ངོས་དང་པོ > སྐབས་དོན། > རིག་གནས་སློབ་གསོ། > མཚོ་ལྷོ་ཁུལ་གྱིས་མཐོ་རིམ་ལས་རིགས་ལག་རྩལ་སློབ་གླིང་འཛུགས་པར་དཔྱད་ཞིབ་ཐོབ།
མཚོ་ལྷོ་ཁུལ་གྱིས་མཐོ་རིམ་ལས་རིགས་ལག་རྩལ་སློབ་གླིང་འཛུགས་པར་དཔྱད་ཞིབ་ཐོབ།
རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2017-07-27 08:55:00
ཀློག་གྲངས།:
ཉེ་སྔོན། མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིན་གྱིས་ཞིང་ཆེན་ཕྱི་ནང་གི་ཆེད་མཁས་པ་རྩ་འཛུགས་བྱས་ཏེ་མཚོ་ལྷོ་ཁུལ་གྱིས་མཚོ་སྔོན་མི་རིགས་ལས་རིགས་ལག་རྩལ་སློབ་གླིང་འཛུགས་པའི་བྱེད་འཐུས་རང་བཞིན་ལ་ཡུལ་དངོས་དཔྱད་ཞིབ་བྱས་ཤིང་། ཆེད་མཁས་པའི་ཚན་ཆུང་གིས་སྙན་ཞུ་ལ་གསན་པ་དང་། ཡིག་ཆ་ཀློག་པ། ཡུལ་དངོས་ལྟ་ཞིབ་སོགས་རྣམ་པར་བརྒྱུད་མཚོ་སྔོན་མི་རིགས་ལས་རིགས་ལག་རྩལ་སློབ་གླིང་འཛུགས་པའི་གནས་དང་ཆ་རྐྱེན། ཆེད་ལས་སྒྲིག་བཀོད། དགེ་རྒན་གྱི་དཔུང་སྡེ་འཛུགས་སྐྲུན་སོགས་ཀྱི་ཐད་དཔྱད་ཞིབ་བྱས་རྗེས། གཅིག་མཐུན་སྒོས་མཚོ་ལྷོ་ཁུལ་གྱིས་མཚོ་སྔོན་མི་རིགས་ལས་རིགས་ལག་རྩལ་སློབ་གླིང་བཙུགས་ན་ས་གནས་ཀྱི་ཐོན་ལས་གཞན་སྒྱུར་འཕེལ་རྒྱས་དང་བོད་ཁུལ་གྱི་མི་གྲངས་སྤུས་ཚད་མཐོར་འདེགས། དབུལ་ཐར་སྲ་བརྟན། བོད་ཁུལ་གྱི་སྤྱི་ཚོགས་གཏན་འཇགས་བཅས་ལ་ཕན་པ་དང་། མཚོ་སྔོན་ཞིང་ཆེན་སློབ་གསོའི་ལས་དོན“ལྔའི་འཆར་འགོད་བཅུ་གསུམ་པའི”སྤྱིའི་དགོངས་ཚུལ་དང་མཐུན་ཞིང་། སློབ་སྒྲུབ་ཀྱི་ཆ་རྐྱེན་དེ་ཕལ་ཆེར་སློབ་གསོ་པུའི་མཐོ་རིམ་ལས་རིགས་སློབ་གྲྭ་སྒྲིག་བཀོད་ཚད་གཞིར་སླེབས་པ་དང་། རྩ་དོན་ལྟར་མཚོ་ལྷོ་ཁུལ་དུ་མཚོ་སྔོན་མི་རིགས་ལས་རིགས་ལག་རྩལ་སློབ་གྲྭ་འཛུགས་པར་འཐད་པ་བྱུང་།
དུས་མཚུངས་སུ། ཆེད་མཁས་པའི་ཚན་ཆུང་གིས་མཐོ་རིམ་ལག་རྩལ་སློབ་གླིང་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བར་རེ་བ་བཞི་བཏོན། གཅིག་ནི་མཚོ་སྔོན་མི་རིགས་ལས་རིགས་ལག་རྩལ་སློབ་གླིང་འཛུགས་སྐྲུན་བྱ་བ་དང་སློབ་འཛུགས་གོ་རིམ་ཁྲོད་ས་ཞིང་དང་མ་དངུལ། དགེ་རྒན་གྱི་དཔུང་སྡེ་འཛུགས་སྐྲུན་སོགས་ཐད་ཀྱི་རྒྱབ་སྐྱོར་ནུས་ཤུགས་ཆེར་གཏོང་བ། གཉིས་ནི་སྔར་ལས་ལྷག་པར་སློབ་གྲྭའི་སློབ་གཉེར་གནས་བབ་དང་ཁྱད་ཆོས་ངེས་གཏན་དང་། ས་གནས་ཐོན་ལས་འཕེལ་རྒྱས་ལ་བརྟེན་ནས་ཐོན་ལས་དང་སློབ་གསོ་ཟུང་སྦྲེལ་དང་སློབ་གྲྭ་དང་ཁེ་ལས་མཉམ་འབྲེལ་གྱི་ཤུགས་ཇེ་དྲག་ཏུ་བཏང་སྟེ། མཚོ་སྔོན་གྱི་བོད་ཁུལ་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ལ་སྤུས་ཚད་མཐོ་བའི་ལག་རྩལ་ནུས་རྩལ་མི་སྣ་གསོ་སྐྱོང་བྱེད་པ། གསུམ་ནི་དགེ་རྒན་གྱི་དཔུང་སྡེ་དྲག་ཏུ་གཏོང་བ། དགེ་རྒན་གྱི་དཔུང་སྡེ་ཐོན་ཁུངས་རྒྱ་བསྐྱེད་ཅིང་། ཆེད་གཉེར་དགེ་རྒན་བཀོད་སྒྲིག་བྱས་ཏེ། དགེ་རྒན་གྱི་དཔུང་སྡེ་དེ་དེང་རབས་མཐོ་རིམ་ལས་རིགས་སློབ་གསོའི་འཕེལ་རྒྱས་ཀྱི་དགོས་མཁོ་དང་མཐུན་དགོས་པ། བཞི་ནི། སློབ་རའི་རིག་གནས་འཛུགས་སྐྲུན་དང་རིག་གནས་ཀྱིས་མི་གསོ་སྐྱོང་བྱེད་པར་དོ་སྣང་བྱེད་དགོས་པ།
མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིན་གྱི་འགོ་ཁྲིད་ཀྱིས་ཆེད་མཁས་པའི་ཚན་ཆུང་གི་བསམ་འཆར་དངོས་འབེབ་དང་། སྲིད་གཞུང་གི་ཁས་ལེན་གསལ་གཏན། བྱེད་འཐུས་རང་བཞིན་གྱི་ཞིབ་འཇུག་སྙན་ཞུ་འཐུས་ཚང་། མཐོ་རིམ་ལས་རིགས་ལག་རྩལ་སློབ་གླིང་འཁོར་སྐྱོད་མ་བྱས་སྔོན་གྱི་གྲ་སྒྲིག་བྱ་བ་དང་ཁ་གཏད་རོགས་སྐྱོར་ཞིང་ཆེན་གྱི་ཁྱད་འཕགས་འདོན་སྤེལ་སོགས་ཐད་ནས་ཞིབ་ཕྲའི་རེ་བ་བཏོན་ཞིང་། མཐོ་རིམ་ལས་རིགས་ལག་རྩལ་སློབ་གྲྭ་འདི2018ལོའི་སྟོན་བསྡུའི་སྐབས་དངོས་སུ་སློབ་མ་བསྡུ་ཐུབ་པར་ཁག་ཐེག་བྱེད་དགོས་པ་བསྟན།

འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།