མཚོ་ལྷོ་ཁུལ་མཐོ་འབྲིང་དང་པོའི་སློབ་གྲོགས17ལ་ཡིག་གཟུགས་འགྲན་བསྡུར་ཁྲོད་བྱ་དགའ་ཐོབ་པ།
ཁུལ་མི་རིགས་མཐོ་འབྲིང་དང་པོའི་སློབ་གྲོགས17ལ་རྒྱལ་ཡོངས་ཀྱི་དྲ་ཐོག་ཡིག་གཟུགས་སྒྱུ་རྩལ་འགྲན་བསྡུར་ཁྲོད་བྱ་དགའ་ཐོབ་པ།
ཚན་རྩལ་ཤེས་རིག་གི་རླབས་ཕྲེང་ཀུན་ནས་གཡོ་ཞིང་སྣ་ཚོགས་ཤེས་བྱའི་ཀློང་བརྡོལ་བའི་དེང་གི་དུས་འདིར་མཚོ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་དང་པོས་ཐུན་མོང་མ་ཡིན་པའི་སློབ་སྒྲུབ་ཁྱད་ཆོས་ཀྱིས་སྣ་དྲངས། མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་དར་སྤེལ་བྱེད་པ་གཞི་བྱས། དེང་རབས་ཀྱི་སློབ་གསོའི་ཆོས་ཉིད་ཀྱིས་ཟུར་བརྒྱན་ཏེ་ཕྱོགས་ཡོངས་ནས་སློབ་རའི་རིག་གནས་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་བྱས་དང་བྱེད་མུས་སུ་ཡོད། སྤྱི་ལོ2015ལོ་ནས་རང་རེའི་སློབ་གྲྭའི་རྒན་ཀུན་བཟང་དོན་གྲུབ་ལགས་ཀྱིས་གསེར་ལས་དཀོན་པའི་ངལ་གསོའི་དུས་ཚོད་བློས་བཏང་ནས་ཕྱི་དྲོའི་བསླབ་ཕྱིའི་དུས་ཚོད་བེད་སྤྱད་ནས་ཆེད་དུ་ཡིག་གཟུགས་དགའ་མོས་འཛིན་གྲྭ་བསྡུས་ཤིང་བོད་ཀྱི་སྲོལ་རྒྱུན་གྱི་ཐུན་མོང་མ་ཡིན་པའི་ཕྱག་རྒྱུན་གྱི་མན་ངག་ན་ཆུང་སློབ་བུ་རྣམས་ཀྱི་བསམ་བློའི་རྒྱགས་ཕྱེ་རུ་བསྩལ་བ་དང་། རྒན་ཁོང་གིས་གཞན་ཕན་གྱི་ལྷག་བསམ་དཀར་པོ་རྒྱུད་ལ་བཅིངས་ཤིང་། དཀའ་སྡུག་གི་རྔུལ་ཆུ་མང་པོ་ཐོད་ལ་བསུས་པའི་འབྲས་རྟགས་སུ2016ལོའི་རྒྱལ་ཡོངས་ཀྱི་དྲ་ཐོག་ཡིག་གཟུགས་སྒྱུ་རྩལ་འགྲན་བསྡུར་སྐབས་གཉིས་པའི་ཁྲོད་སློབ་བུ་པདྨ་དབང་གྲགས་དང་པདྨ་དངོས་གྲུབ་གཉིས་ལ་བྱ་དགའ་ཨང་དང་པོ་དང་། གུ་རུ་མཚོ་སོགས་སློབ་གྲོགས3ལ་བྱ་དགའ་ཨང་གཉིས་པ། ཀུན་མཚོ་སྐྱིད་སོགས་སློབ་གྲོགས5ལ་བྱ་དགའ་ཨང་གསུམ་པ། མ་ནེ་འཚོ་སོགས་སློབ་གྲོགས7ལ་ཕུལ་བྱུང་བྱ་དགའ་ཐོབ་པས། བོད་མི་རིགས་ཀྱི་རྩམ་དྲི་དང་མར་དྲི་མ་ཡལ་བའི་སྲོལ་རྒྱུན་རིག་གནས་མ་ཉམས་གོང་དུ་སྤེལ་བར་ནུས་པ་བླ་ལྷག་ཐོན་ཡོད་པ་མ་ཟད། སློབ་རའི་རིག་གནས་འཛུགས་སྐྲུན་ལ་མཛེས་སྡུག་གསར་བ་ཞིག་གི་ཁ་དོག་བསྣན་ཡོད།
བྱ་དགའ་ཐོབ་མཁན་གྱི་སློབ་མའི་མིང་ཐོ།
བྱ་དགའི་དཔང་ཡིག
བྱ་དགའ་ཐོབ་མཁན་གྱི་སློབ་གྲོགས།
འགྲན་ཞུགས་བརྩམས་ཆོས།
འགྲན་ཞུགས་བརྩམས་ཆོས།
འགྲན་ཞུགས་བརྩམས་ཆོས།
འགྲན་ཞུགས་བརྩམས་ཆོས།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com