དབྱིན་ཡིག་ཚད་རིམ་བཞི་བ་དང་དྲུག་པའི་ཉན་འབྲིའི་རྒྱུགས་གཞིའི་ནང་དོན་ཐད་བཅོས་བསྒྱུར་བྱས་འདུག

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:ཀྲུང་གོའི་བོད་ལྗོངས་དྲ་བ། དུས་ཚོད།:2016-01-05 11:27:00 ཀློག་གྲངས།:
     རྒྱུས་ལོན་བྱུང་བ་ལྟར་ན། ཉེ་སྔོན་རྒྱལ་ཡོངས་སློབ་གྲྭ་ཆེན་མོའི་དབྱིན་ཡིག་ཚད་རིམ་བཞི་བ་དང་དྲུག་པའི་རྒྱུགས་ལེན་དྲ་ཚིགས་སུ། ཉན་འབྲིའི་རྒྱུགས་ལེན་གྱི་ནང་དོན་ཐད་སྔར་ཡོད་ཀྱི་ཁ་བརྡ་ཐུང་བ་དང་ཚན་ཐུང་ཉན་འབྲིའི་རྒྱུགས་གཞིའི་རྣམ་པ་དེ་མེད་པར་བཟོས་ཏེ། དེའི་ཚབ་ཏུ་གསར་འགྱུར་ཉན་འབྲི་དང་རིག་གཞུང་འཆད་འཁྲིད་ཀྱི་ནང་དོན་གསར་དུ་བསྣན་པའི་གསར་འགྱུར་ཁྱབ་བསྒྲགས་བྱས་འདུག
     དེང་གི་གནས་བབ་གསར་བའི་འོག་སློབ་གྲྭ་ཆེན་མོ་བའི་དབྱིན་ཡིག་ཉན་འབྲིའི་ནུས་པ་དེ་སྤྱི་ཚོགས་ཀྱི་དགོས་དབང་ལ་ཁ་ཕྱོགས་ཆེད། སྤྱི་ལོ2016ལོའི་ཟླ6པའི་དབྱིན་ཡིག་ཚད་རིམ་བཞི་བ་དང་དྲུག་པའི་ཉན་འབྲིའི་རྒྱུགས་གཞིའི་ནང་དོན་ཁ་ཤས་དེ་རྣམ་པ་གསར་བ་ལྟར་ལེགས་སྒྲིག་བྱེད་རྒྱུ་ཡིན་འདུག  དབྱིན་ཡིག་ཚད་རིམ་བཞི་བའི་རྒྱུགས་གཞི་ལས་ཁ་བརྡ་དང་ཚན་ཐུང་ཉན་འབྲིའི་ཆ་ཤས་དེ་མེད་པ་བཟོས་ཏེ། གསར་འགྱུར་ཐུང་བའི་ཉན་འབྲིའི་ནང་དོན་གསར་དུ་བསྣན་ཡོད་པ་དང་རྒྱུགས་གཞིའི་ནང་དོན་གཞན་དག་སྔར་ལྟར་ཡིན་པ་རེད། དབྱིན་ཡིག་ཚད་རིམ་དྲུག་པའི་རྒྱུགས་གཞིར་ཁ་བརྡ་ཐུང་བ་དང་ཚན་ཐུང་ཉན་འབྲི་མེད་པར་བཟོས་ཏེ། ཉན་འབྲིའི་ལེ་ཚན་སྔར་ཡོད་ཚན་པ་གསུམ་ནས་གཉིས་སུ་བཟོས་བ་དང་། འཆད་འཁྲིད་དང་གཏམ་བཤད་གྱི་སྐོར་ནས་ཚན་པ་གསུམ་གསར་དུ་བསྣན་འདུག
     སྤྱི་ལོ2016ལོ་ནས་བཟུང་། རྒྱལ་ཡོངས་སློབ་གྲྭ་ཆེན་མོའི་དབྱིན་ཡིག་ཚད་རིམ་བཞི་བ་དང་དྲུག་པའི་ཁ་སྐད་རྒྱུགས་གཞི་ཡང་ཚད་རིམ་བཞི་བ་དང་དྲུག་པ་གཉིས་སུ་བགར་རྒྱུ་ཡིན་པ་སྟེ། རྒྱལ་ཡོངས་སློབ་གྲྭ་ཆེན་མོའི་དབྱིན་ཡིག་ཚད་རིམ་བཞི་བའི་ཁ་ལེན་རྒྱུགས་གཞི(CET-SET4)དང་རྒྱལ་ཡོངས་སློབ་གྲྭ་ཆེན་མོའི་དབྱིན་ཡིག་ཚད་རིམ་དྲུག་པའིི་ཁ་ལེན་རྒྱུགས་གཞི(CET-SET6)ལྟར་རེད། བྱེ་བྲག་གི་རྒྱུགས་ལེན་དུས་ཚོད་དང་མིང་ཐོ་འགོད་ཐབས། རྒྱུགས་ལེན་ལག་བསྟར་བྱེད་ཚུལ་གྱི་ཞིབ་ཕྲའི་གནས་ཚུལ་དག་ཟུར་དུ་ཁྱབ་བསྒྲགས་བྱེད་རྒྱུ་ཡིན་པ་རེད། 


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།