མང་རྫོང་གིས་ཉི་གཞོན་བོད་སྐད་ཡིག་རྨང་ནུས་གསོ་སྦྱོང་འཛིན་གྲྭ་བསྡུས་པ།

རྩོམ་པ་པོ།:གངས་བསོད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2016-08-04 10:37:00 ཀློག་གྲངས།:


ཐེངས་འདིའི་གསོ་སྦྱོང་གི་ཡུལ་དངོས།


མང་རྫོང་གི་རྫོང་དཔོན་ཆེ་གཞོན་དང་སློབ་གསོའི་སྡེ་ཁག་གི་དབུ་ཁྲིད་ལྷན་རྒྱས་ཡུལ་དངོས་སུ་གཟིགས་ཞིབ་ཏུ་ཕེབས།


ཡིག་གཟུགས་སློབ་ཁྲིད་ཀྱི་ཡུལ་དངོས།


ཡིག་གཟུགས་སློབ་ཁྲིད་ཀྱི་ཡུལ་དངོས།


ཡིག་གཟུགས་སློབ་ཁྲིད་ཀྱི་ཡུལ་དངོས།


ཡིག་གཟུགས་སློབ་ཁྲིད་ཀྱི་ཡུལ་དངོས།

     ཉེ་སྔོན། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་མང་རྫོང་སློབ་གསོ་ཅུའུ་ཡིས་ཉིན20རིང་གི་གུང་གསེང་གི་དུས་ཚོད་བེད་སྤྱད་དེ་མང་རྫོང་གི་སློབ་གསོ་སྔར་ལས་ལྷག་པའི་འབྱུང་སྤུས་ཅན་དང་དུས་རབས་ཅན། ནུས་ལྡན་ཅན་དུ་སྤེལ་སླད། སློབ་སྔོན་སློབ་གསོ་ཕུད་པའི་དམའ་འབྲིང་ཚན་པ་དང་། མཐོ་འབྲིང་ཚན་པ། དེར་མ་ཟད་བོད་ཡིག་དགེ་རྒན་ཡང་ཚུད་པའི་མང་རྫོང་ཉི་གཞོན་བོད་སྐད་ཡིག་རྨང་ནུས་གསོ་སྦྱོང་འཛིན་གྲྭ་བསྡུས་ཤིང་། རྫོང་དཔོན་ཆེ་གཞོན་དང་། སློབ་གསོ་ཅུའུ། སློབ་གསོ་ལྟ་ཁུལ་ཁང་སོགས་ལས་ཁུངས་ཀྱི་འབྲེལ་ཡོད་འགོ་ཁྲིད་ཐེངས་འདིའི་མཛད་སྒོར་ཞུགས།
     དེའི་ནང་དུ་སློབ་གྲྭ་ཆུང་འབྲིང་གི་སློབ་མ་དག་ལ་རང་གི་རིན་ཐང་རྟོགས་ཐབས་དང་། རང་ངོས་ཟིན་ཐབས། བོད་སྐད་ཡིག་ལ་དགའ་སྣང་སློང་བ། ཚིག་གྲུབ་བཟོ་བ། ཀུན་སྤྱོད་སློབ་གསོ། ཉིན་ཐོ་དང་རྩོམ་ཡིག་ཇི་ལྟར་འབྲི་བའི་སྐོར་ལ་རྨེ་རུ་སོན་གསར་ནས་སློབ་ཁྲིད་གནང་བ་དང་། སྔ་ཕྱིར་མཚོ་སྔོན་གྱི་སློབ་གྲྭ་ཆུང་འབྲིང་ཁག་ཏུ་བོད་ཀྱི་ཡིག་གཟུགས་འཛིན་སྐྱོང་སྤེལ་བ་ལ་ཤ་རུས་ཐིག་པར་ལག་རྗེས་ཅི་ནུས་སུ་བཞག་དང་འཇོག་བཞིན་པའི་གཙང་བྲིས་ཡིག་རྒྱུན་རྒྱུན་འཛིན་པ་ལྷ་ཁང་བློ་བཟང་རྡོ་རྗེའི་དངོས་སློབ་དང་ཁོང་གི་ཕྱག་རྒྱུན་འཛིན་པ་སྔ་བ་ན་གཞོན་ཡིག་མཁན་ཟུར་གཙང་གཡང་འབུམ་ལགས་གདན་ཞུ་བྱས་ཏེ་གཙང་བཀྲ་ཤིས་ལྷུན་པོ་དགོན་གྱི་བྲིས་རྒྱུན་ལས་ཚུགས་ཆེན་གྱི་སྨྱུག་ཁ་བཟོ་ལུགས་ནས་བརྩམས་ཏེ་གདབ་ཐིག་འཐེན་སྟངས། སྨྱུག་རིམ་མིང་དང་བཅས་པ་ཞིབ་ཕྲའི་ལམ་ནས་བོད་རང་གི་སྲོལ་རྒྱུན་ལྟར་སྦྱང་ཤིང་སྟེང་ལ་ཇི་ལྟ་བུར་སྦྱང་བ་བྱེད་ཚུལ་སོགས་དཔེ་མཁྱུད་དང་རང་བཟོ་མ་ཡིན་པར་ཏན་ཏན་ཏིག་ཏིག་གིས་ཁུངས་ལ་བཅོལ་ནས་སློབ་ཁྲིད་གནང་།
     ཐེངས་འདིའི་གསོ་སྦྱོང་ལ་རྫོང་དཔོན་ཆེ་གཞོན་དང་། སློབ་གསོ་ཅུའུ། སློབ་གསོ་ལྟ་ཁུལ་ཁང་། དེ་མིན་སྤྱི་ཚོགས་སྟེང་ནས་ཚད་མཐོ་བའི་གདེང་འཇོག་དང་གཟེངས་བསྟོད་མི་དམན་པ་ཞུ་བཞིན་ཡོད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།