མགོ་ལོག་ས་ཁུལ་གྱི་ཆུང་འབྲིང་སློབ་གྲྭར་རིམས་ནད་འགོག་པའི་འཆད་ཁྲིད་སྤེལ།
གོང་རིམ་སྡེ་ཁག་གི་རྩ་འཛུགས་ལྟར་མགོ་ལོག་རྟ་བོ་ས་ཁུལ་གྱི་སློབ་གྲྭ་ཆུང་འབྲིང་ཁག་གི་དགེ་སློབ་ཡོངས་ལ་ལུས་ཕུང་རྟག་དཔྱད་བྱས་མཐར། སྤྱིར་བཏང་དང་སྤྱིར་བཏང་མ་ཡིན་པའི་རིམས་ནད་འདུག་པའི་སྣང་ཚུལ་ཅུང་ཚབས་ཆེ་བས། ཉེ་སྔོན། མགོ་ལོག་ཁུལ་རྨ་ཆེན་རྫོང་འཕྲོད་བསྟེན་ཅུའུ་ཡིས་མཚོ་སྔོན་ཞིང་ཆེན་རིམས་ནད་སྔོན་འགོག་ཚོད་འཛིན་ལྟེ་བའི་དགེ་རྒན་ཆེན་མོའམ་ཆེད་མཁས་པ་མ་པེན་ཀྲོང་གདན་དྲངས་ནས་རིམས་ནད་སྔོན་འགོག་བྱ་བའི་ཟབ་སྦྱོང་འཛིན་གྲྭ་ཞིག་བཙུགས།
དེར་མགོ་ལོག་ས་ཁུལ་གྱི་འཕྲོད་བསྟེན་སྡེ་ཁག་གི་ལས་བཟོ་བ་དང་། སློབ་གྲྭ་ཁག་གི་སློབ་གཙོ་གཙོས་པའི་འཛིན་བདག་དགེ་རྒན100ལྷག་རིམས་ནད་སྔོན་འགོག་གི་ཟབ་སྦྱོང་འཛིན་གྲྭར་ཞུགས་ལ། དགེ་རྒན་ཆེན་མོའམ་ཆེད་མཁས་པ་མ་པེན་ཀྲོང་གིས་རིམས་ནད་སྔོན་འགོག་སྐོར་གྱི་རྒྱུན་ཤེས་ཏེ། ལུས་ཕུང་སྦྱོང་བརྡར་དང་བཟང་བཏུང་སྤྱོད་ལམ། འགྲོ་འདུག་ཉལ་ཆགས། གཙང་སྦྲ་དཀྱིལ་སྙིང་དུ་འཛིན་དགོས་པའི་སྐོར་གྱི་ཤེས་བྱ་ཁ་གསལ་གོ་བདེའི་ངང་ཁྲིད་སྟོན་མཛད་པས། རྗེས་ཕྱོགས་ཕྱོགས་ཡོངས་ནས་མི་ལུས་བདེ་ཐང་དང་བདག་སྐྱོང་ཐད་གོ་རྟོགས་དང་ངེས་ཤེས་མི་དམན་པ་བསྐྱེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com