བོད་ལྗོངས་ཀྱིས《རྒྱ་བོད་ཤན་སྦྱར་ཐ་སྙད་གསར་བའི་ཚད་ལྡན་ཚིག་མཛོད》ཀྱི་མཐའ་དཔྱོད་གྲོས་ཚོགས་བསྡུས་པ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2017-09-29 11:07:00 ཀློག་གྲངས།:
     ཉེ་ལམ། 《རྒྱ་བོད་ཤན་སྦྱར་ཐ་སྙད་གསར་བའི་ཚད་ལྡན་ཚིག་མཛོད》ཀྱི་མཐའ་དཔྱོད་གྲོས་ཚོགས་དེ་བོད་རང་སྐྱོང་ལྗོངས་བོད་སྐད་ཡིག་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང(སྒྲིག་སྒྱུར་ཅུའུ)དུ་བསྡུས་ཤིང་། བོད་རང་སྐྱོང་ལྗོངས་བོད་སྐད་ཨུ་གཞུང་སྒྲུབ་ཁང(སྒྲིག་སྒྱུར་ཅུའུ)གི་ཏང་རྩ་འཛུགས་ཀྱི་ཚོགས་མི་དང་ཀྲུའུ་རེན་གཞོན་པའམ་ཅུའུ་ཀྲང་གཞོན་པ། རང་སྐྱོང་ལྗོངས་ཐ་སྙད་གསར་བའི་ལོ་ཙཱ་ཚད་ལྡན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་འཇམ་དབྱངས་ཆོས་རྒྱལ་གྱིས་གྲོས་ཚོགས་ལ་མདོ་འཛིན་མཛད། པེ་ཅིང་བོད་རིག་པའི་ཞིབ་འཇུག་ལྟེ་གནས་དང་། པེ་ཅིང་མི་རིགས་དཔེ་སྐྲུན་ཁང་། ཀྲུང་དབྱང་མི་དམངས་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་ལྟེ་གནས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུའུ། ལྷོ་ནུབ་མི་རིགས་སློབ་ཆེན། ཁམས་པའི་བརྙན་འཕྲིན་དང་བོད་ལྗོངས་ཀྱི་ལོ་ཙཱའི་ཆེད་མཁས་རྒན་པ་འགའ་སོགས་དུས་སྔོན་གྱི་ཐོག་དཔྱོད་དང་ཐེངས་འདིའི་གྲོས་ཚོགས་ལ་ཞུགས།
     ཐེངས་འདིར་མཐའ་དཔྱོད་གནང་བའི《རྒྱ་བོད་ཤན་སྦྱར་ཐ་སྙད་གསར་བའི་ཚད་ལྡན་ཚིག་མཛོད》ཁྲོད་ཀྱི་ཐ་སྙད་གསར་བ་དག་ནི་ཉེ་བའི་ལོ་ཉི་ཤུ་རིང་བོད་རང་སྐྱོང་ལྗོངས་བོད་ཡིག་ཐ་སྙད་གསར་བའི་ཚད་ལྡན་ཨུ་ཡོན་ལྷན་ཁང་གིས་འཚོལ་སྡུད་དང་ལོ་ཙཱ། དཔྱད་འབེབས་བཅས་གནང་བའི་ཆབ་སྲིད་དང་དཔལ་འབྱོར། སློབ་གསོ། ཚན་རྩལ། དྲ་རྒྱའི་ཆ་འཕྲིན། སྤྱི་ཚོགས་ཀྱི་ཚིག་སྦྱོར་སོགས་ཁྱབ་ཁོངས་སོ་སོའི་ཐ་སྙད་གསར་བ་ཁྲི1ལ་ཉེ་བ་འདུས། འདིས་བོད་ཡིག་ཐ་སྙད་གསར་བའི་ལོ་ཙཱ་ཡང་དག་མིན་པ་དང་གཅིག་གྱུར་མིན་པའི་སྣང་ཚུལ་བསྒྱུར་བ་མ་ཟད། གཞི་རིམ་མང་ཚོགས་ཀྱིས་ཏང་དང་རྒྱལ་ཁབ་ཀྱི་བྱེད་ཕྱོགས་དང་སྲིད་ཇུས། བཅའ་ཁྲིམས་དང་ཁྲིམས་སྲོལ་སོགས་ལ་རྒྱུས་ལོན་བྱེད་པར་སྐུལ་འདེད་ཀྱི་ནུས་པ་ལྡན། དུས་མཚུངས་སུ། རྒྱ་ཆེ་བའི་མང་ཚོགས་དང་བོད་ཡིག་ལོ་ཙཱ་བ་རྣམས་ཀྱི་བྱ་བའི་དགོས་མཁོ་བསྐངས།
     རྒྱུས་ལོན་པ་ལྟར་ན། བོད་ཡིག་ཐ་སྙད་གསར་བ་ནི་བོད་ལྗོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་མཚོན་པའི་གལ་ཆེ་བའི་ཚད་གཞི་ཞིག་ཏུ་གྱུར་ཞིང་། བོད་ལྗོངས་ཀྱི་རྒྱ་ཆེ་བའི་ཞིང་འབྲོག་མང་ཚོགས་དང་བོད་སྐད་ཀློག་པ་པོ་རྣམས་ཀྱིས་དུས་ལྟར་ཏང་གི་བྱེད་ཕྱོགས་དང་སྲིད་ཇུས། ཁྲིམས་ལུགས། ཚན་རྩལ་རྒྱུན་ཤེས། ཚོང་རའི་ཆ་འཕྲིན། དེ་མིན་འབྲེལ་འདྲིས་བྱ་འགུལ་གྱི་ལག་ཆ་ཞིག་ཡིན། ནུས་ཤུགས་ཡོད་རྒུས་བོད་ཡིག་ཐ་སྙད་གསར་བའི་ཚད་ལྡན་ཅན་དང་ཚད་གཞི་ཅན། ཆ་འཕྲིན་ཅན་བྱ་བ་ཁྱབ་སྤེལ་བྱེད་པ་ནི་ཏང་གི་བྱེད་ཕྱོགས་དང་སྲིད་ཇུས་ཀྱི་ཕན་ལྡན་དྲིལ་སྒྲོག་ལ་འབྲེལ་བ་དམ་ཟབ་ཡོད་པ་མ་ཟད། མི་རིགས་ཀྱི་ཕུལ་བྱུང་རིག་གནས་རྒྱུན་འཛིན་དང་དར་སྤེལ་ལའང་འབྲེལ་བ་དམ་ཟབ་ཡོད་ཅིང་། བོད་སྐད་ཡིག་ཚད་ལྡན་ཅན་དང་ཚད་གཞི་ཅན། ཆ་འཕྲིན་ཅན་དུ་གཏོང་བའི་ལས་འགན་གལ་ཆེན་ཞིག་ཡིན།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།