ངོས་དང་པོ > སྐབས་དོན། > རིག་གནས་སློབ་གསོ། > མཚོ་ནུབ་ཁུལ་དུ༼མི་རིགས་མཐུན་སྒྲིལ་རྟགས་མའི༽སོག་བོད་ཀྱི་ཡིག་གཟུགས་གསོ་སྦྱོང་འཛིན་གྲྭ་སྤེལ་བ།
མཚོ་ནུབ་ཁུལ་དུ༼མི་རིགས་མཐུན་སྒྲིལ་རྟགས་མའི༽སོག་བོད་ཀྱི་ཡིག་གཟུགས་གསོ་སྦྱོང་འཛིན་གྲྭ་སྤེལ་བ།
རྩོམ་པ་པོ།:བོང་སྟག་རི་ལུ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2016-11-25 09:03:00
ཀློག་གྲངས།:
མཚོ་ནུབ་ཁུལ་གྱི་སྐབས་དང་པོའི་སོག་བོད་ཀྱི་ཡིག་གཟུགས་གསོ་སྦྱོང་འཛིན་གྲྭ་སྤེལ་བ།
མཚོ་ནུབ་ཁུལ་རིག་གནས་ལུས་རྩལ་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་དང་མཚོ་ནུབ་ཁུལ་རྩོམ་རིག་སྒྱུ་རྩལ་ལྷན་ཚོགས་གཉིས་ཀྱིས་གཙོ་སྒྲུབ་དང་། མཚོ་ནུབ་ཁུལ་མང་ཚོགས་སྒྱུ་རྩལ་ཁང་གིས་འགན་སྒྲུབ་བྱས་པའི་མཚོ་ནུབ་ཁུལ་གྱི་སྐབས་དང་པོའི་མི་རིགས་མཐུན་སྒྲིལ་རྟགས་མའི་སོག་བོད་ཀྱི་ཡིག་གཟུགས་གསོ་སྦྱོང་འཛིན་གྲྭ་དེ་སོ་སོར་ཐེམ་ཆེན་རྫོང་མི་རིགས་སློབ་འབྲིང་གཉིས་པ་དང་གཏེར་ལེན་ཁ་གྲོང་ཁྱེར་སོག་རིགས་སློབ་འབྲིང་གཉིས་ནས་སྤེལ།ཐེངས་འདིའི་གསོ་སྦྱོང་འཛིན་གྲྭ་འདི་གཉིས་ལ་སློབ་གྲྭ་འདི་གཉིས་ཀྱི་སློབ་མ་དག་གཙོ་བྱས་ཏེ་ཡིག་གཟུགས་ལ་དགའ་མཁན་གྱི་མི་སྣ་སྐོར་ཞིག་ཞུགས་ཡོད་ལ། ཡིག་གཟུགས་ལ་མཁས་པའི་དགེ་རྒན་རེ་འགའ་གདན་ཞུ་བྱས་ཏེ། དུས་ཡུན་ཉིན་གཉིས་ཀྱི་གསོ་སྦྱོང་འཛིན་གྲྭ་བསྡུས།
ཐེངས་འདིའི་གསོ་སྦྱོང་འཛིན་གྲྭ་འདི་ནི་རང་ཁུལ་ནས་སྤེལ་བའི་བོད་སོག་གི་ཡིག་གཟུགས་གསོ་སྦྱོང་འཛིན་གྲྭ་ཐོག་མ་ཡིན་ལ། གསོ་སྦྱོང་འཛིན་གྲྭ་འདི་གཉིས་བརྒྱུད་ནས། དེང་རབས་ཀྱི་གཞོན་སྐྱེས་མང་པོ་ཞིག་གིས་རང་མི་རིགས་ཀྱི་མཁས་པ་དག་གི་ཕྱག་རྒྱུན་ལས་ཐོན་པའི་ཡིག་གཟུགས་ཀྱི་དགེ་མཚན་མཐོང་བར་མ་ཟད། དེ་ལ་དུས་དང་རྣམ་པ་ཀུན་ཏུ་བཀུར་བརྩི་བྱས་ཏེ་ཡིག་གཟུགས་སྒྱུ་རྩལ་གྱི་རྣམ་པ་འདི་སྔར་ལས་ཇེ་ལེགས་ཇེ་རྒྱས་སུ་གཏོང་བར་ངོས་ཟིན་གང་ལེགས་ཤིག་ཐོབ་ཏུ་བཅུག
མཚོ་ནུབ་ཁུལ་མང་ཚོགས་སྒྱུ་རྩལ་ཁང་གི་ཆོས་བཟང་མགོན་པོ་ཡིས་བཤད་དོན། ཐེངས་འདིའི་གསོ་སྦྱོང་འཛིན་གྲྭ་འདི་བརྒྱུད་ནས་སློབ་མ་དག་གི་ཡིག་གཟུགས་ཇེ་ལེགས་སུ་གཏོང་བར་རྨང་གཞི་བརྟན་པོ་ཞིག་བཏང་བར་མ་ཟད། ཡིག་གཟུགས་ལ་དགའ་བའི་འདུ་ཤེས་ཇེ་དྲག་ཏུ་བཏང་ལ། རྗེས་ཕྱོགས་འདི་ལྟ་བུའི་བྱ་འགུལ་གང་མང་སྤེལ་རྩིས་ཡོད་ཟེར།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།