2017ལོའི་བོད་ལྗོངས་འཕྱོངས་རྒྱས་སྤུར་རྒྱལ་རིག་གནས་ཡུལ་སྐོར་དུས་ཆེན་འགྲེམ་སྟོན་སྤེལ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2017-08-01 11:19:00 ཀློག་གྲངས།:

     ཉེ་སྔོན། 2017ལོའི་བོད་ལྗོངས་འཕྱོངས་རྒྱས་སྤུར་རྒྱལ་རིག་གནས་ཡུལ་སྐོར་དུས་ཆེན་གྱི་འགྲེམ་སྟོན་བོད་རང་སྐྱོང་ལྗོངས་མང་ཚོགས་སྒྱུ་རྩལ་ཁང་དུ་སྤེལ་མགོ་བརྩམས་ཤིང་། ནས་ཆང་དང་། གཡུ། ཆུ་ཤེལ། ལྕགས་རིགས་བཟོ་རྩལ་སོགས་མི་རིགས་ཀྱི་ལག་ཤེས་ཐོན་རྫས་ཐུན་མོང་དུ་ལྷ་སར་བཀྲམ།


     ཐེངས་འདིའི་འགྲེམ་སྟོན་ནི་སྤྱི་ཟླ7པའི་ཚེས25ནས་ཚེས29བར་ཏེ་དུས་ཡུན་ཉིན5ལ་སྤེལ། དེར་ལག་ཤེས་བཟོ་ལས་ལག་རྩལ་འགྲེམ་སྟོན་དང་། དངོས་པོ་འགྲེམ་སྟོན། ཡུལ་དངོས་ཡིག་གཟུགས་འབྲི་བ་སོགས་དང་། རྡོ་རྗེའི་ལྕགས་རིགས་བཟོ་རྩལ་དང་། ཟླ་བ་སྒྲོལ་མའི་གྱོན་གོས། བོད་སྤུས། རྒྱ་ལོའི་བོད་ལུགས་ཁྱིམ་ཆས། ཆུ་ཤེལ་དང་གཡུ་རྡོ་སོགས་འདུས།

    ཀྲུང་གུང་འཕྱོངས་རྒྱས་རྫོང་ཨུའི་ཧྲུའུ་ཅི་གཞོན་པའམ་རྫོང་དཔོན་བསོད་ནམས་རྡོ་རྗེས་མཚམས་སྦྱོར་བྱེད་དོན། འཕྱོངས་རྒྱས་མིས་ས་གནས་ཀྱི་རིག་གནས་རྔོག་འདོན་དང་མི་རིགས་ཀྱི་ལག་ཤེས་བཟོ་ལས་རྒྱུན་འཛིན་དང་དར་སྤེལ་བྱེད་པ་ནི་ཡུལ་འདིའི་ཡུལ་སྐོར་དར་རྒྱས་སུ་གཏོང་བའི་ཐབས་མཆོག་ཡིན་པ་ཤེས་ཡོད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།