རྩོམ་པ་པོ་ཆུང་ཆུང་མིང་ཅན་གྱི་བྱ་དགའ་ཡོད་པའི་རྩོམ་ཡིག་འགྲན་བསྡུར་སྤེལ་རྒྱུའི་གསལ་བརྡ།

རྩོམ་པ་པོ།:བཙན་པོ་དཔེ་ཚོགས་ཀྱི་རྩོམ་སྒྲིག ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2016-03-28 09:37:00 ཀློག་གྲངས།:
     བཙན་པོ་དཔེ་ཚོགས་ཀྱི་རྩོམ་སྒྲིག་པས་བོད་ཀྱི་སློབ་གྲྭ་ཆུང་འབྲིང་སློབ་མར་བོད་ཡིག་གི་བསླབ་ཕྱིའི་ཀློག་དེབ་ཉུང་བའི་གནས་ཚུལ་ལ་དམིགས་ནས《འཛམ་གླིང་གི་མི་སྣ་གྲགས་ཅན་གྱི་གཏམ་རྒྱུད》སོགས་བོད་ཀྱི་སློབ་གྲྭ་ཆུང་འབྲིང་གི་བསླབ་ཕྱིའི་ཀློག་དེབ་ལ་ཤིན་ཏུ་འཚམ་པའི་དཔེ་ཆ་སྐོར་ཞིག་ཆེད་དུ་སྒྲིག་རྩོམ་དཔར་སྐྲུན་གྱིས་བོད་ཁམས་ཡོངས་ལ་འགྲེམས་སྤེལ་བྱས་ཤིང་། རྒྱ་ཆེའི་དགེ་སློབ་དང་སྤྱི་ཚོགས་ལས་རིགས་སོ་སོའི་མི་སྣ་ཡོངས་ཀྱིས་དགའ་བསུ་དང་གདེང་འཇོག་ཆེན་པོ་ཐོབ།
     ཐེངས་འདིར་ཡང་སློབ་ཆུང་སློབ་མ་རང་གི་བློ་གྲོས་དང་སྨྱུག་རྩེ་ལས་ཐོན་པའི་ཕ་སྐད་རྩོམ་ཡིག་གཅེས་བཏུས་ཀྱི་དཔེ་དེབ་ཅིག་བསྒྲིག་ནས། སློབ་ཆུང་སློབ་མ་ཡོངས་ལ་རང་དང་ན་མཉམ་པའི་རྩོམ་པ་པོ་ཆུང་ཆུང་ཚོས་བརྩམས་པའི་སློབ་ཕྱིའི་ཀློག་དེབ་རང་བློ་དང་ཤིན་ཏུ་འཚམ་པ་ཞིག་དབུལ་འཆར་གྱིས་བོད་ཁམས་ཡོངས་ནས་སློབ་ཆུང་སློབ་མའི་རྩོམ་ཡིག་བསྡུ་རྒྱུ་ཡིན་ཅིང་། དེ་ལས་རྩོམ་ཡིག་ལེགས་གྲས་རྣམས་གཅེས་བཏུས་དཔེ་དེབ་ཏུ་དགོད་རྒྱུ་ཡིན་པར་མ་ཟད། དེ་དང་མཉམ་དུ་རྩོམ་པ་པོ་ཆུང་ཆུང་མིང་ཅན་གྱི་བྱ་དགའ་ཡོད་པའི་རྩོམ་ཡིག་འགྲན་བསྡུར་ཞིག་ཀྱང་སྤེལ་ཏེ། བྱ་དགའ་ཐོབ་པའི་སློབ་གྲོགས་རྣམས་ལ་བཙན་པོ་ཀུང་ཟིའི་མིང་ཐོག་ནས་རྩོམ་པ་པོ་ཆུང་ཆུང་གི་གཟི་བརྗིད་མཚན་སྙན་དང་འོས་འཚམ་གྱི་བྱ་དགའི་གསོལ་རས་བསྩལ་རྒྱུ་ཡིན་པས་སློབ་གྲོགས་ཚོས་རྩོམ་ཡིག་བསྐུར་གནང་ཡོང་རྒྱུའི་རེ་བ་ཞུ།
རྩོམ་པ་པོས་ཡིད་འཇོག་བྱ་དགོས་པའི་དོན་ཚན་འགའ།
གཅིག རྩོམ་ཡིག་གི་བརྗོད་བྱ་རྩོམ་པ་པོ་རང་ཉིད་འདྲིས་ཆེ་བའི་ཡུལ་ལྗོངས་དང་མི་སྣ། བྱ་དངོས་སོགས་གང་རུང་ཡིན་ཆོག་ལ། རྗོད་བྱེད་ངེས་པར་དུ་ཚིག་ལྷུག་ཡིན་དགོས་པར་མ་ཟད། ཚིག་གི་སྡེབ་སྦྱོར་ལེགས་ཤིང་བརྡ་སྤྲོད་དང་མཐུན་དགོས་ལ། ཡིག་འབྲུ་བརྒྱད་བརྒྱའི་མན་དང་ལྔ་བརྒྱའི་ཡན་ལོངས་དགོས།
གཉིས། 2016ལོའི་སྤྱི་ཟླ7པའི་ཚེས10ནས་རྩོམ་ཡིག་བསྡུ་མཚམས་འཇོག་རྒྱུ་ཡིན་པ་དང་། བདམས་ཐོན་མ་བྱུང་བའི་རྩོམ་ཡིག་ཕྱིར་བསྐུར་རྒྱུ་མིན་པས། རྩོམ་ཡིག་གི་མ་རྩོམ་རང་ཉིད་ནས་ཉར་ཚགས་བྱེད་དགོས།
གསུམ། རྩོམ་ཡིག་ཡིག་ཟམ་བརྒྱུད་ནས་བསྐུར་དགོས་པ་དང་། ཡིག་གཟུགས་ལ་ཧི་གཟུགས་དང་པནྜི་ཏའི་ཡིག་གཟུགས་གང་རུང་ཡིན་ཆོག་པར་མ་ཟད། ཤོག་ངོར་ཕབ་པ་ཡིན་ནའང་ཆོག རྩོམ་པ་པོས་རང་གི་མིང་དང་འཛིན་གྲྭ། སློབ་གྲྭའི་མིང་། སྡོད་གནས།  འབྲེལ་གཏུག་ཁ་པར་ཨང་གྲངས་སོགས་རྩོམ་ཡིག་གི་མཇུག་ཏུ་གསལ་བོར་བྲིས་ཏེ་བསྐུར་དགོས།
བཞི། ཐེངས་འདིའི་བྱ་དགའི་རྟགས་མ་ལ། རྩོམ་པ་པོ་ཆུང་ཆུང་གི་གཟི་བརྗིད་དཔང་ཡིག་གཅིག་དང་། ངེད་བཙན་པོ་དཔེ་ཚོགས་ཀྱི་རྩོམ་སྒྲིག་པས་ད་ལྟའི་བར་རྩོམ་སྒྲིག་བྱས་པའི་དེབ་ཡོངས་རྫོགས་དང་བཅས། ཨང་དང་པོ་ལ་སྒོར་སྟོང་གཅིག  གཉིས་པ་ལ་བརྒྱད་བརྒྱ། གསུམ་པ་ལ་དྲུག་བརྒྱ། བཞི་པ་ལ་ལྔ་བརྒྱ། ཕུལ་བྱུང་ལ་སྒོར་ཉིས་བརྒྱ་རེ་སྟེར་རྒྱུ་ཡིན་པར་མ་ཟད། དེབ་སྟེང་དུ་རྩོམ་པ་པོའི་མིང་དང་སློབ་གྲྭའི་མིང་བཅས་འཇོག་རྒྱུ་ཡིན་ནོ། །
ཡིག་ཟམ། 2361710977@qq.com/1967248068@qq.com
འབྲེལ་གཏུག་ཁ་པར། 13709746599/0971—8248259
ས་གནས། མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་མཁར་དབུས་བྱང་ལམ་ཚོང་དོན་ཐོག་ཁང་ཆེན་མོའི་ཐོག་བརྩེགས12བ།(青海省西宁市城中区北大街商贸大厦12楼)

བཙན་པོ་དཔེ་ཚོགས་ཀྱི་རྩོམ་སྒྲིག་པ་ནས།
སྤྱི་ལོ2016ལོའི་ཟླ3པའི་ཚེས20ཉིན།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།