ངོས་དང་པོ > སྐབས་དོན། > རིག་གནས་སློབ་གསོ། > ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭས《མཐུན་སྒྲིལ་རང་སྒྲ》ཞེས་པའི་ཟླ་མཇུག་དགོང་ཚོགས་བསྡུས་པ།
ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭས《མཐུན་སྒྲིལ་རང་སྒྲ》ཞེས་པའི་ཟླ་མཇུག་དགོང་ཚོགས་བསྡུས་པ།
རྩོམ་པ་པོ།:སྟག་རིག་འབྲུག་ཐར།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2016-09-28 09:19:00
ཀློག་གྲངས།:
ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭས་ཟླ་མཇུག་དགོང་ཚོགས་བསྡུས་པ།
སྙན་མོ་ངག་གི་འགྱུར་ཁུགས།
ལྡེམ་མྱུར་གར་གྱི་སྟངས་སྟབས།
ལྡེམ་མྱུར་གར་གྱི་སྟངས་སྟབས།
མདོ་འཛིན་པ་གཉིས་ཀྱི་སྨྲ་ལྕེ་གློག་དམར་འཁྱུག་འདྲའི་མགོ་རྩོམ་གཏམ་བཤད་སྙན་མོ་བརྒྱུད་དེ་གཅིག་ལས་གཅིག་ལྷག་གི་གླུ་གར་གཞས་གསུམ་གྱིས་ལྟད་མོ་བ་སྟོང་ཕྲག་གསུམ་ལྷག་གི་ཡིད་དབང་ཅིག་ཅར་དུ་འཕྲོག་པར་བྱས། ལྷག་པར་ཕ་ཡུལ་ཡུལ་ཤུལ་ནས་འདི་གར་སློབ་གཉེར་དུ་ཐོན་པའི་གླུ་བ་ཆུང་ཆུང་སྐར་མ་དཔལ་ལྡན་གྱི་སྐད་ངག་གི་འགྱུར་ཁུགས་དང་ཕྱིའི་ལུས་ཀྱི་མཛེས་སྡུག་གི་ཉམས་འགྱུར་ཕྲ་མོས་རྟེན་འབྲེལ་བཟང་པོ་ཞེས་པའི་གླུ་དབྱངས་སྙན་མོ་ཞིག་བླངས་པར་ལྟད་མོ་བ་མང་པོའི་ཡིད་སེམས་ཅིག་ཅར་དུ་འཕྲོག་པར་བྱས། མ་ཟད་སློབ་གསོའི་ནུས་པ་ཐོན་པའི་འཁྱམ་པའི་བུ་ཆུང་དང་སློབ་མ་བཟང་ངན་གཉིས་ཞེས་པའི་བཞད་གར་དང་ཁ་ཤགས་གཉིས་ཀྱིས་ཀྱང་དགེ་སློབ་ཚང་མར་ཧབ་ཆ་རྒྱག་ཏུ་བཅུག་ལ། བསམ་གཞིག་གི་སྒོ་མོའང་རང་བྱུང་དུ་ཕྱེ་བར་བྱས། ད་དུང་མི་རིགས་སོ་སོའི་ཁྱད་ཆོས་མངོན་པའི་ཞབས་བྲོ་རེ་རེ་སློབ་གྲོགས་ཚང་མའི་སྟངས་སྟབས་ཀྱི་འགྲོས་ལ་བཀོད་དེ་འཁྲབ་པར། ཆུ་ལ་ཆུ་བཞག་གི་ཚུལ་དུ་དགོང་ཚོགས་ཀྱི་ཚོགས་ར་ཟིང་ཆ་ཅན་དང་རྣམ་པ་འཁྲུག་ཆ་ཅན་དུ་བསྒྱུར། མདོར་དེད་ན་ཐེངས་འདིའི་དགོང་ཚོགས་ཀྱིས་སློབ་གྲྭའི་དགེ་སློབ་ཡོངས་ཀྱི་འབྱུང་འགྱུར་སློབ་རའི་རིག་གནས་ལ་གསོན་ཤུགས་དང་རེ་ཕུགས་གསར་བ་མངོན་པར་སྐུལ་འདེད་ཀྱི་ནུས་པ་བླ་ལྷག་ཐོན་ཡོད་དོ།།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།