བོད་ཡིག་གི་སྒྲ་ལྡན་འགེལ་ཐང་ཐོག་མ《དབྱངས་གསལ་ངོས་འཛིན》བཀྲམ་པ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2016-06-22 09:57:00 ཀློག་གྲངས།:

བོད་ཡིག་གི་སྒྲ་ལྡན་འགེལ་ཐང་ཐོག་མ་ལྷ་ས་ནས་བཀྲམ་པ།
བོད་ཡིག་གི་སྒྲ་ལྡན་འགེལ་ཐང་ཐོག་མ་ལྷ་ས་ནས་བཀྲམ་པ།

     ཉེ་སྔོན། བོད་ཡིག་སྒྲ་ལྡན་འགེལ་ཐང་ཐོག་མ《དབྱངས་གསལ་ངོས་འཛིན》ཞེས་པ་འདི་ལྷ་ས་རུ་བཀྲམ་ཞིང་། མཚོ་སྔོན་ཨ་ཁུ་སྟོན་པ་རིག་གནས་སྒྱུ་རྩལ་ཚད་ཡོད་ཀུང་ཟིས་ལོ3ནས་ལོ6བར་གྱི་བྱིས་པ་དག་ལ་དམིགས་ནས་བཟོས་ཤིང་། བོད་ཡིག་ཐོག་མར་སློབ་མཁན་གཞན་དག་གིས་ཀྱང་རང་སྦྱོང་གི་བསླབ་གཞིར་སྤྱད་ཆོག
     འགེལ་ཐང་འདི་ལ་ཡི་གེ་དང་། སྒྲ འབུར་གཟུགས་རི་མོ་གསུམ་ག་ལྡན་པས་བྱིས་པར་སྦྱང་བའི་འདུན་པ་ཆེར་བསྐྱེད་ཐུབ་ལ་སྦྱོང་བྱའི་ཡུལ་ངེས་བདེ་བའི་ཁྱད་ཆོས་དུ་མ་ལྡན། དབྱངས་གསལ་གྱི་དཔེར་བརྗོད་དུ་བཀོད་པའི་མིང་རེ་རེ་ནི་སྔར་ཡོད་ཀ་མད་དཔེ་རིས་དག་དཔྱད་གཞིར་བཟུང་ཞིང་རྣམ་དཔྱོད་ཅན་གྱི་དགེ་རྒན་དུ་མར་སློབ་སྟོན་ཞུས་ནས། གཅིག་ནས་གཙོ་བོ་བྱིས་པའི་འཚོ་བའི་ཁྲོད་འདྲིས་ཆེ་བ་དང་། གཉིས་ནས་མིང་གི་དོན་མཚོན་རི་མོ་དག་རང་མཚན་ཅན་ཡིན་པས་ངེས་བདེ་བ། གསུམ་ནས་མིང་དང་རི་མོ་གཉིས་ངེས་པ་ལ་ཕན་ཚུན་གཞོགས་འདེགས་ཀྱི་ནུས་པ་མངོན་པར་གསལ་བ་བཅས་གནད་དུ་བཟུང་ནས་བསྒྲིགས།
     སྤྱོད་སྟངས་ཐད་ལ། མཐེབ་དང་པོ(གློག་སྒོ)ལ་མནན་ན་ཀློག་འདོན་གྱི་སྒྲའི་གློག་སྒོ་འབྱེད་ཐུབ་ལ། གློག་སྒོ་རྒྱག་བྱེད་ཀྱི་མཐེབ་ཀྱང་འདི་ཡིན། མཐེབ་གཉིས་པ་དང་གསུམ་པ(སྒྲ+སྒྲ-)གཉིས་ནི་གློག་འདོན་གྱི་སྒྲའི་ཤུགས་ཆེ་ཆུང་ལ་ཚོད་འཛིན་བྱེད། མཐེབ་བཞི་བ(སློབ་སྦྱོང)ལ་མནན་ནས་ཡིག་འབྲུ་རེའི་འོག་གི་གནོན་མཐེབ་ལ་མནན་ན་ཡིག་འབྲུ་གང་དེའི་སྒྲ་འབྱིན་ཐུབ(འདིས་ཀློག་འདོན་མཐེབ་ཀུན་ལ་རིགས་སྒྲེས)། མཐེབ་ལྔ་བ( ཡིག་ཚད)ལ་མནན་ན་བྱ་རིམ་གྱི་གཏན་སྲོལ་ལྟར། ཡིག་འབྲུ་གང་ཞིག་གང་དུ་ཡོད་མེད་སོགས་ཀྱི་དྲི་བ་འདོན་པ་ལྟར་དེར་ལན་བཏབ་ནས་ཡིག་ཚད་གཏོང་ཆོག  མཐེབ་དྲུག་པ(ཀློག་པ)ལ་མནན་ན་ཀ་ནས་ཨོ་བར་དབྱངས་གསལ་ཆ་ཚང་རང་འགུལ་ངང་འདོན་པས་རྗེས་ཟློས་ཀྱི་ཚུལ་དུ་བསྐྱར་སྦྱོང་བྱེད་ཆོག  མཐེབ(སྦྱོར་ཀློག)ལ་མནན་ན་རི་མོའི་འོག་གི་མིང་དག་སྦྱོར་ཀློག་བྱེད་ཐུབ། གཤམ་གྱི(གླུ་དབྱངས)ཞེས་པར་མནན་ན་གསལ་བྱེད་སུམ་ཅུའི་གཞས་གཏོང་ཐུབ་པ་བཅས་སོ། །
     མཚོ་སྔོན་ཨ་ཁུ་སྟོན་པ་རིག་གནས་སྒྱུ་རྩལ་ཚད་ཡོད་ཀུང་ཟིས། བྱིས་པའི་རྩེད་ཆས་གཙོས་པའི་བོད་ཀྱི་ལག་ཤེས་ཐོན་རྫས་དང་། སྲོལ་རྒྱུན་རིག་གནས་ཀྱི་སྨྱན་མཛོད་འཚོལ་སྒྲིག བརྡ་ཁྱབ་ཇུས་འགོད་སོགས་ཀྱི་ལས་གཉེར་བཞིན་པས། རྣམ་པ་ཚོས་ཐོན་རྫས་འདི་བེད་སྤྱོད་གཏོང་བར་དགའ་བསུ་ཞུ།
 

 

 

 

འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།