ངོས་དང་པོ > སྐབས་དོན། > རིག་གནས་སློབ་གསོ། > རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་དྲ་ཐོག་འགྲེམ་སྟོན་ཆེན་མོའི་བྱ་འགུལ་བརྡ་ཡིག
རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་དྲ་ཐོག་འགྲེམ་སྟོན་ཆེན་མོའི་བྱ་འགུལ་བརྡ་ཡིག
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2016-06-14 09:30:00
ཀློག་གྲངས།:
བོད་ཀྱི་ཡིག་གཟུགས་ལ་བྲིས་རྒྱུན་གྱི་རྣམ་གྲངས་མང་ཞིང་། བྱུང་འཕེལ་གྱི་ལོ་རྒྱུས་རིང་བ་དང་། ཐུན་མིན་མཛེས་དཔྱོད་གྱི་རིན་ཐང་ལྡན་པ་བཅས་ཀྱི་ཆ་ནས་བོད་ཀྱི་ཤེས་ཡོན་པ་ཀུན་གྱིས་རང་གི་ཡིག་གཟུགས་འདི་བཅུ་ཕྲག་རིག་གནས་ཁྲོད་ཀྱི་མུ་ཏིག་གཅིག་ཏུ་ངེས་འཛིན་གནང་པ་དང་། ལོ་ངོ་འདི་དག་རིང་བོད་མདོ་དབུས་ཁམས་གསུམ་གྱི་ཡིག་གཟུགས་མཁས་དབང་དང་དྲ་གྲོགས་ཡོངས་ནས་བོད་ཀྱི་ཡིག་གཟུགས་རྒྱུད་འཛིན་དར་སྤེལ་ལ་དཀའ་སྤྱད་འབད་བརྩོན་དང་ངལ་བ་ལྷུར་ལེན་བྱེད་བཞིན་པའི་སྐབས་སུ། བོད་ཀྱི་ཡིག་གཟུགས་དྲ་བས་མུ་འབྲེལ་དྲ་བའི་ཐུན་མོང་མ་ཡིན་པའི་ནུས་པ་སྔོག་འདོན་བྱས་ནས། དུས་ཚོད་དང་བར་སྟོང་གི་ཚད་བཀག་ལས་བརྒལ་ཏེ《ཐོན་མིའི་ཡིག་རྒྱུན》བོད་ཀྱི་ཡིག་གཟུགས་དྲ་ཐོག་འགྲེམ་སྟོན་ཆེན་མོ་ཞེས་པའི་བྱ་འགུལ་ཞིག་སྤེལ་རྒྱུ་ཡིན་པས། མདོ་དབུས་ཁམས་གསུམ་གྱི་བྲིས་པ་རྣམས་འགྲན་སྡུར་ལ་ཞུགས་པར་དགའ་བསུ་ཞུ།
གཅིག བྱ་འགུལ་གྱི་མིང་།
《ཐོན་མིའི་ཡིག་རྒྱུན》རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་དྲ་ཐོག་འགྲེམ་སྟོན་ཆེན་མོ།
གཉིས། བྱ་འགུལ་གྱི་དམིགས་ཡུལ་དང་དོན་སྙིང་།
བྱ་འགུལ་འདི་བརྒྱུད་དེ་བོད་ཀྱི་ཡིག་གཟུགས་རིག་གནས་རྒྱུད་འཛིན་དང་འཕེལ་རྒྱས། ཕྱི་རབས་བྲིས་པ་བསྐྱེད་བསྲིང་། ཡིག་གཟུགས་སྒྱུ་རྩལ་གྱི་བསམ་བློ་བརྗེ་རེས། ཡིག་གཟུགས་ཀྱི་མཛེས་དཔྱོད་ལྟ་བ་དང་རིན་ཐང་གི་ལྟ་བ་མཐོར་འདེགས་གཏོང་རྒྱུ་བཅས་ཡིན།
གསུམ། བྱ་འགུལ་རྩ་འཛུགས་ལས་ཁུངས།
གཙོ་སྒྲུབ་ལས་ཁུངས། བོད་ཀྱི་ཡིག་གཟུགས་དྲ་བ།
རོགས་སྒྲུབ་ལས་ཁུངས། ཀན་ལྷོ་ཀླུ་ཆུ་རྫོང་རིག་གནས་ཁང་། ཀླུ་ཆུ་རྫོང་ཡིག་གཟུགས་མཐུན་ཚོགས།
བཞི། བྱ་འགུལ་གྱི་དུས་བཅད།
བརྩམས་ཆོས་བསྡུ་ཡུན་ཟླ་གཉིས་དང་དཔྱད་བསྡུར་དང་དཔྱད་འདེམ་ཟླ་གཅིག གོང་གཤམ་དང་མཐའ་རྒྱན་སྤྲོས་ཡུན་ཉིན་ཉི་ཤུ། དྲ་ཐོག་འགྲེམ་སྟོན་དུས་ཡུན་ཟླ8ལྟར་བྱས་ན།
2016ལོའི་ཟླ6པའི་ཚེས14ཉིན་ནས་བཟུང་ཟླ8པའི་ཚེས13བར་བརྩམས་ཆོས་བསྡུ་རྒྱུ་དང་།
ཟླ8པའི་ཚེས19ཉིན་ནས་ཚེས28བར་ཐོག་མའི་དཔྱད་འདེམས་བྱ་རྒྱུ།
ཟླ8པའི་ཚེས29ཉིན་ཟླ9བའི་ཚེས17ཉིན་བར་དྲ་ཐོག་དཔྱད་འདེམ་དགེ་རྒན་གྱིས་སྐར་མ་རྒྱག་པ་དང་མང་ཚོགས་ཀྱིས་དྲ་ཐོག་འདེམ་ཤོག་འཕེན་རྒྱུ།
ཟླ9བའི་ཚེས18ནས་ཟླ10བའི་ཚེས7བར་བྱ་དགའ་ཐོབ་པའི་བརྩམས་ཆོས་ལ་གོང་གཤམ་འདོག་རྒྱུ།
ཟླ10བའི་ཟླ་སྟོད་དུ་བྱ་དགའ་གནང་བའི་མཛད་སྒོ་སྤེལ་རྒྱུ་དང་དྲ་ཐོག་འགྲེམ་སྟོན་གྱི་སྒོ་མོ་འབྱེད་རྒྱུ།
ལྔ། འགྲན་ཞུགས་པས་དོ་སྣང་བྱ་ཡུལ།
1 འགྲན་ཞུགས་བརྩམས་ཆོས་ངེས་པར་དུ་བོད་ཡིག་ཡིག་གཟུགས་ཡིན་དགོས།
2 བྲི་གཞི་བོད་ཤོག་དང་རྒྱ་ཡུལ་ནས་ཐོན་པའི་ཤན་ཤོག(宣纸)གང་རུང་ཡིན་དགོས།
3 བྲི་གཞིའི་ཆ་ཚད་ལ་གཅིག་གྱུར་གྱི་ཚད་ལྡན་ཤན་ཤོག་ཡིན་ཚེ་ཁྲི་ཙེ་བཞི་ཅན་ལས་མི་ཆུང་བ་དང་། བོད་ཤོག་གམ་རང་གིས་དྲས་ཁ་བརྒྱབ་པའི་ཤན་ཤོག་ཡིན་ཚེ་སྲིད་ལ་ལི་རྨིད66དང་ཞེང་ལ་ལི་རྨིད130ལས་ཆུང་མི་རུང་།
4 བརྩམས་ཆོས་ཀྱི་ནང་དོན་རྒྱལ་ཁབ་ཀྱི་ཁྲིམས་དང་མཐུན་ལ། སྤྱི་ཚོགས་ཡར་སྐུལ་གྱི་རང་བཞིན་ལྡན་དགོས།
5 འགྲན་ཞུགས་བརྩམས་ཆོས་ཚང་མ་རང་ཉིད་ཀྱིས་དངོས་སུ་གསར་རྩོམ་བྱས་པ་ལས་གཞན་རྩོམ་མམ་པར་དབང་རྩོད་གཞི་ཡོད་པ་ཡིན་མི་རུང་། གལ་ཏེ་དེ་ཕྱོགས་ཀྱི་གནད་དོན་ཡོད་ཚེ་འགྲན་ཞུགས་དབང་ཆ་ལེན་རྒྱུ།
6 བྱ་འགུལ་གྱི་མཐུན་རྐྱེན་ལ་འགྲན་ཞུགས་པ་མི་རེས་སྒོར80སྤྲོད་དགོས།
7 འགྲེམ་སྟོན་ལ་ཞུགས་པའི་བརྩམས་ཆོས་ཚང་མ་བོད་ཀྱི་ཡིག་གཟུགས་དྲ་བས་ཉར་ཚགས་བྱ་རྒྱུ་ལས་རྩོམ་པ་པོར་ཕྱིར་བསྐུར་རྒྱུ་མིན།
དྲུག དཔྱད་འདེམ་རྒྱུད་རིམ་དང་བྱ་དགའི་རྣམ་གྲངས།
ཐེངས་འདིའི་འགྲན་བསྡུར་གྱི་དཔྱད་འདེམ་བརྒྱུད་རིམ་ནི་ཐོག་མའི་དཔྱད་འདེམ་དང་རྟིང་རྩོད་དཔྱད་འདེམ་གཉིས་ཡིན་ལ། རྟིང་རྩོད་ཀྱི་སྐབས་སུ་དཔྱད་འདེམ་དགེ་རྒན་གྱི་དཔྱད་བསྡུར་སྐར་མ95%དང་། དྲ་ལམ་འདེམ་ཤོག་གི་སྐར་མ5%ཡི་བསྡུར་ཚད་ལྟར་ཨང་དང་པོ་དང་གཉིས་པ་གསུམ་པ། ཕུལ་བྱུང་བྱ་དགའ་དང་། འགྲེམ་སྟོན་གྱི་ཁེ་དབང་ཐོབ་པའི་བརྩམས་ཆོས་བཅས་རིགས་ལྔ་ལ་དགར་ནས་འགྲན་ཞུགས་མི་གྲངས་སྤྱིའི16%ལ་བྱ་དགའ་སྟེར་རྒྱུ་དང་། འགྲན་ཞུགས་མི་གྲངས་སྤྱིའི46%གི་བརྩམས་ཆོས་དྲ་ལམ་ནས་འགྲེམ་སྟོན་བྱ་རྒྱུ། ཨང་དང་པོ་ལ་བྱ་དགའི་དམངས་སྒོར2000དང་བྱ་དགའི་རྟགས་མ་གཅིག བྱ་དགའ་ཐོབ་པའི་དཔང་ཡིག་བཅས་རིགས་གསུམ་ཡོད། ཨང་གཉིས་པ་ལ་བྱ་དགའི་དམངས་སྒོར1500དང་བྱ་དགའི་རྟགས་མ་གཅིག བྱ་དགའ་ཐོབ་པའི་དཔང་ཡིག་གཅིག་བཅས་རིགས་གསུམ་ཡོད། ཨང་གསུམ་པ་ལ་བྱ་དགའི་དམངས་སྒོར1000དང་བྱ་དགའི་རྟགས་མ་གཅིག བྱ་དགའི་དཔང་ཡིག་གཅིག་བཅས་རིགས་གསུམ་ཡོད། ཕུལ་བྱུང་བྱ་དགའ་ལ་བྱ་དགའ་ཐོབ་པའི་དབང་ཡིག་སྟེར་རྒྱུ། གཞན་གོང་སྨྲས་ཀྱི་ཨང་དང་པོ་དང་གཉིས་པ་གསུམ་པ་ཐོབ་མཁན་གྱི་རྩོམ་པ་པོར་བོད་ཀྱི་ཡིག་གཟུགས་དྲ་བ་ནས་ཡོན་མེད་པར་མི་སྒེར་འགྲེམ་སྟོན་ཁང་འབྱེད་པའི་ཁེ་དབང་བྱིན་རྒྱུ།
བདུན། དཔྱད་འདེམ་པའི་རྩ་འཛུགས་དང་དཔྱད་འདེམ་རྩ་དོན།
བྱ་འགུལ་གྱི་དཔྱད་འདེམ་རྩ་འཛུགས་ནི་བོད་ལྗོངས་དང་། མཚོ་སྔོན། ཀན་སུའུ། སི་ཁྲོན། ཡུན་ནན་བཅས་ནས་གདན་ཞུ་བྱས་པའི་ཡིག་གཟུགས་ཆེད་མཁས25ལས་གྲུབ་པ་དང་། དཔྱད་འདེམ་བྱ་བའི་ཐོག་མཐའ་བར་གསུམ་དུ་གཟབ་ནན་ཏན་ཏིག་དང་དངོས་ཐོག་བདེན་འཚོལ། རྒྱུ་འབྲས་ལུགས་མཐུན། ཤན་འབྱེད་དྲང་བདེན་བཅས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱ་རྒྱུ།
བརྒྱད། བརྩམས་ཆོས་དང་རོགས་དངུལ་སྐུར་ཡུལ།
1 བརྩམས་ཆོས་སྐུར་ཡུལ།
ས་གནས། ཀན་ལྷོ་ཁུལ་ཀླུ་ཆུ་རྫོང་རྒྱང་བསྒྲགས་བརྙན་འཕྲིན་ཅུས།(甘肃省甘南州碌曲县文广局)
དཔལ་མགོན་ཚེ་རིང་། ཁ་པར་ཨང་གྲངས། 13893945552
སྦྲག་ཨང་། 747200
2 དངུལ་བྱང་།
ཀྲུང་གོའི་ཞིང་ལས་དངུལ་ཁང་ཀླུ་ཆུ་ཡན་ལག་དངུལ་ཁང་། དཔལ་མགོན་ཚེ་རིང་།(开户行: 中国农业银行碌曲支行 用户名: 华贡才让)
དངུལ་བྱང་། 622848 4050 1547 38919
འགྲན་ཞུགས་རོགས་དངུལ་སྤྲད་པའི་དངུལ་ཁང་གི་འཛིན་ཡིག་བརྩམས་ཆོས་དང་ལྷན་དུ་སྐུར་དགོས་ལ་བརྩམས་ཆོས་བསྡུ་མཚམས་ནི་བརྩམས་ཆོས་སྐུར་ཉིན་ཀྱི་སྦྲག་སྲིད་ཟླ་ཚེས་ལྟར་བརྩི་རྒྱུ།

འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།