ངོས་དང་པོ > སྐབས་དོན། > རིག་གནས་སློབ་གསོ། > 《ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་རིག་དངོས་སྲུང་སྐྱོང་ཚན་པའི་མིང་ཐོ》པར་སྐྲུན་འགྲེམ་སྤེལ་བྱས་པ།
《ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་རིག་དངོས་སྲུང་སྐྱོང་ཚན་པའི་མིང་ཐོ》པར་སྐྲུན་འགྲེམ་སྤེལ་བྱས་པ།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:མི་དམངས་དྲ་བ།
དུས་ཚོད།:2016-03-21 09:58:00
ཀློག་གྲངས།:
ཀན་སུའུ་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཀན་ལྷོ་ཁུལ་རིག་གནས་དང་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་གསར་འགྱུར་དཔེ་སྐྲུན་ཅུས(རིག་དངོས་ཅུས)ཀྱིས《ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་རིག་དངོས་སྲུང་སྐྱོང་ཚན་པའི་མིང་ཐོ》རྩོམ་སྒྲིག་བྱས་ཡོད་ཅིང་། མིག་སྔར་ཀན་སུའུ་མི་དམངས་དཔེ་སྐྲུན་ཁང་གིས་པར་སྐྲུན་འགྲེམ་སྤེལ་བྱས།
རྒྱལ་ཡོངས་ཀྱི་བོད་རིགས་རང་སྐྱོང་ཁུལ་བཅུའི་གྲས་ཤིག་ཡིན་པའི་ཀན་ལྷོ་ཁུལ་འདི་ཉིད་མཚོ་བོད་ས་མཐོ་དང་ས་སེར་ས་མཐོའི་འབྲེལ་མཚམས་སུ་གནས་ཤིང་། དེ་ནི་རྒྱ་བོད་རིག་གནས་འབྲེལ་མཚམས་ཤིག་ཡིན། འདི་གར་གནའ་བོའི་ཡུང་ཀྲོའུ་ཆགས་པ་དང་ལོ་རྒྱུས་ཡུན་རིང་ལྡན་ལ་འོད་སྟོང་འབར་བའི་རིག་གནས་ཡོད་པས་ཀྲུང་ཧྭ་མི་རིགས་ཀྱི་རིག་གནས་ཐོན་ཁུངས་ཀྱི་ནོར་མཛོད་གལ་ཆེན་ལ་བརྩི་བ་དང་རིག་གནས་འཛུགས་སྐྱོང་ཁྲོད་དམིགས་བསལ་ཁྱད་ཆོས་ལྡན་པའི་ཐོན་ཁུངས་ལེགས་ཆ་ལྡན་ཡོད།
དེ་དང་ཆབས་ཅིག་ཀན་ལྷོ་འདི་ཉིད་སྔར་ནས་ད་བར་ཨ་མདོ་བོད་རིགས་ས་ཁུལ་གྱི་རིག་གནས་ལྟེ་བའི་ཁུལ་ཞིག་ཡིན་ཞིང་། དེ་གར་ལོ་རྒྱུས་རིག་གནས་དང་། སྲོལ་རྒྱུན་རིག་གནས། དམངས་སྲོལ་རིག་གནས། གསར་བརྗེའི་རིག་གནས། ཆོས་ལུགས་རིག་གནས། སྣོད་བཅུད་རིག་གནས་བཅས་མངོན་གསལ་དོད་པོ་ཡོད་པས་སྣ་མང་ཕུན་སུམ་ཚོགས་པའི་ས་ཁོངས་རིག་གནས་མ་ལག་ཅིག་ཆགས་ཡོད། མིའི་རིགས་ཀྱི་བྱེད་སྒོ་སྣ་ཚོགས་ཀྱི་ཆ་འཕྲིན་གཞི་རྟེན་ཞིག་ཡིན་པའི་རིག་དངོས་ལས་ལོ་རྒྱུས་དུས་སྐབས་མི་འདྲ་བའི་རིག་གནས་གཞི་རྒྱུ་སྣ་ཚོགས་མངོན་པ་དང་སྦྲགས་གཅིག་ཏུ་འདུས་ཡོད། དེ་གར་གནས་སྤོ་ཆོག་པའི་རིག་དངོས་དང་གནས་སྤོ་མི་ཆོག་པའི་རིག་དངོས་ཀྱི་རིགས་ཆེ་གྲས་གཉིས་ཚུད་ཡོད། རྒྱལ་ཡོངས་རིག་དངོས་ཡོངས་ཁྱབ་ཞིབ་བཤེར་བྱས་འབྲས་ཐེངས་གསུམ་པ་ལས་མངོན་པར། ཀན་ལྷོའི་ས་ཁོངས་ནང་བླ་བྲང་བཀྲ་ཤིས་འཁྱིལ་དགོན་སོགས་ཚུད་པའི་རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་ཚན་པ6དང་། ཡངས་པ་གནའ་མཁར་རྗེས་ཤུལ་སོགས་ཞིང་ཆེན་རིམ་པའི་རིག་དངོས་སྲུང་སྐྱོང་ཚན་པ28 རྫོང(གྲོང་ཁྱེར)རིམ་པའི་རིག་དངོས་སྲུང་སྐྱོང་ཚན་པ510བཅས་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། 《ཀན་ལྷོ་ཁུལ་རིག་དངོས་སྲུང་སྐྱོང་ཚན་པའི་མིང་ཐོ》ནི་ཀན་ལྷོའི་རིག་དངོས་སྲུང་སྐྱོང་ལས་དོན་ཁྱོན་ཡོངས་ནས་ངོ་སྤྲོད་བྱས་པའི་ལས་མཁོའི་དཔེ་དེབ་ཅིག་ཡིན་པ་དེའི་ནང་ཀན་ལྷོའི་ས་ཁོངས་ནང་གི་རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོང་ཚན་པ6དང་། ཞིང་ཆེན་རིམ་པའི་གཙོ་གནད་རིག་དངོས་སྲུང་སྐྱོང་ཚན་པ28རྫོང(གྲོང་ཁྱེར)རིམ་པའི་རིག་དངོས་གནས་ཡུལ510དང་སྲུང་སྐྱོང་ལས་ཀའི་གཞི་རྩའི་གནས་ཚུལ་དང“གནས་ལུགས་རྒྱུ་མཚན་བརྗོད་པ་དང་སྙིང་སྟོབས་དར་སྤེལ་གཏོང་བའི”ངོ་བོའི་ནང་དོན་ཚུད་ཡོད་པས་སླད་ཕྱིན་ཁྲིམས་ལྟར་རིག་དངོས་སྲུང་སྐྱོང་དང་དོ་དམ་བྱེད་པའི་ལས་དོན་ལ་གཞི་འཛིན་ས་དང་མཛུབ་ཁྲིད་ཀྱི་ནུས་པ་ཐོན་ངེས་རེད།

འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།