ཁྲི་ཀ་རྫོང་གུང་གཞོན་ཚོགས་ཨུས་འབུད་རྡུང་དཀྲོལ་གསུམ་གྱི་བྱ་འགུལ་སྤེལ་བ།

རྩོམ་པ་པོ།:སྟག་རིག་འབྲུག་ཐར། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2016-10-17 09:09:00 ཀློག་གྲངས།:


ཁྲི་ཀ་རྫོང་གུང་གཞོན་ཚོགས་ཨུས་འབུད་རྡུང་དཀྲོལ་གསུམ་གྱི་བྱ་འགུལ་སྤེལ་བ།

      སྤྱི་ཟླ10བའི་ཚེས13ཉིན་གྱི་ཕྱི་དྲོར། ལོ་ཆུང་གདོང་ལེན་རུ་ཁག་བཙུགས་ནས་ལོ་འཁོར67འཁོར་བར་དགའ་སྟོན་རྟེན་འབྲེལ་ཞུ་ཆེད། ཁྲི་ཀ་རྫོང་གུང་གཞོན་ཚོགས་ཨུའི་རྩ་འཛུགས་འོག ཁྲི་ཀ་རྫོང་རྨ་སྲིབ་སློབ་ཆུང་དུ་ཆུང་འབྲིང་སློབ་མའི་འབུད་རྡུང་དཀྲོལ་གསུམ་གྱི་བྱ་འགུལ་ཞིག་སྤེལ་ཞིང་། ཚོགས་ཐོག་ཏུ་ཁྲི་ཀ་རྫོང་གུང་གཞོན་ཚོགས་ཨུའི་ཧྲུའུ་ཅི་གཙོ་བྱས་པའི་མགོ་ཁྲིད་འགའ་དང་རྫོང་སློབ་གསོ་ཅུའུ་ཡི་འབྲེལ་ཡོད་མགོ་ཁྲིད། སློབ་གྲྭ་ཁག་གི་སློབ་གཙོ་བཅས་ཞུགས་པ་རེད།


བྱ་འགུལ་ལ་ཞུགས་པའི་ན་ཆུང་གདོང་ལེན་རུ་ཁག

      2016ལོའི་ལོ་སྟོད་དུ་མཚོ་སྔོན་ཞིང་ཆེན་གུང་གཞོན་ཚོགས་ཨུས་ཁྲི་ཀ་རྫོང་སློབ་གསོ་སྡེ་ཁག་གི་སློབ་གྲྭ་བཅུ་ཕྲག་ལ་རྔ་བོ་ཆེ་དང་རྔ་ཆུང་། སྦུབ་ཆ། དམག་དུང་། གྱོན་པ། ད་དུང་ཕང་ཕིང་སྟེགས་བུ་དང་བྱ་སྒྲོའི་སྤོ་ལོ་སོགས་སློབ་གྲྭའི་ཡོ་ཆས་གསར་པ་མང་པོ་ཞིག་གནང་སྦྱིན་བྱས་པས། རེབ་འདིའི་བྱ་འགུལ་འདི་ནི་ལོ་ཆུང་གདོང་ལེན་རུ་ཁག་བཙུགས་ནས་ལོ་འཁོར༦༧འགོར་བར་དགའ་སྟོན་རྟེན་འབྲེལ་ཞུ་ཆེད་ལ་དམིགས་པ་མ་ཟད་ཕྱོགས་གཞན་ཞིག་ནས་སློབ་གྲྭ་སོ་སོར་གནང་སྦྱིན་བྱས་པའི་སློབ་གྲྭའི་ཡོ་ཆས་འདི་དག་ལ་དཔྱད་ཞིབ་ཐེངས་ཤིག་བྱས་པའང་རེད།
     རེབ་འདིའི་བྱ་འགུལ་ལ་ཁྲི་ཀ་རྫོང་གི་ཆུང་འབྲིང་སློབ་གྲྭ་བདུན་ཞུགས་ཡོད་ཅིང་། སློབ་གྲྭ་སོ་སོས་ཟླ་དྲུག་པ་ནས་བཟུང་དུས་ཚོད་མང་པོ་སྤྱད་དེ་འབུད་རྡུང་དཀྲོལ་གསུམ་ཐད་དུ་ཆེད་ལས་དགེ་རྒན་གདན་འདྲེན་བྱས་ནས་སྦྱོང་བརྡར་དཔྱིས་ཕྱིན་པ་བྱས་པ་རེད།


བྱ་འགུལ་གྱི་ཡུལ་དངོས།

མཉམ་པར།

     ཕྱི་དྲོར། རྨ་ནུབ་སློབ་ཆུང་ནས་ཚོགས་རའི་མགོ་མཇུག་བར་གསུམ་དུ་ན་ཆུང་སློབ་མས་མདོ་འཛིན་བྱས་ཤིང་། ཐོག་མར་གུང་གཞོན་ཚོགས་པའི་ཚོགས་གླུ་དང་བརྒྱུད་གུང་གཞོན་ཚོགས་མི་གསར་བ་ཞུགས་པའི་བྱེད་སྒོ་སྤེལ། དེའི་འཕྲོར་སློབ་གྲྭ་རེ་རེ་བཞིན་ཡིད་འགུག་པའི་མདོ་འཛིན་གྱི་བཀོད་སྒྲིག་འོག་ཏུ་འགྲན་ཞུགས་པ་རྣམས་ཀྱིས་ལུས་ལ་འཕྱོར་སྒེག་གི་ལྭ་བ་གོན་ཏེ་གོམ་པའི་འདེགས་འཇོག་གསལ་ཞིང་གྲལ་འགྲིག་པ། གསོན་ཤུགས་མངའ་པ་ཞིག་རེད། སློབ་གྲྭ་རང་གི་ཁྱད་ཆོས་དོད་པའི་འགྲན་སྡུར་གྱི་སྤྱིའི་ཆ་ནས་བལྟས་ཚེ། བཀོད་འདོམས་དགེ་རྒན་གྱི་ཁྲིད་ལེགས་ཤིང་འབུད་རྡུང་དཀྲོལ་གསུམ་གྱི་རྡུང་ཡག་པའི་མི་ཚད། སློབ་གྲྭ་རེ་རེས་འབུད་རྡུང་དཀྲོལ་གསུམ་གྱི་གོ་རིམ་ཁྲོད་དུ་ལོ་ཆུང་གདོང་ལེན་ཚོའི་བློ་ཁ་དང་འཚམ་པའི་ཉི་གཞོན། མེ་ཏོག འཁོར་ལོ་སོགས་རིས་དབྱིབས་སྣ་ཚོགས་བཟོས་འོང་ལ། ད་ལོའི་མི་རིགས་མཐུན་སྒྲིལ་ལ་གཞོལ་བའི་ཁ་གཡང་དྲོན་མོའང་ལྷང་ལྷང་དུ་སྒྲོག་ཅིང་མི་རིགས་མཐུན་སྒྲིལ་གྱི་རི་མོའང་སྣ་ཚོགས་བཟོས་ཡོད་པ་རེད། 

     སློབ་གྲྭ་སོ་སོའི་གཅིག་ལས་གཅིག་ལྷག་གི་ངོ་མཚར་འགྲན་སྡུར་བརྒྱུད། མཇུག་མཐར་སློབ་གྲྭ་སོ་སོའི་འཐུས་ཚབ་དཔྱད་འདེམ་པའི་འདྲ་མཉམ་དྲང་བཞག་གི་དཔྱད་བསྡུར་དང་བསྟུན་ཏེ་རྨ་ཤར་བཅའ་སྡོད་སློབ་གྲྭས་ཨང་དང་པོའི་བྱ་དགའ་བླངས་པ་དང་། ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭ་དང་རྨ་སྲིབ་སློབ་ཆུང་གཉིས་ལ་ཨང་གཉིས་པའི་བྱ་དགའ་ཐོབ་ཅིང་། རྨ་སྲིབ་བཅའ་སྡོད་སློབ་གྲྭ་དང་རྨ་ནུབ་བཅའ་སྡོད་སློབ་གྲྭ ཁྲེ་ཙེ་ཞོལ་མའི་སློབ་ཆུང་བཅས་ཀྱིས་ཨང་གསུམ་པའི་བྱ་དགའ་བླངས་ཤིང་དཀར་བརྗིད་སློབ་ཆུང་ལ་ཕུལ་བྱུང་རྩ་འཛུགས་ཀྱི་བྱ་དགའ་གནང་བ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།