས་ཆེད་ལས་ཚོགས་པས2018ལོའི་དབྱར་ཀྱི་དུས་སུ(དུས་གཏན་ཁེལ་ཚེ་ཡང་བསྐྱར་གསལ་བརྡ་གཏོང་ངེས)། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་བྲག་དཀར་རྫོང་བོད་སྨན་ཁང་དུ2018ལོའི་རྒྱལ་ཡོངས་བོད་ཀྱི་གསོ་རིག་རིག་གནས་དང་སྨན་པ་གྲྭ་ཚང་སྐོར་གྱི་རིག་གཞུང་བགྲོ་གླེང་ཚོགས་འདུ་བསྡུ་འཆར་ཡོད་པས། རྒྱལ་ཡོངས་སུ་བོད་དང་སོག་པོའི་གསོ་རིག་ལོ་རྒྱུས་ཀྱི་སྐོར་དང་། བོད་གསོའི་རིག་གནས། གསོ་རིག་མི་ཚུལ་རིག་གནས་སོགས་ལ་ཞིབ་འཇུག་དོན་གཉེར་གནང་མཁན་གྱི་ཆེད་མཁས་པ་དང་། དགའ་མོས་ཡོད་མཁན་དག་གིས་དུས་ལྟར་གོང་གི་བརྗོད་བྱར་འཚམ་པའི་དཔྱད་རྩོམ་རེས་ཚོགས་འབྲེལ་འཇོག་པའི་རེ་བ་སྙིང་ནས་ཞུ་བཞིན་ཡོད།དེ་ལ་མཁྱེན་ལྡན་པ་རྣམས་ཀྱིས་དཔྱད་རྩོམ་བསྐུར་དུས་མཉམ་འཇོག་དགོས་པ་གཤམ་གསལ།
དང་པོ། དཔྱད་རྩོམ་གྱི་བརྗོད་དོན།
༡ བོད་སོག་གསོ་རིག་ལོ་རྒྱུས་ཞིབ་འཇུག
༢ བོད་སོག་གསོ་རིག་རིག་གནས་ཞིབ་འཇུག
༣ བོད་དང་སོག་པོའི་ཡུལ་དུ་དར་བའི་སྨན་པ་གྲྭ་ཚང་སྐོར་གྱི་ཞིབ་འཇུག
༤ སྨན་ཁང་རིག་གནས་ཞིབ་འཇུག
༥ བོད་ཀྱི་གསོ་བ་རིག་པའི་གསོ་རིག་མིའི་རིག་རིག་པའི་ཞིབ་འཇུག
གཉིས་པ། རྩོམ་བསྡུའི་བླང་བྱ།
༡ ནང་དོན་གསར་ཞིང་བརྗོད་དོན་གསལ་བ། རྒྱུ་ཆ་དང་གྲངས་ཀ་དངོས་ཐོག་བདེན་འཚོལ་ཡིན་པ། བྲིས་ཆ་དང་རིག་གཞུང་ཚད་ལྡན་ཡིན་པ། རང་རྩོམ་ལ་རང་འགན་ལེན་པ།
༢ ཡིག་རིགས། བོད་རྒྱ་དབྱིན་གསུམ་ཡིན། དཔྱད་རྩོམ་ཆ་ཚང་ངམ། ཡང་ན་ཡིག་འབྲུ་སྟོང་ལོང་བའི་དཔྱད་རྩོམ་གྱི་ནང་དོན་གནད་བསྡུས་རེ་བསྐུར་ཡང་ཆོག ཡིག་རིགས་གང་ཡང་Microsoft Wordཡིག་ཚགསA4དཔར་ངོས་ཡིན་དགོས་ཤིང་། བོད་ཡིག་ཧི་གཟུགས་དང་། དབྱིན་ཡིག་དང་གྲངས་ཀརTimes New Romanཡིག་གཟུགས་སྤྱོད་དགོས།
༣ དཔྱད་རྩོམ་དང་ཡང་ན་གནད་བསྡུས་ལ་ཚང་དགོས་པའི་དོན་ཚན་ཏེ། ཁ་བྱང་དང་། རྩོམ་པ་པོ། ལས་ཁུངས། ནང་དོན་གནད་བསྡུས། གནད་ཚིག དངོས་གཞི། དཔྱད་གཞིའི་ཡིག་ཆ། རྩོམ་པ་པོའི་ལོ་རྒྱུས་བསྡུས་པ། འབྲེལ་གཏུག་བྱ་ཡུལ་བཅས་ཚང་དགོས།
༤ རྩོམ་བསྡུའི་མཇུག་བསྡུས་དུས་ཚོད། ༢༠༡༨ལོའི་ཟླ༦ཚེས༣༠ ཉིན་ཡིན།
༥ དཔྱད་རྩོམ་གློག་གཟུགས་མ་བསྐུར་ཡུལ།
བོད་ཡིག་བསྐུར་ཡུལ། 1115902404@qq.com
རྒྱ་ཡིག་དང་དབྱིན་ཡིག་བསྐུར་ཡུལ། lankejia88@126.com
གསུམ་པ། འབྲེལ་གཏུག་བྱེད་ཡུལ།
མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་། ལྷ་མཁར་རྒྱལ།13639766492
བྲག་དཀར་རྗོང་བོད་སྨན་ཁང་། ཚེ་བརྟན་རྒྱལ། 15719745067
མཚོ་སྔོན་ཞིང་ཆེན་བོད་ཀྱི་གསོ་རིག་སློབ་ཚོགས།
བོད་ཀྱི་གསོ་རིག་རིག་གནས་ཆེད་ལས་ཚོགས་པ།
2018ལོའི་ཟླ2པའི་ཚེས26ཉིན།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com