མཚོ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་གསུམ་པའི་སྐོར་བྲོ་འགྲན་བསྡུར་སྤེལ་བ།
དགེ་རྒན་དག་གིས་ཉམས་སྣང་འབུམ་གྱིས་ཕྱུག་པའི་སྟངས་སྟབས་ངོམ་བཞིན་པ།
སློབ་མ་ཚོས་མི་རིགས་མཐུན་སྒྲིལ་གྱི་སྐོར་བྲོ་འཁྲབ་ཀྱིན་པ།
སློབ་མ་ཚོས་མི་རིགས་མཐུན་སྒྲིལ་གྱི་སྐོར་བྲོ་འཁྲབ་ཀྱིན་པ།
དགེ་རྒན་རྣམ་པ།
བྱ་དགའ་ཐོབ་པའི་འཛིན་གྲྭ་དག་ལ་བྱ་དགའ་གནང་བ།
སྤྱི་ཟླ3པའི་ཚེས17ཉིན། མཚོ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་གསུམ་པའི2015ལོ་ནས2016ལོའི་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་དང་འཆམ་མཐུན་སློབ་ར་མཉམ་བསྐྲུན་ཞེས་པ་བརྗོད་གཞི་བྱས་པའི་སྐོར་བྲོ་འགྲན་བསྡུར་གྱི་བྱ་འགུལ་དེ་སློབ་གྲྭའི་རྩལ་སྦྱོང་ར་བར་སྤེལ།
ཐེངས་འདིའི་བྱ་འགུལ་དུ་ལོ་སྔོན་མ་ལྟར་མི་རིགས་མི་གཅིག་པའི་དགེ་སློབ་ཀུན་ཐུན་མོང་གིས་འཁྲབ་སྟོན་བྱས་ཏེ། མཉམ་དུ་མཐུན་པའི་ལག་རྡང་གཅིག་ཏུ་སྦྲེལ་ཞིང་། མཛའ་བརྩེའི་དར་སྐུད་རིང་དུ་འཐེན་ནས་དགའ་སྟོན་གྱི་ཡོ་ལང་རྒྱས་པར་གྱུར་ལ།ལྷག་པར་སློབ་གྲྭའི་སློབ་གཙོ་བསོད་ནམས་རྡོ་རྗེ་དང་། སློབ་གཙོ་གཞོན་པ་གཙུག་འབུམ་ཚེ་རིང་། སློབ་གཙོ་གཞོན་པ་རྡོ་རྗེ་བཀྲ་ཤིས་རྣམ་གསུམ་བྱ་འགུལ་ལ་ཞུགས་ནས་དགེ་སློབ་ཀུན་ལ་མཐུན་སྒྲིལ་གྱི་མིག་དཔེ་དང་འཆམ་མཐུན་གྱི་འབོད་སྐུལ་ གནང་།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com