མཚོ་ལྷོ་བོད་ཡིག་ཚགས་པར་གྱི་འཕྲིན་ཕྲན་སྤྱི་སྟེགས་དངོས་སུ་གཏོང་མགོ་བརྩམས་པ།

རྩོམ་པ་པོ།:སྒྲོལ་མ་དོན་གྲུབ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2016-01-05 11:51:00 ཀློག་གྲངས།:

     མཚོ་ལྷོ་བོད་ཡིག་ཚགས་པར་ཁང་གིས་དུས་རབས་ཀྱི་འགྲོས་དང་བསྟུན་ནས། 2015ལོའི་ཟླ10བའི་ཚེས15ནས་ཟླ12བའི་ཚེས30ཉིན་བར།  ཚོད་ལྟའི་རང་བཞིན་གྱི་ཚུལ་དུ་འཕྲིན་ཕྲན་སྤྱི་སྟེགས་སྤྱོད་མགོ་བརྩམས།
    ནང་དོན་གཙོ་བོ་རང་ཁུལ་གྱི་གསར་འགྱུར་དང་མཚོ་ལྷོའི་ས་མིང་མཚམས་སྦྱོར། འཚོ་བའི་རྒྱུན་ཤེས། རིག་གནས་རྒྱུན་ཤེས་དང་འཛམ་གླིང་ངོ་མཚར་རྨད་བྱུང་སོགས་སྣ་འཛོམས་རང་བཞིན་གྱི་རྒྱུན་ཤེས་སྣ་ཚོགས་དང་། ལྷག་ཏུ་འཛམ་གླིང་རགས་བཤད་ཅེས་པའི་མུ་འབྲེལ་སྒྲ་གཏོང་ལེ་ཚན་ཞིག་ཀྱང་དུས་ལྟར་འཕྲིན་སྟེགས་སུ་བཀོད་སྒྲིག་བྱས་ཡོད་པར།  རྒྱ་ཆེ་བའི་མི་དམངས་མང་ཚོགས་ཀྱིས་དགའ་བསུ་ཆེན་པོ་ཐོབ།
     དེ་ཡང་གནམ་ལོ་གསར་ཚེས་ཀྱི་དུས་དང་བསྟུན། 2016ལོའི་ཟླ1བའི་ཚེས1ནས་བཟུང་འཕྲིན་ཕྲན་སྤྱི་སྟེགས་འདི་དངོས་སུ་སྤྱི་ཚོགས་ཁྲོད་གཏོང་མགོ་བརྩམས་ལ། བོད་ཀྱི་རིག་གནས་རྒྱུན་འཛིན་དང་དེང་རབས་རིག་གནས་ངོ་སྤྲོད་ཀྱི་ཚུལ་དུ། ནང་དོན་འཐུས་ཚང་ཅན་དང་སྣ་མང་ཅན་གྱི་ཤེས་བྱ་འཕྲིན་ཕྲན་སྤྱི་སྟེགས་སུ་འགོད་པ་དང་། བོད་ཀྱི་དམངས་སྲོལ་རིག་གནས་དང་རྩོམ་རིག འཆད་ཁྲིད་བགྲོ་གླེང་། འཚོ་བའི་བདེ་ཐང་། ཚན་རྩལ། པར་ལེན་སྒྱུ་རྩལ། མི་སྣ་ངོ་སྤྲོད། གནའ་ཤུལ་གྲགས་ཅན། སྒྲ་གཏོང་ལེ་ཚན་སོགས་རྣམ་པ་ཚོར་འོས་སྦྱོར་བྱ་རྒྱུ་ཡིན་པས། རྒྱ་ཆེ་བའི་མང་ཚོགས་ཀྱིས་རྒྱབ་སྐྱོར་ཐུགས་ཁུར་དང་བསམ་འཆར་གང་ལེགས་འདོན་རྒྱུར་རེ་བ་སྙིང་ནས་ཞུ།

 


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།