ཁྲི་ཀ་རྫོང་གུང་གཞོན་ཚོགས་པས2016ལོའི་ལྔ་བཞིའི་གཟེངས་བསྟོད་དང་རིག་རྩལ་འཁྲབ་སྟོན་སྤེལ།

རྩོམ་པ་པོ།:སྟག་རིག་འབྲུག་ཐར། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2016-05-13 09:13:00 ཀློག་གྲངས།:

     ལྔ་བཞིའི་ལས་འགུལ་ལོ་འཁོར97འགོར་བར་དྲན་གསོ་ཞུ་ཆེད་དང་རྫོང་ཡོངས་ཀྱི་གུང་གཞོན་ཚོགས་མིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་གསར་བར་བསྐྱོད་པར 2016ལོའི་རྫོང་ཡོངས་ཀྱི་སྔོན་ཐོན་ན་གཞོན་དཔུང་སྡེ་དང་སྔོན་ཐོན་མི་སྣར་གཟེངས་བསྟོད་ཚོགས་འདུ་དང་། ཁྲི་ཀ་རྫོང་ཐོག་གི་སློབ་གྲྭ་ལྔ་དང་གྲོང་རྡལ་ལྔ་བཅས་ལས་ཁུངས་བཅུས་རིག་རྩལ་འཁྲབ་སྟོན་འགྲན་བསྡུར་གྱི་བྱ་འགུལ་གཉིས་མཉམ་གཅིག་ཏུ་སྤྱི་ཟླ5བའི་ཚེས4ཉིན་ཁྲི་ཀ་རྫོང་གི་ཚོགས་འདུ་ལྟེ་གནས་སུ་གཟབ་རྒྱས་ངང་བསྡུས།

      ཁྲི་ཀ་རྫོང་གི་གུང་གཞོན་ཚོགས་པས་འདྲ་མཉམ་དང་དྲང་བཞག་བརྒྱུད་དེ་སློབ་གྲྭ་སོ་སོ་དང་གྲོང་རྡལ་སོ་སོའི་ལོ་གཅིག་གི་བྱ་བའི་རྣམ་འགྱུར་ལ་དཔག་སྟེ་སྔོན་ཐོན་ཐུན་མོང་སྡེ་ཁག་དང་སྔོན་ཐོན་མི་སྒེར་བཅས་ལ་གཟེངས་རྟགས་གནང་སྟེ་བྱ་བར་བློ་དཀར་ཞིང་བརྩོན་པ་ལྷུར་ལེན་བྱེད་པའི་དཔེ་ལེགས་ལས་ཁུངས་དང་དཔེ་ལེགས་མི་སྣར་རྫོང་ཡོངས་ཀྱི་གུང་གཞོན་ཚོགས་མི་ཚང་མས་སྐུད་པ་ཡར་འཁེལ་དང་ཁ་མིག་ཡར་ལྟ་བྱས་ཏེ་ཁོ་ཚོའི་སྙིང་སྟོབས་དང་བརྩོན་སེམས་ལ་སློབ་སྦྱོང་། དཔའ་ངར་ཞུམ་མེད་ངང་མདུན་དུ་བསྐྱོད་པའི་སྤོབས་པ་ཡི་རང་བྱེད་པའི་མངོན་ཚུལ་བསྟན།
      གཟེངས་རྟགས་བྱ་དགའ་གནང་ཚར་རྗེས། ལས་ཁུངས་སོ་སོས་བོད་རིགས་ཞབས་བྲོ་དང་སོག་རིགས་ཞབས་བྲོ། དེང་རབས་ཞབས་བྲོ། རྒྱ་གར་ཞབས་བྲོ། རྒྱན་གོས་ཤོམ་སྟོན། དམངས་གླུ་བཅས་གང་བཟང་གང་ཡག་གི་ལྟད་མོ་གྱ་ནོམ་པ་བསྟན་པར། ཚོགས་རའི་ཁྱོན་ཡོངས་ཀི་འབོད་ཀྱི་ལྡིར་སྒྲ་དང་དགའ་བསུའི་ཐལ་མོ་རྡེབ་སྒྲས་ཁེངས་པས་ཚོགས་རའི་ཁྱོན་ཀུན་འཁྲུག་ཆ་དོད་པར་བཟོས།

      མཇུག་མཐར། རེབ་འདིའི་དཔྱད་འདེམས་པའི་འདྲ་མཉམ་དང་དྲང་བདེན་གྱི་སྐར་འགོད་བརྒྱུད།  རྨ་སྲིབ་སློབ་ཆུང་གི་བྱིས་པའི་ཞབས་བྲོ་ལ་ཨང་དང་པོའི་བྱ་དགའ་ཐོབ་པ་དང་། ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭའི་གངས་ལྗོངས་ཀྱི་རྣམ་ཤེས་ཞེས་པའི་བོད་རིགས་ཞབས་བྲོ་ལ་ཨང་གཉིས་པའི་བྱ་དགའ་ཐོབ་པ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།