བསྟན་འཛིན་གྱིས《ཀོང་མིང་འཆད་སྟེགས》སུ་ཆེད་དོན་འཆད་ཁྲིད་གནང་བ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:སེམས་ཀྱི་ཉི་ཟླའི་དྲ་བ། དུས་ཚོད།:2015-11-13 10:28:00 ཀློག་གྲངས།:


བསྟན་འཛིན་གྱིས《ཀོང་མིང་འཆད་སྟེགས》སུ་ཆེད་དོན་འཆད་ཁྲིད་གནང་བ།

     སྤྱི་ཟླ11པའི་ཚེསཤ4ཉིན། ཀོང་མིང་ཉིན་རེའི་ཚགས་པར་ཁང་དང་། ཀྲུང་གུང་བདེ་ཆེན་ཁུལ་ཨུ། ཡུན་ནན་ཞིང་ཆེན་སེམས་ཀྱི་ཉི་ཟླའི་ཞིབ་འཇུག་ལྷན་ཚོགས་ཀྱིས་མཉམ་དུ་གཙོ་གཉེར་བྱེད་པའི《ཀོང་མིང་འཆད་སྟེགས》ཀྱིས་བདེ་ཆེན་ཁུལ་སེམས་ཀྱི་ཉི་ཟླ་མགྲོན་ཁང་ཆེན་མོར་ཁྲིད་མགོ་ཚུགས་ཤིང་། ཀྲུང་གོའི་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་དང་། ཀྲུང་གོའི་རྩོམ་པ་པོའི་མཐུན་ཚོགས་ཀྱི་མཚན་འཛིན་ཀྲུའུ་ཞི ཀྲུང་གོའི་རྩོམ་འབྲི་ཚོགས་པའི་ཚོགས་གཙོ་བསྟན་འཛིན་གྱིས་སེམས་ཀྱི་ཉི་ཟླ—གཉིད་ལམ་ནས་དངོས་ཡོད་ཅེས་པའི་ཆེད་དོན་འཆད་ཁྲིད་གནང་།
     བསྟན་འཛིན་གྱིས་སེམས་ཀྱི་ཉི་ཟླ་—གཉིད་ལམ་ནས་དངོས་ཡོད་ཅེས་པ་དེ་བརྗོད་བྱ་གཙོ་བོར་བཟུང་ནས། མི་རིགས་སྲོལ་རྒྱུན་རིག་གནས་ཀྱི་མཐོང་ཟུར་ནས“ཤམ་བྷ་ལ”གཏམ་རྒྱུད་དེ་སེམས་ཀྱི་ཉི་ཟླར་རྒྱས་པར་བཀྲོལ་བའི་ལོ་རྒྱུས་ཀྱི་ལམ་ཚད་གསོན་ཉམས་ལྡན་པོས་འཆད་འགྲེལ་གནང་ནས། ཚང་མར་གོམ་གང་མདུན་སྤོས་ཀྱིས་ཤམ་བྷ་ལ་ནས་སེམས་ཀྱི་ཉི་ཟླའི་རིག་གནས་ཆགས་པའི་ལོ་རྒྱུས་ཀྱི་གོ་རིམ་དང་ཕུགས་ཟབ་རྒྱུན་རིང་གི་རིག་གནས་གོ་དོན་ལ་ཤེས་སུ་བཅུག་པ་དང་། གོམ་གང་མདུན་སྤོས་ཀྱིས་སེམས་ཀྱི་ཉི་ཟླའི་སྤུས་རྟགས་ལ་བརྟེན་ནས་མ་གྲགས་པའི་བདེ་ཆེན་འཛམ་གླིང་དུ་བསྐྱོད་པ་དང་། དར་རྒྱས་དང་འཆམ་མཐུན་གྱི་ཡུན་ནན་བོད་ཁུལ་གསོ་སྐྱོང་བྱེད་པ། བདེ་ཆེན་འདི་ཉིད་རྒྱལ་ཡོངས་ཀྱི་བོད་ཁུལ་ཡག་ཤོས་འཛུགས་རྒྱུའི་གྲས་སྐྱོད་མྱོང་དུ་བཅུག་པ། གོམ་གང་མདུན་སྤོས་ཀྱིས་སེམས་ཀྱི་ཉི་ཟླ་ནི་བདེ་ཆེན་དུ་ཡོད་པ་དང་ཀྲུང་གོར་ཡོད་ཅིང་། སེམས་ཀྱི་ཉི་ཟླ་ནི་འཛམ་གླིང་གི་ཡིན་པ་དང་། ཀྲུང་ཧྭ་མི་རིགས་སྲོལ་རྒྱུན་རིག་གནས་ཀྱི་ནོར་བུ་ཡིན་པ། མིའི་རིགས་ཐུན་མོང་ལ་དབང་བའི་དཔལ་ཡོན་ཡིན་པར་ངོས་འཛིན་བྱེད་བཅུག་པ་དང་། སེམས་ཀྱི་ཉི་ཟླའི་སྙིང་སྟོབས་ལྟ་སྐྱོང་དང་གོང་འཕེལ། དར་སྤེལ་གཏོང་བ་ནི་རྒྱལ་ཁབ་དང་མིའི་རིགས་ལ་ལེགས་སྐྱེས་འབུལ་བ་ཡིན་པ་དང་ཆབས་གཅིག སེམས་ཀྱི་ཉི་ཟླའི་ས་ཁོངས་མཚན་སྙན་ནི་ནམ་ཡང་བདེ་ཆེན་ས་མཐོར་གཞིས་ཆགས་པ་དང། ངོ་མ་མི་དང་མི་བར་དང་། མི་དང་སྤྱི་ཚོགས་བར། མི་དང་རང་བྱུང་ཁམས་བར་འཆམ་མཐུན་དར་འཕེལ་གྱི་དཔལ་ཡོན་རབ་ཏུ་དར་བའི་སེམས་ཀྱི་ཉི་ཟླ་འཛུགས་པའི་ལས་འགན་ནི་ཧ་ཅང་དཀའ་ཚེགས་ཆེན་པོ་ཡོད་ཅེས་གསུངས།
     བསྟན་འཛིན་གྱིས་ཡུན་ནན་གྱི་རིམ་པ་ཁག་གི་སྲིད་གཞུང་གིས་འབད་བརྩོན་ལ་བརྒྱུད་ནས། 2002ལོར་སེམས་ཀྱི་ཉི་ཟླའི་གཟི་བརྗིད་མཚན་སྙན་དེ་མཐར་ཡུན་ནན་བོད་ཁུལ་གྱི་རྒྱལ་ཐང་རྫོང་དུ་གཞིས་ཆགས་པ་རེད། སེམས་ཀྱི་ཉི་ཟླ་ནི་ས་མིང་ཞིག་ཏུ་གྱུར་བ་དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་ཁོངས་སུ་བྲིས་ཡོད་ཀྱང་། མི་རྣམས་ཀྱིས་སེམས་ཀྱི་ཉི་ཟླ་འཚོལ་བའི་བསམ་པའི་བརྩོན་ལེན་དེ་གཏན་ནས་མཇུག་སྒྲིལ་མི་འདུག་ཅེས་གསུངས་བ་དང་། ཁོང་གིས་སེམས་ཀྱི་ཉི་ཟླ་ནི་དཔལ་ཡོན་ཞིག་ཡིན་ཏེ་རང་བྱུང་ཁམས་ལ་གུས་ཤིང་སྐྲག་པའི་དཔལ་ཡོན་ཞིག་ཡིན་པ་དང་། སེམས་ཅན་ཐམས་ཅད་ལ་མཛའ་བརྩེ་བྱེད་པའི་དཔལ་ཡོན་ཞིག་དང་། མི་དང་རང་བྱུང་ཁམས་བར་འཆམ་མཐུན་མཉམ་གནས་ཀྱི་དཔལ་ཡོན་ཞིག་ཡིན་ཞིང་། མི་དང་མི་བར་བཟོད་སྒོམ་དང་གུས་ཞབས་ཀྱི་མཛེས་མཚོན་གྱི་དཔལ་ཡོན་ཞིག་ཡིན་པ་རྟོགས་བྱུང་།
     འཆད་ཁྲིད་དུ་བསྟན་འཛིན་གྱིས་དོན་དངོས་དང་ཟུང་འབྲེལ་བྱས་ནས། བདེ་ཆེན་གྱིས་གང་འདྲ་ཡིས་སྐྱེ་ཁམས་སྲུང་སྐྱོང་དང་། རིག་གནས་རྒྱུན་འཛིན། སྤྱི་ཚོགས་འཆམ་མཐུན་སོགས་ཀྱི་ལྟ་ཕྱོགས་ནས་སེམས་ཀྱི་ཉི་ཟླའི་སྤུས་རྟགས་འཛུགས་པ་དང་། སྲུང་སྐྱོང་དང་། གོང་སྤེལ་གཏོང་བར་སློབ་སྟོན་རང་བཞིན་གྱི་བསམ་འཆར་འདོན་པ་རེད།
     ཤེས་རྟོགས་བྱུང་བར་གཞིགས་ན། 《ཀོང་མིང་འཆད་སྟེགས》ནི《ཀོང་མིང་ཉིན་རེའི་ཚགས་པར》སྤུས་རྟགས་ཀྱི་ཚན་བྱང་ཞིག་ཡིན། གཟའ་འཁོར་རེར་པར་ངོས་རེ་པར་སྐྲུན་བྱེད་ཡོད། 2006ལོར་གསར་དུ་བཙུགས་པ་ནས་བཟུང་། སྔ་ཕྱིར་རྒྱལ་ཁབ་ཕྱི་ནང་གི་སྐད་གྲགས་ཆེ་བའི་ཆེད་ལས་མཁས་པ་དང་མཁས་དབང་བརྒྱ་ལྷག་འཆད་ཁྲིད་དུ་གདན་འདྲེན་ཞུས་ནས་ལྟ་ཚུལ་བཤད་པ་དང་བསམ་བློ་ཁྱབ་སྤེལ་བཏང་བས། ཆེད་ལས་མཁས་པ་དང་མང་ཚོགས་བར་བརྗེ་རེས་དང་མཐུན་སྦྱོར་གྱི་སྟེགས་བུ་བཙུགས་ཏེ། མང་ཚོགས་ཀྱི་བློ་སྒོ་འབྱེད་པའི་རིག་གནས་ཀྱི་འདྲེན་བྱེད་དུ་འགྱུར་ངེས་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།