༄༅། ། རྒྱལ་ཁའི་ཤིས་འཕྲིན།
འགྱུར་མེད་བརྩོན་པ་ཡུན་ནས་ཡུན་དུ་བསྟེན།།
རྒྱལ་ཁའི་འབྲས་བཟང་འཛིན་མའི་ཁྱོན་ན་རྩེན།།
ཁུལ་ཨུ་དང་ཁུལ་སྲིད་གཞུང་། ཁུལ་སློབ་གསོ་ཅུའུས་ཡང་དག་པའི་སྣེ་ཁྲིད་དང་། སྤྱི་ཚོགས་ཀྱི་ལས་རིགས་སོ་སོས་རྒྱབ་སྐྱོར། སློབ་གྲྭའི་དགེ་སློབ་ཡོངས་ཀྱིས་མཐུན་སྒྲིལ་འབད་བརྩོན་ལ་བརྟེན་ནས་ ད་ལོར་ཡང་བསྐྱར་མཐོ་རྒྱུགས་ལ་གཡུར་ཟའི་གྲུབ་འབྲས་བླངས། ད་ལོར་རང་རེའི་སློབ་གྲྭར་མཐོ་རྒྱུགས་ལ་ཞུགས་མཁན་གྱི་སློབ་མ801ཡོད་ཅིང་། དེའི་ཁྲོད་དུ་རིག་ཚན་གྱི་སློབ་མ401དང་། རྩིས་ཚན་གྱི་སློབ་མ400ཡོད།
ཞིང་ཆེན་ཡོངས་ཀྱི་བོད་ཡིག་གི་རྩིས་ཚན་གྱི་སྐོར།
མཚོ་སྔོན་ཞིང་ཆེན་དུ་རིམ་པ་དང་བོའི་དངོས་གཞིའི་སློབ་མ་སྡུད་ཚད་ཀྱི་གྲངས་ནི51ཡིན། དེའི་ཁྲོད་དུ་རང་རེའི་སློབ་གྲྭའི་སློབ་མ27གྱིས་རྒྱུགས་འཕྲོད་ཅིང་། དེས་སློབ་མ་སྡུད་ཚད་ཀྱི53%ཟིན། ཀྲུང་ དབྱང་མི་རིགས་སློབ་ཆེན་གྱིས་སློབ་མ་སྡུད་ཚད་ཀྱི་གྲངས་ནི21ཡིན། དེའི་ཁྲོད་དུ་རང་རེའི་སློབ་གྲྭའི་སློབ་མ11གིས་རྒྱུགས་འཕྲོད་ཅིང་། དེས་སློབ་མ་སྡུད་ཚད་ཀྱི52.4%ཟིན། རྩིས་ཚན་གྱི་དངོས་གཞིའི་རིམ་པ་གཉིས་པའི་སློབ་མ་སྡུད་ཚད་ཀྱི་གྲངས་ནི317ཡིན། དེའི་ཁྲོད་དུ་རང་རེའི་སློབ་གྲྭའི་སློབ་མ154ཡིས་རྒྱུགས་འཕྲོད་ཅིང་། དེས་སློབ་མ་སྡུད་ཚད་ཀྱི48.6%ཟིན། གྲ་སྒྲིག་གི་སློབ་མ་སྡུད་ཚད་ཀྱི་གྲངས་ནི500ཡིན། དེའི་ཁྲོད་དུ་རང་རེའི་སློབ་གྲྭའི་སློབ་མ95ཡིས་རྒྱུགས་འཕྲོད་ཅིང་། དེས་སློབ་མ་སྡུད་ཚད་ཀྱི19%ཟིན།
ཞིང་ཆེན་ཡོངས་ཀྱི་བོད་ཡིག་གི་རིག་ཚན་གྱི་སྐོར།
མཚོ་སྔོན་ཞིང་ཆེན་དུ་རིམ་པ་དང་བོའི་དངོས་གཞིའི་སློབ་མ་སྡུད་ཚད་ཀྱི་གྲངས་ནི33ཡིན། དེའི་ཁྲོད་དུ་རང་རེའི་སློབ་གྲྭའི་སློབ་མ9ཡིས་རྒྱུགས་འཕྲོད་ཅིང་། དེས་སློབ་མ་སྡུད་ཚད་ཀྱི27.3%ཟིན། ཀྲུང་དབྱང་མི་རིགས་སློབ་ཆེན་གྱིས་སློབ་མ་སྡུད་ཚད་ཀྱི་གྲངས་ནི23ཡིན། དེའི་ཁྲོད་དུ་རང་རེའི་སློབ་གྲྭའི་སློབ་མ4ཡིས་རྒྱུགས་འཕྲོད་ཅིང་། དེས་སློབ་མ་སྡུད་ཚད་ཀྱི17.3%ཟིན། རིག་ཚན་གྱི་དངོས་ གཞིའི་རིམ་པ་གཉིས་པའི་སློབ་མ་སྡུད་ཚད་ཀྱི་གྲངས་ནི320ཡིན། དེའི་ཁྲོད་དུ་རང་རེའི་སློབ་གྲྭའི་སློབ་མ147གྱིས་རྒྱུགས་འཕྲོད་ཅིང་། དེས་སློབ་མ་སྡུད་ཚད་ཀྱི46.6%ཟིན། གྲ་སྒྲིག་གི་སློབ་མ་སྡུད་ཚད་ཀྱི་གྲངས་ནི200ཡིན། དེའི་ཁྲོད་དུ་རང་རེའི་སློབ་གྲྭའི་སློབ་མ22ཀྱིས་རྒྱུགས་འཕྲོད་ཅིང་། དེས་སློབ་མ་སྡུད་ཚད་ཀྱི11%ཟིན།
མི་རིགས་སློབ་མའི་རྒྱུགས་འབྲས་རྒྱའི་སྐར་ཚད་ལྟར་བརྩི་ན། རང་རེའི་སློབ་གྲྭའི་རིག་ཚན་དང་རྩིས་ཚན་གྱི་རྒྱུགས་འཕྲོད་ཚད་ནི100%བསླེབས་ཡོད། སློབ་གྲོགས་བཀྲ་ཤིས་སྐྱིད་ཀྱིས་སྡོམ་སྐར522བླངས་ནས་ཞིང་ཆེན་ཡོངས་ཀྱི་རྩིས་ཚན་གྱི་ཨང་དང་བོའི་འབྲས་བཟང་བླངས་ཤིང་། སློབ་གྲོགས་སྒྲོལ་འཚོ་རྒྱལ་དང་། རིག་འཛིན་འཚོ། སྒྲོལ་མ་སྐྱབས། ཚེ་སྐྱིད་སྒྲོལ་མ་བཅས་ཀྱིས་སོ་སོར་སྡོམ་སྐར501དང494 494 477 བཅས་ཀྱི་འབྲས་བཟང་བླངས་ནས་ཞིང་ཆེན་ཡོངས་ཀྱི་རྩིས་ཚན་གྱི་ཨང་གསུམ་པ་དང་། ལྔ་བ། བརྒྱད་པ་བཅས་བླངས། སློབ་གྲོགས་རྡོ་རྗེ་སྐྱིད་དང་སྒྲོལ་ལྷ། མཁའ་འགྲོ་འཚོ། བཙུན་ཐར་སྐྱིད། རྟ་མགྲིན་འཚོ། རིན་མཚོ་སྐྱིད་བཅས་ཀྱིས་ཀྱང་ཞིང་ཆེན་ཡོངས་ཀྱི་ཨང་དགུ་བ་དང་། བཅུ་བ། བཅུ་གཅིག་པ། བཅུ་གཉིས་པ། བཅུ་གསུམ་པ། བཅུ་བཞི་བ་བཅས་ཀྱི་འབྲས་བཟང་བླངས། རིག་ཚན་གྱི་སློབ་གྲོགས་ཕག་མོ་འཚོ་དང་། ནོར་བུ་ཚེ་རིང་། ལྷ་མོ་འཚོ་དང་། སྙིང་ལྕགས་བཞིས་སོ་སོར་སྡོམ་སྐར553དང་། 543 538 538བཅས་བླངས་ནས་ཞིང་ཆེན་ཡོངས་ཀྱི་ཨང་དྲུག་པ་དང་བཅུ་གཅིག་པ། བཅུ་བཞི་བ་བཅས་ཀྱི་འབྲས་བཟང་བླངས། གཞན་ཡང་ལུས་རྩལ་དང་གླུ་དབྱངས། རི་མོ། ཞབས་བྲོ་བཅས་ཀྱི་དགའ་མོས་འཛིན་གྲྭ་ལས་སློབ་མ3གྱིས་རྒྱའི་དངོས་གཞིའི་སློབ་གླིང་གི་རྩལ་སྦྱོང་གི་ཆེད་ལས་སུ་རྒྱུགས་འཕྲོད་ཅིང་། སློབ་མ8ཀྱིས་རྒྱའི་དངོས་གཞིའི་སློབ་གླིང་གི་རི་མོའི་ཆེད་ལས་སུ་རྒྱུགས་འཕྲོད། སློབ་མ23གྱིས་རྒྱའི་དངོས་གཞིའི་སློབ་གླིང་གི་གླུ་དབྱངས་ཀྱི་ཆེད་ལས་སུ་རྒྱུགས་འཕྲོད།
དེང་འདིར། རང་རེའི་སློབ་གྲྭའི་ཏང་ཨུ་ཧྲུའུ་ཅི། སློབ་གཙོ་འཇིགས་མེད་རྡོ་རྗེ་གཙོ་བྱས་པའི་དགེ་བཟོ་བ་ཡོངས་ཀྱིས་སློབ་གྲྭའི་འཕེལ་རྒྱས་ཀྱི་བྱ་གཞག་ལ་དུས་དང་རྣམ་པ་ཀུན་ཏུ་ཐུགས་འཁུར་དང་། དོ་སྣང་། རྒྱབ་སྐྱོར་གནང་མཁན་གྱི་གོང་རིམ་གྱི་མགོ་འཁྲིད་དང་ལས་ཁུངས། སྤྱི་ཚོགས་ཀྱི་ལས་རིགས་སོ་སོར་བཀྲ་ཤིས་པའི་འཕྲིན་བཟང་འདི་བསྒྲགས་པ་དང་། དེ་དང་ཆབས་ཅིག་ཏུ་ཐེངས་འདིའི་མཐོ་རྒྱུགས་ཀྱི་ཁྲོད་དུ་གཡུར་ཟའི་གྲུབ་འབྲས་བླངས་པའི་སློབ་མ་དང་ཁྱིམ་བདག་ཡོངས་ལ་ལྷག་བསམ་རྣམ་དག་གིས་རྟེན་འབྲེལ་དང་། མཐོ་གསུམ་རིམ་པའི་དགེ་རྒན་ཡོངས་ལ་བླ་མེད་ཀྱི་གུས་འདུད་ཞུའོ།།
ཐེངས་འདིའི་ཕུལ་བྱུང་གི་འབྲས་བཟང་ལེན་པར་འབྲེལ་ཡོད་ལས་ཁུངས་དང་མགོ་འཁྲིད་ཀྱི་ཐུགས་འཁུར་དང་རྒྱབ་སྐྱོར། དགེ་བཟོ་བ་ཡོངས་ཀྱིས་མཐུན་སྒྲིལ་ཧུར་ཐག་དང་། སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་རྣམས་ཀྱིས་ཀྱང་དཀའ་སྤྱད་ཀྱི་གསོ་སྐྱོང་དང་། ཁུལ་ཡོངས་ཀྱི་ལས་རིགས་སོ་སོའི་རོགས་རམ་བཅས་ལ་ཁ་འབྲལ་ཐབས་མེད་པས། ངེད་སློབ་གྲྭས"བློ་སྦྱོང་དང་། གཤིས་བཟང་། དོན་གཉེར། ཉམས་ལེན།"ཞེས་པའི་སློབ་སྒྲུབ་ཀྱི་ཉམས་མྱོང་ལྟར། འབད་པ་ལྷུར་ལེན་དང་། བློ་བརྟན་འགྱུར་མེད། རྣམ་དཔྱོད་རྩལ་གྱིས་འབྲས་བཟང་བསྐྲུན་པ་བཅས་ཀྱི་སྒོ་ནས་སློབ་གྲྭ་འདི་ཉིད་བོད་ཁུལ་གྱི་སློབ་གྲྭ་གྲགས་ཅན་དུ་འགྱུར་བར་འབད་འབུངས་ལྷོད་མེད་བྱའོ།།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com