འཇམ་དབྱངས་རྒྱ་མཚོས་མགོ་ལོག་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་གི་སྐད་གཉིས་དགེ་རྒན་ལ་འཆད་ཁྲིད་གནང་བ།

རྩོམ་པ་པོ།:བློ་བཟང་ཆོས་འཛིན། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2016-06-06 09:43:00 ཀློག་གྲངས།:
     མགོ་ལོག་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་གི་སློབ་གཙོ་བསོད་ནམས་དཔལ་ལྡན་གྱི་ཐུགས་ཁུར་དང་ལྷག་བསམ་ལས། སྤྱི་ཟླ6པའི་ཚེས1ཉིན།ཀན་སུའུ་རྒྱལ་མོ་དགོན་པའི་དགེ་བའི་བཤེས་གཉེན་ཆེན་མོ་ལྷ་རམས་པ་འཇམ་དབྱངས་རྒྱ་མཚོ་གདན་དྲངས་ཏེ་ཉིན་གསུམ་གྱི་རིང་ལ་ཉིན་གོང་གི་ཆ་དང་དགོང་མོའི་དུས་ཚོད་བེད་སྤྱད་ནས་ཇོ་བོ་རྗེ་ཡི《བྱང་ཆུབ་ལམ་གྱི་སྒྲོན་མའི》སྟེང་དགེ་རྒན་རྣམས་ལ་ཁྲིད་དང་གདམས་པ་གནང་།
     དེ་ཡང་གཙོ་བོར། གཞུང་ཕར་ཕྱིན་དྲུག་ལས་བྱམས་པ་དང་སྙིང་རྗེ། བཟོད་པའི་རང་བཞིན་བཅས་རང་སེམས་འདུལ་བར་ཐབས་ཤེས་ཟུང་འབྲེལ་བྱེད་དགོས་པ་དང་། འཇིག་རྟེན་མི་ཆོས་གཙོས་པའི་ཚེ་འདི་ཕྱིའི་ལེགས་ཉེས་བླང་དོར་གྱི་གནད་འབྱེད་རྒྱུ། ནང་བསམ་པའི་ཀུན་སློང་རྣམ་པར་དག་པས་སློབ་གཉེར་དཔེ་ཁྲིད་ཀྱི་ལས་ལ་འཇུག་དགོས་པ་ལ་སོགས་གདམས་ངག་བསམ་གྱིས་མི་ཁྱབ་པ་གནང་བས། དེ་འདྲའི་ཐོས་བསམ་བྱེད་པའི་སྐལ་བའི་དུས་གླགས་འདི་ནི་ང་ཚོའི་སྐྱེ་བ་སྔོན་བསགས་ཀྱི་ལས་འབྲས་ཤིག་དང་། ཚེ་འདི་ཡི་བསོད་ནམས་ཀྱི་ཚོགས་བསགས་ལས་མ་འདས། དེ་ཕྱིར་དགེ་རྒན་ཡོངས་ནས་དད་པའི་སྤུ་ལོང་རབ་ཏུ་གཡོ་ཞིང་ལག་ཟུང་ཐལ་མོ་སྙིང་ཁར་སྦྱར་ཏེ་གོ་རིམ་ལྡན་ཞིང་སྒྲིག་གཞི་ཡོད་པའི་འཆད་ཁྲིད་ཡོངས་སུ་རྫོགས་པར་བྱས།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།