མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་བཙུགས་ནས་ལོ་འཁོར40ལོན་པའི་རྟེན་འབྲེལ་བཞུགས་མོལ་ཚོགས་འདུ་བསྡུས་པ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་བོད་སྐད་རྒྱང་སྒྲོག་དྲ་བ། དུས་ཚོད།:2016-07-23 10:30:00 ཀློག་གྲངས།:

ཚོགས་འདུའི་ཡུལ་དངོས།
བཞུགས་མོལ་ཚོགས་འདུའི་སྟེང་ཕེབས་པའི་འབྲེལ་ཡོད་འགོ་ཁྲིད་དག


ལོ་ངོ་སུམ་ཅུའི་ཡན་ལ་ལས་བསྒྲུབ་གནང་མྱོང་བའི་ལས་བྱེད་མི་སྣར་གཟེངས་རྟགས་བསྩལ་བ།


གདན་ཞུའི་ལས་ཁུངས་དང་སྐུ་མགྲོན་རྣམས།


ཚོགས་འདུའི་ཡུལ་དངོས།

མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་བཙུགས་ནས་ལོ་འཁོར40ལོན་པའི་རྟེན་འབྲེལ་བཞུགས་མོལ་ཚོགས་འདུ་ཟི་ལིང་དུ་བསྡུས།

    སྤྱི་ཟླ7པའི་ཚེས22ཉིན་གྱི་སྔ་དྲོའི་ཆུ་ཚོད9:00ཡི་སྟེང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་བཙུགས་ཏེ་ལོ་འཁོར40ལོན་པའི་བཞུགས་མོལ་ཚོགས་འདུ་དེ་མཚོ་སྔོན་གྲོས་ཚོགས་ལྟེ་གནས་སུ་བསྡུས།
     ཐེངས་འདིའི་ཚོགས་འདུའི་སྟེང་མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་སུའུ་ཉིན་དང་རྒྱལ་ཁབ་གསར་འགྱུར་པར་སྐྲུན་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ཅུའུ་པར་སྐྲུན་དོ་དམ་ཟིའི་ཟི་ཀྲང་ཀྲིག་ཧོས་ལིན། གྲངས་འཛིན་པར་སྐྲུན་ཟིའི་བརྟག་དཔྱད་པ་གཞོན་པ་ཚའེ་ཅིན་ཧྲིན། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པའི་འགན་བཞེས་མྱོང་པའི་བློ་མཐུན་སྐལ་བཟང་རྡོ་རྗེ། མཚོ་སྔོན་ཞིང་ཆེན་རིག་གནས་དང་གསར་འགྱུར་པར་སྐྲུན་ཐིན་གྱི་ཐིན་ཀྲང་གཞོན་པ་ལོས་ཞ། ད་དུང་རྒྱལ་ཡོངས་ཀྱི་པར་སྐྲུན་ཁང30ལྷག་གི་འགོ་གཙོ་དང་རྩོམ་སྒྲིག་པ། རང་ཞིང་གི་འབྲེལ་ཡོད་ལས་ཁུངས་ཀྱི་འགོ་གཙོ། དེ་བཞིན་རྩོམ་པ་པོའི་འཐུས་ཚབ་སོགས་སྐུ་མགྲོན150ཐེངས་འདིའི་གྲོས་ཚོགས་ལ་ཞུགས།
     ཚོགས་འདུའི་སྟེང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གི་འགོ་གཙོ་ཆི་ཀྲིན་ཞན་གྱིས་ཚོགས་འདུར་གཙོ་སྐྱོང་གནང་ཞིང་། མཚོ་སྔོན་ཞིང་ཆེན་རིག་གནས་དང་གསར་འགྱུར་པར་སྐྲུན་ཐིན་གྱི་ཐིན་ཀྲང་གཞོན་པ་ལོས་ཞ་དང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གི་སྤྱིའི་རྩོམ་སྒྲིག་གཞོན་པ་བསོད་ནམས་ཚེ་རིང་། པར་སྐྲུན་ལས་བྱེད་མི་སྣའི་འཐུས་ཚབ་ཀྲང་ཧུང་། རྩོམ་པ་པོའི་འཐུས་ཚབ་འཇུ་སྐལ་བཟང་བཅས་ཀྱིས་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གི་ལོ་ངོ་བཞི་བཅུའི་རིང་གི་མཚར་སྡུག་གི་འབྲས་བུ་ཞིབ་བརྗོད་བྱས་ལ། རྒྱལ་ཁབ་གསར་འགྱུར་པར་སྐྲུན་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ཅུའུ་པར་སྐྲུན་དོ་དམ་ཟིའི་ཟི་ཀྲང་ཀྲིག་ཧོས་ལིན་གྱིས་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་མི་རིགས་ཀྱི་རིག་གནས་དང་སྤྱི་ཚོགས་འཕེལ་རྒྱས་ལ་བྱས་རྗེས་བླ་མེད་བཞག་པར་གདེང་འཇོག་ཚད་མཐོན་པོ་གནང་བར་མ་ཟད། མ་འོངས་མདུན་སྐྱོད་ཀྱི་ལམ་ཁ་ཡངས་པར་བློ་འདོན་ལེགས་པོ་བྱས།
     ཚོགས་འདུའི་སྟེང་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་ལོ་ངོ་སུམ་ཅུ་ལྷག་གི་རིང་དཀའ་སྤྱད་འབད་བརྩོན་གྱིས་ལས་བསྒྲུབ་གནང་མྱོང་བའི་ལས་བྱེད་མི་སྣ་དག་ལའང་གཟེངས་རྟགས་གནང་།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།