ནག་ཆུའི་བྱིས་གསོ་ཁང་དང་པོས་སྐབས་གཉིས་པའི་བྱིས་པའི་བོད་སྐད་ཀྱི་ཞེ་ཚིག་གྱེར་འདོན་བྱེད་སྒོ་སྤེལ་བ།
བྱེད་སྒོ་འདིས་ཏང་གི་སྲིད་ཇུས་བཟང་པོས་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་ལ་ཐུགས་ཁུར་དང་གྲངས་ཉུང་མི་རིགས་ཀྱི་བྱིས་པའི་སློབ་གསོ་ལ་མཐོང་ཆེན་བྱས་པ་མཚོན་ཡོད་པ་མ་ཟད། བོད་མི་རིགས་ལ་རྒྱ་ཆེ་ཞིང་གཏིང་ཟབ་པའི་གུས་ལུགས་དང་ཞེ་ཚིག་གི་རིག་གནས་དག་ལོ་ཆུང་བྱིས་པ་ཚོར་ཆུང་དུས་ནས་རྒྱུས་ལོན་དང་སློབ་སྦྱོང་། བཀོལ་སྤྱོད་བཅས་བྱེད་པར་སྐུལ་མ་དང་། གཞན་ད་དུང་ཁྱིམ་བདག་གི་འཐུས་མི་ཚོའི་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་དམངས་ཁྲོད་ཀྱི་རོལ་རྩེད་སྣ་མང་ཡང་བྱེད་སྒོ་འདིའི་ཁྲོད་དུ་བཀོད་སྒྲིག་བྱས་ཡོད་པས། ཁྱིམ་བདག་དང་དགེ་རྒན། བུ་ཕྲུག་བཅས་ཀྱི་བར་ལ་བརྗེ་སྤེལ་གྱི་གར་སྟེགས་གསར་པ་ཞིག་བསྐྲུན་པ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com