ཡོངས་འཛིན་བོད་ཡིག་འཚོལ་བཤེར་ཚོད་གཏོང་བརྡ་ཁྱབ།
རྩོམ་པ་པོ།:བདེ་ཆེན་མཚོ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2016-08-02 09:47:00
ཀློག་གྲངས།:
འདས་ཟིན་པའི་ལོ་ངོ་གསུམ་གྱི་རིང་མི་རིགས་ཀྱི་རིག་གནས་འཛིན་སྤེལ་གྱི་འགན་འཁྲི་མ་བསྐུལ་སྒོས་ཕྲག་ཏུ་བླངས་ཤིང་དཀའ་བ་སྟོང་ཕྲག་གདོང་གིས་བསུས་ནས་བོད་ཡིག་འཚོལ་བཤེར་མ་ལག་ཅིག་ཀུན་གྱི་མཐོང་ལམ་དུ་མངོན། ཡིན་ཡང་། ཡོངས་འཛིན་འཚོལ་བཤེར་འདི་ཡང་འཇིག་རྟེན་གྱི་ཆོས་ཀུན་ལས་མ་འདས་པར་མེད་པ་ནས་ཡོད་པ་དང་། དེ་ནས་རིམ་བཞིན་འཚར་ལོངས་འབྱུང་བའི་ཆོས་ཉིད་ཅིག་བརྒྱུད་དགོས་པས། མིག་སྔའི་ཡོངས་འཛིན་འཚོལ་བཤེར་ནི་གསར་དུ་འབུས་པའི་མྱུ་གུ་ཇི་བཞིན་མ་འོངས་པར་འཛམ་གླིང་ཆ་འཕྲིན་གྱི་གཤིན་ས་རུ་རྩ་བ་ཚུགས་ཤིང་འདབ་བརྒྱ་ལྷུག་པོར་གྲོལ་དགོས་ན།ད་རུང་ལོ་ཟླ་འཁོར་འགྲོས་ཀྱི་ཁུགས་དཀྱོགས་གང་མང་མང་ཞིག་བརྒྱུད་དགོས་ལ། བོད་ཀྱི་རིག་གནས་ཀྱི་ཉིང་བཅུད་སྲོག་རྩར་བརྒྱུས་པའི་ཡོངས་འཛིན་འཚོལ་བཤེར་ནི་མི་གཅིག་གམ་ཡང་ན་ཚོགས་པ་གཅིག་ལ་དབང་བ་མ་ཡིན་པར། བོད་ཡིག་སྤྱོད་བཞིན་པའི་དྲ་དམངས་ཡོངས་ཀྱི་ཐུན་མོང་གི་རིག་གནས་ཀྱི་སྟེགས་བུ་ཞིག་ཡིན་གཤིས། ང་ཚོས་རྡོག་རྩ་གཅིག་སྒྲིལ་དང་ཕྱར་བ་གྲུ་འདེགས་སྒོས་ཡོངས་འཛིན་འཚོལ་བཤེར་མདུན་སྐྱོད་ཀྱི་ལམ་ཁ་ཇེ་ཡངས་དང་ཇེ་སྙོམ་དུ་གཏང་དགོས།
གཞན་ཡོངས་འཛིན་འཚོལ་བཤེར་ལ་སྤོ་སྒུལ་སྣེ(APP)དང་དྲ་ངོས་སྣེ(PC)གཉིས་ཡོད་ཅིང་། སྤོ་སྒུལ་སྣེའི་པར་གཞི་དེ་ད་ལྟ་ད་རུང་ཇུས་འགོད་དང་ལེགས་སྒྲིག་བྱེད་བཞིན་པའི་སྒང་ཡིན་པས། རྒྱ་ཆེའི་དྲ་དམངས་རྣམས་ཀྱིས་དྲ་ངོས་སྣེ་སྟེ(www.yongzin.com)བརྒྱུད་ནས་བཀོལ་སྤྱོད་དང་འཚོལ་བཤེར་བྱ་རོགས།
དེ་བས། རྒྱ་ཆེའི་དྲ་དམངས་རྣམས་ཀྱིས་ཚོད་གཏོང་དུས་ཡུན་ནང་། ཡོངས་འཛིན་འཚོལ་བཤེར་ལ་དོ་སྣང་ཆེས་ཆེར་གནང་བར་མཁྱེན། ངེད་ཀྱིས་ཡོངས་འཛིན་འཚོལ་བཤེར་གྱི་ཚོད་གཏོང་གནས་ཚུལ་དང་ཁྱེད་ཀྱི་བསམ་འཆར་ལྟར་ལེགས་བཅོས་དང་འཐུས་ཚང་དུ་གཏོང་ངེས།
འབྲེལ་གཏུག་བྱ་ཡུལ། 0974-8522228
གློག་རྡུལ་ཡིག་ཟམ། amdotibet@163.com
མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་བོད་ཡིག་ཆ་འཕྲིན་ལག་རྩལ་ཞིབ་འཇུག་ལྟེ་གནས་ནས།
2016ལོའི་ཟླ8པའི་ཚེས2ཉིན།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།