༼བོང་སྟག་ཡུལ་གྱི་གཉེན་བཤད༽འགྲེམ་སྤེལ་གྱི་མཛད་སྒོ་ཟི་ལིང་གྲོང་ཁྱེར་དུ་བསྡུས།

རྩོམ་པ་པོ།:དོན་གྲུབ་ཚེ་རིང་། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2017-05-03 09:24:00 ཀློག་གྲངས།:


༼བོང་སྟག་ཡུལ་གྱི་གཉེན་བཤད༽འགྲེམ་སྤེལ་མཛད་སྒོའི་ཡུལ་དངོས།

    ཉེ་ལམ་བོད་ལྗོངས་སློབ་གྲྭ་ཆེན་མོས་བོད་ཀྱི་དམངས་རྩོམ་མྱུར་སྐྱོབ་ལེགས་བསྒྲིགས་ཀྱི་དཔེ་ཚོགས་སུ་བདམས་པའི་བོད་ཀྱི་དམངས་ཁྲོད་གཉེན་བཤད་ཕྱོགས་བསྒྲིགས་ལས༼བོང་སྟག་ཡུལ་གྱི་གཉེན་བཤད་ཀྱི༽དཔེ་དེབ་འགྲེམ་སྤེལ་གྱི་མཛད་སྒོ་དེ་མཚོ་ནུབ་ཁུལ་རྩོམ་རིག་སྒྱུ་རྩལ་ལྷན་ཚོགས་དང་མཚོ་ནུབ་ཁུལ་རྩོམ་པ་པོ་མཐུན་ཚོགས་གཉིས་ཀྱིས་གཙོ་སྒྲུབ་བྱས་འོག་ཟི་ལིང་གྲོང་ཁྱེར་དུ་བསྡུས། 


མཛད་སྒོའི་ཡོལ་བ་ཕྱེ་བཞིན་པའི་ཚུལ།

    ཐེངས་འདིའི་མཛད་སྒོའི་བགྲོ་གླེང་སྟེང་འབྲེལ་ཡོད་ཀྱི་དབུ་ཁྲིད་དང་ཆེད་མཁས་པ།རྩོམ་པ་པོ།སློབ་ཆེན་སློབ་མ་སོགས་མི་སྣ་ལྔ་བཅུ་ཙམ་ཞུགས་ཡོད་ལ།ཁོ་ཚོས་བོང་སྟག་ཡུལ་གྱི་གཉེན་བཤད་འགྲེམ་སྤེལ་གྱི་མཛད་སྒོ་དང་འབྲེལ་བའི་དམངས་སྲོལ་རིག་གནས་སྔོག་འདོན་དང་དར་སྤེལ་གཏོང་བའི་ཕྱོགས་ནས་བགྲོ་གླེང་ཕུན་སུམ་ཚོགས་པ་བྱས། ཐེངས་འདིའི་དཔེ་ཚོགས་འདིར་དམངས་ཁྲོད་ཀྱི་གཉེན་བཤད་དང་བསང་མཆོད།གླུ་གཞས་བཅས་དེབ་དྲུག་ལེགས་སྒྲིག་བྱེད་དང་བྱེད་མུས་སུ་ཡོད་ཅིང་། དེ་ལས་བོད་ཀྱི་དམངས་ཁྲོད་གཉེན་བཤད་ཕྱོགས་བསྒྲིགས་ལ་དབུས་གཙང་གི་གཉེན་བཤད་དང་ཨ་མདོའི་གཉེན་བཤད།  ཁམས་ཀྱི་གཉེན་བཤད་བཅས་རིགས་ཆེན་པོ་གསུམ་གྱིས་གྲུབ་ཡོད། ཨ་མདོའི་གཉེན་བཤད་ཀྱི་ཁོངས་སུ་གཏོགས་པའི་བོང་སྟག་ཡུལ་གྱི་གཉེན་བཤད་འདི་ལ་ལེའུ་ཆེན་པོ་བཅོ་ལྔ་ཡིས་གྲུབ་ཡོད།


བོད་ཀྱི་དམངས་ཁྲོད་གཉེན་བཤད་ཕྱོགས་བསྒྲིགས།

    རྩོམ་པ་པོ་བོང་སྟག་རི་ལུ་ཡིས་བཤད་དོན།བོད་ཀྱི་དམངས་ཁྲོད་གཉེན་བཤད་ཕྱོགས་བསྒྲིགས་ཀྱི་དཔེ་དེབ་འདི་ལ་སྟོད་ཆ་དང་སྨད་ཆ་གཉིས་སུ་ཡོད་པ་དང་།སྟོད་ཆ་ནི་དབུས་གཙང་ས་ཁུལ་གྱི་གཉེན་བཤད་དང་།སྨད་ཆ་རུ་ཨ་མདོའི་བོང་སྟག་ཡུལ་གྱི་གཉེན་བཤད།སི་ཁྲོན་སྨར་ཁམས་སྒང་གི་གཉེན་བཤད་བཅས་བཀོད་ཡོད།དཔེ་དེབ་འདི་ལས་གཙོ་བོ་བོང་སྟག་ས་ཆ་གཙོ་བྱས་ཏེ།ཨ་མདོའི་ཡུལ་གྱི་གཉེན་བཤད་ཀྱི་གོ་རིམ་ཅུང་ཆ་ཚང་བ་ཞིག་རྒྱ་ཆེའི་ཀློག་པ་པོ་དག་གི་སྤྱན་སྔར་ཕུལ་བ་འདིས།ཕྱི་རབས་པ་མང་པོ་ཞིག་གིས་དམངས་སྲོལ་གྱི་རིག་གནས་སྔོག་འདོན་དང་།རྒྱུད་འཛིན།དར་སྤེལ་གཏོང་བ་བཅས་ལ་མེད་དུ་མི་རུང་བའི་རྒྱུ་ཆ་རྨད་དུ་བྱུང་བ་ཞིག་མཁོ་སྤྲོད་བྱས་ཡོད་ལ།འདི་ཡིས་གཅིག་ན་བོད་དམངས་ཁྲོད་ཀྱི་རིག་གནས་མི་ཉམས་དར་སྤེལ་གཏོང་བ་དང་སྒོས་སུ་རང་རེའི་བོང་སྟག་ཁོ་ན་མ་ཡིན་པར་ཨ་མདོའི་ཡུལ་གྱི་ཡུལ་སྲོལ་གོམས་འདྲིས་གཅིག་པའི་ས་ཕྱོགས་མང་པོ་ཞིག་གི་ཕྱི་རབས་པ་དག་གིས་དམངས་སྲོལ་རིག་གནས་སློབ་པའི་རྒྱུ་ཆ་མེད་དུ་མི་རུང་བ་ཞིག་ཏུ་འགྱུར་བར་གོར་མ་ཆག་ལ ངག་རྒྱུན་གྱི་ཚིག་འབྲུ་འདི་དག་ནི་དུས་ཡུན་ངེས་ཅན་ཞིག་འགོར་ན་གསེར་གྱི་རྡོག་པོ་རེ་རེ་ལས་ཀྱང་རིན་ཐང་ཆེ་བ་བརྗོད་དུ་མེད་དོ།། 


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།