ངོས་དང་པོ > སྐབས་དོན། > རིག་གནས་སློབ་གསོ། > 《གཏེར་ལམ་གྱི་བོད་བཙན་པོའི་སྐོར་གྱི་རྒྱལ་ཡོངས་རིག་གཞུང་བགྲོ་གླེང་དཔྱད་རྩོམ་ཕྱོགས་བསྒྲིགས》འགྲེམ་སྤེལ།
《གཏེར་ལམ་གྱི་བོད་བཙན་པོའི་སྐོར་གྱི་རྒྱལ་ཡོངས་རིག་གཞུང་བགྲོ་གླེང་དཔྱད་རྩོམ་ཕྱོགས་བསྒྲིགས》འགྲེམ་སྤེལ།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:མཚོ་སྔོན་གསར་འགྱུར་དྲ་བ།
དུས་ཚོད།:2017-08-11 11:41:00
ཀློག་གྲངས།:
ཉེ་ལམ། «གཏེར་ལམ་གྱི་བོད་བཙན་པོའི་རིག་གནས་སྐོར་གྱི་རྒྱལ་ཡོངས་རིག་གཞུང་བགྲོ་གླེང་དཔྱད་རྩོམ་ཕྱོགས་བསྒྲིགས»དེ་རིག་དངོས་དཔེ་སྐྲུན་ཁང་གིས་དངོས་སུ་པར་སྐྲུན་འགྲེམ་སྤེལ་བྱས།
དཔེ་དེབ་འདི་གཏེར་ལམ་གྱི་བོད་བཙན་པོའི་སྐབས་ཀྱི་བང་སོར་ཞིབ་འཇུག་བྱེད་པའི་དབང་གྲགས་ཆེས་ཆེ་ཤོས་ཀྱི་རིག་གཞུང་གྲུབ་འབྲས་ཕྱོགས་བསྒྲིགས་ཡིན་པའི་ཆ་ནས། ལོ་ངོ་བཅུ་ཕྲག་རིང་གི་པེ་ཅིན་སློབ་ཆེན་དང་ཅི་ལིན་སློབ་ཆེན། ལན་ཀྲིག་སློབ་ཆེན། སི་ཁྲོན་སློབ་ཆེན། ཀྲུང་གོ་བོད་རིག་པའི་ཞིབ་འཇུག་ལྟེ་གནས། མཚོ་སྔོན་ཞིང་ཆེན་གནའ་རྫས་བརྟག་དཔྱད་ཞིབ་འཇུག་ཁང་། བོད་ལྗོངས་སྤྱི་ཚོགས་ཚན་རིག་གླིང་སོགས་ཀྱི་རིག་གནས་ཆེད་མཁས་པ་འདུ་བའི་རྒྱལ་ཁབ་ཕྱི་ནང་གི་གནའ་རྫས་རྟོག་ཞིབ་དང་རིག་དངོས། ལོ་རྒྱུས་རིག་པ། བོད་རིག་པ་སོགས་ཁྱབ་ཁོངས་ཀྱི་ཆེད་མཁས་པས་ཆེད་དུ་གཏེར་ལམ་གྱི་བོད་བཙན་པོའི་སྐབས་ཀྱི་བང་སོར་ཞིབ་འཇུག་བྱས་པའི་རིག་གཞུང་དཔྱད་རྩོམ་དང་རྩོམ་ཡིག་བསྡུ་སྒྲིག་བྱས་ཡོད་ལ། གཏེར་ལམ་གྱི་བང་སོ་སྔོག་འདོན་དང་བོད་བཙན་པོའི་སྐབས་ཀྱི་རིག་གནས་ཞིབ་འཇུག་མཉམ་དུ་འདུས་ཡོད་ཅིང་། ནང་དོན་ཕུན་སུམ་ཚོགས་པ་དང་ཡི་གེ་དང་པར་རིས་མཉམ་འདུས་ཡིན་པས་རིག་གཞུང་རིན་ཐང་དང་ལོ་རྒྱུས་རིག་གནས་རིན་ཐང་། ཉར་ཚགས་ཀྱི་རིན་ཐང་ཆེས་ཆེར་ལྡན། མཚོ་སྔོན་ཞིང་ཆེན་གནའ་རྫས་བརྟག་དཔྱད་ཞིབ་འཇུག་ཁང་གི་སྔོན་ཆད་ཀྱི་འགོ་གཙོ་སྐུ་ཞབས་ཞུའུ་ཞིན་གོ་ཡིས་བཤད་རྒྱུར། དཔེ་དེབ་དེ་ནི་མཚོ་སྔོན་གྱི་གནའ་བོའི་བང་སོའི་རིག་དངོས་ཞིབ་འཇུག་གི་གྲུབ་འབྲས་ཆེན་པོ་ཡིན་པ་དང་། མཚོ་སྔོན་གྱིས་བོད་བཙན་པོའི་སྐབས་ཀྱི་ལོ་རྒྱུས་རིག་གནས་ལ་ཞིབ་འཇུག་བྱས་པའི་གྲུབ་འབྲས་རྩ་ཆེན་ཡིན་ལ། དེ་ལས་ཀྱང་རྒྱལ་ཁབ་ཕྱི་ནང་གིས་གཏེར་ལམ་གྱི་གནའ་བོའི་བང་སོར་ཆེད་དུ་སྔོག་འདོན་ཞིབ་འཇུག་བྱེད་པ་དང་། གཏེར་ལམ་གྱི་གནའ་བོའི་བང་སོ་དེ་བོད་བཙན་པོའི་སྐབས་ཀྱི་བང་སོ་ཡིན་པར་གཏན་ཁེལ་གསལ་པོ་བྱེད་པའི་ཕྱོགས་སྟོན་རང་བཞིན་གྱི་ཆེད་ལས་ཡིག་ཚགས་ཡིན་པས། རིག་གཞུང་ལས་རིགས་ཀྱིས་དེར་ཡུན་རིང་རེ་སྒུག་བྱས་ཡོད་ཟེར།
རྒྱུས་ལོན་པ་ལྟར་ན། དཔེ་དེབ་དེ་ནི་མཚོ་སྔོན་བོད་རིགས་ཞིབ་འཇུག་ཚོགས་པས་གཙོ་སྒྲིག་བྱས་པ་དང་། རྒྱལ་ཁབ་ཕྱི་ནང་གི་ཆེད་མཁས་པ་བཅུའི་ཆེད་ལས་རང་བཞིན་གྱི་དཔྱད་རྩོམ་བསྡུ་སྒྲིག་བྱས་ཡོད་ལ། བར་བཅུག་རི་མོ་བརྒྱ་དང་བཅུ་གཅིག་དང་ཚོན་ལྡན་རི་མོ་བརྒྱ་དང་ཞེ་གཅིག བསྡོམས་པས་ཤོག་ངོས་བཞི་བརྒྱ་དང་སོ་དྲུག་ཡོད་ཅིང་། མི་འགྱངས་པར་ཟི་ལིང་ནས་ཐོག་མར་འགྲེམ་སྤེལ་བྱས་ཏེ་ཀློག་པ་པོ་རྣམས་ཀྱི་སྤྱན་སྔར་དགྲམ་རྒྱུ་རེད།

འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།