མཚོ་སྔོན་གྱི་བོད་ཡིག་རྩོམ་རིག་གསར་རྩོམ་གྱི་དཔུང་ཁག་ཉིན་རེ་བཞིན་སྟོབས་ཆེར་འགྲོ་བཞིན་པ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མི་དམངས་དྲ་བ། དུས་ཚོད།:2017-08-08 11:33:00 ཀློག་གྲངས།:
     མཚོ་སྔོན་བོད་རིགས་ས་ཁུལ་གྱི་སློབ་གསོའི་བྱ་གཞག་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་བ་དང་བསྟུན་ནས། ཉེ་བའི་ལོ་ཤས་རིང་། བོད་ཡིག་བྱང་ཆུབ་པའི་ངང་བཀོལ་སྤྱོད་ཐུབ་པའི་ཞིང་འབྲོག་པ་ཇེ་མང་དུ་ཕྱིན་ནས་བོད་ཡིག་གི་རྩོམ་རིག་གསར་རྩོམ་དཔུང་ཁག་མགྱོགས་མྱུར་སྟོབས་ཆེར་འགྲོ་བཞིན་ཡོད་པ་རེད།
    “ང་ཚོའི་དུས་དེབ་ཐོག་རྟག་ཏུ་རྩོམ་ཡིག་སྐུར་མཁན་མི་ཆིག་སྟོང་ཙམ་འདུག དེ་དག་ལས་རྐང་འཛིན་རྩོམ་པ་པོ200ལྷག་ཙམ་འདུག དེ་དག་མང་ཆེ་བ་ནི་མཚོ་སྔོན་དང་། ཀན་སུའུ། བོད་ལྗོངས་བཅས་དང་། གཞན་ཡང་པེ་ཅིང་དང་སི་ཁྲོན་གྱི་ལོ20ནས50བར་མི་རེད། བོད་ཡིག་གི་རྩོམ་རིག་གསར་རྩོམ་དཔུང་ཁག་ཚད་ལོན་ཞིག་གྲུབ་འདུག”ཅེས་《སྦྲང་ཆར་》དུས་དེབ་ཀྱི་རྒྱུན་ལས་གཙོ་སྒྲིག་གཞོན་པ་བཀྲ་ཤིས་དོན་གྲུབ་ཀྱིས་བརྗོད།
     བོད་ཡིག་གི་རྩོམ་རིག་དུས་དེབ《སྦྲང་ཆར》ནི1981ལོར་བཙུགས་ཤིང་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱེད་བཞིན་པའི་དེང་རབས་བོད་རིགས་རྩོམ་རིག་གསར་རྩོམ་གྱི་སྐར་ཁུང་ངམ་རྩོམ་རིག་གི་དགའ་ཚལ་གཙོ་བོ་ཡིན། 2003ལོ་དང2005ལོར་རྒྱལ་ཡོངས་ཀྱི་དུས་དེབ9000ལྷག་ཙམ་ཁྲོད་ནས་འབུར་དུ་ཐོན་ཏེ་རྒྱལ་ཁབ་དུས་དེབ་བྱ་དགའ་སྐབས་གཉིས་པ་དང་གསུམ་པའི་གཙོ་གནད་དུས་དེབ་བརྒྱའི་ཁོངས་སུ་ཚུད་ནས“བོད་ཡིག་གི《མི་དམངས་རྩོམ་རིག》”ཅེས་ཐོགས་པ་རེད།
     ལོ36ལ་སླེབས་པའི་ཁོན་ཐར་རྒྱལ་ནི《སྦྲང་ཆར》གྱི་རྐང་འཛིན་རྩོམ་པ་པོའི་གྲས་ཤིག་རེད།
     2012ལོར། ཁོན་ཐར་རྒྱལ་གྱི་བརྩམས་སྒྲུང་ཐུང་གྲས《བྲག་སྒྲོལ་མ》ལོ་དེའི་སྦྲང་ཆར་འདོན་ཐེངས་དང་པོའི་ཐོག་བཀོད་པ་དང་། 2015ལོར་ཁོང་གི་བརྩམས་སྒྲུང་ཐུང་གྲས《དྲེལ་ལུང》ལ་སྐབས་གཉིས་པའི་འབྲོང་བོད་ཡིག་རྩོམ་རིག་བྱ་དགའ་ཐོབ་ནས་ད་ཆ་བོད་ཡིག་གི་རྩོམ་རིག་ལས་རིགས་ཁྲོད་ཀྱི་མིང་གྲགས་ཅུང་ལྡན་པ་ཞིག་ཏུ་གྱུར་ཡོད་པ་རེད། 《སྦྲང་ཆར》དུས་དེབ་བཙུགས་ནས་ལོ36རིང་རྩོམ་པ་པོ8ལ་སྔ་རྗེས་སུ་རྒྱལ་ཡོངས་ཀྱི་གྲངས་ཉུང་མི་རིགས་ཀྱི་རྩོམ་རིག་གསར་རྩོམ་གྱི“རྟ་མཆོག་བྱ་དགའ”ཐོབ་ཡོད་པ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།