ས་གནས་སོ་སོའི་ཐོན་ཁུངས་སྡེབ་སྒྲིལ་སྒོས་ཡོངས་འཛིན་ཡིག་ཚང་གྲངས་མཛོད་འཛུགས་སྐྲུན་བྱེད་པ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2015-11-06 17:11:00 ཀློག་གྲངས།:

ས་གནས་སོ་སོའི་ཐོན་ཁུངས་སྡེབ་སྒྲིལ་སྒོས་ཡོངས་འཛིན་ཡིག་ཚང་གྲངས་མཛོད་འཛུགས་སྐྲུན་བྱེད་པ།
ལྷོ་ནུབ་མི་རིགས་སློབ་ཆེན་གྱི་བོད་ཡིག་ཡིག་ཚགས་ལྟེ་གནས་སུ་ལྟ་ཞིབ་བྱེད་པ།


ལྷོ་ནུབ་མི་རིགས་སློབ་ཆེན་དུ་འབྲེལ་ཡོད་འགོ་ཁྲིད་དང་འབྲེལ་འདྲིས་བྱེད་པ།


ཁམས་པའི་བརྙན་འཕྲིན་ཁང་གི་འགོ་ཁྲིད་དང་འབྲེལ་ཡོད་མི་སྣར་མཉམ་དུ་བགྲོ་གླེང་བྱེད་པ།

     ཉེ་ཆར། མཚོ་ལྷོ་ཁུལ་བོད་སྐད་ཡིག་བྱ་བའི་ཨུ་ཡོན་ལྷན་ཁང་གི་འགོ་གཙོ་ཚེ་ལོ་སོགས་མི་གསུམ་བོད་ལྗོངས་དང་སི་ཁྲོན་དུ་སོང་ནས་གཟའ་འཁོར་གཅིག་གི་རིང་རྟོག་དཔྱད་གཟིགས་ཞིབ་བྱས་པ་ཡིན་ལ། སྔ་གཞུག་ཏུ་བོད་ལྗོངས་སྒྲིག་སྒྱུར་ཅུའུ་དང་། བོད་ལྗོངས་སློབ་གྲྭ་ཆེན་མོ། བོད་ལྗོངས་བརྙན་འཕྲིན་ཁང་། ལྷོ་ནུབ་མི་རིགས་སློབ་ཆེན། ལྷོ་ནུབ་མི་རིགས་སློབ་ཆེན་གྱི་བོད་རིག་པའི་ཡིག་ཚགས་ཞིབ་འཇུག་ལྟེ་གནས། ཁམས་པའི་བརྙན་འཕྲིན་ཁང་སོགས་སློབ་ཆེན་དང་ཚན་ཞིབ་སྨྱན་བྱད་ལས་ཁུངས་སུ་བགྲོ་གླེང་ཚོགས་འདུ་བསྡུས་ཏེ། ཚང་མས་ཡོངས་འཛིན་བོད་ཡིག་འཚོལ་བཤེར་མ་ལག་དེ་བོད་ཁུལ་སྤྱི་ཚོགས་བདེ་འཇགས་དང་མཐུན་སྒྲིལ་གཏན་འཇགས། དྲ་རྒྱའི་ཆ་འཕྲིན་གྱི་གླེང་ཕྱོགས་བདེ་འཇགས། རིག་གནས་སྲུང་སྐྱོབ་དང་རྒྱུན་འཛིན་སོགས་ཐད་ཀྱི་ཡར་སྐུལ་ནུས་པར་གདེང་འཇོག་དང་ཁས་ལེན་ལེགས་པོ་གནང་བ་མ་ཟད། ཡོངས་འཛིན་བོད་ཡིག་འཚོལ་བཤེར་མ་ལག་སྔར་ལས་ཇེ་རྒྱས་ཇེ་ལེགས་དང་། གྲངས་མཛོད་འཐུས་ཚང་། ཐོན་ཁུངས་འཚོལ་བསྡུ། བརྙན་རིས་འཚོལ་བཤེར་ཚད་ལྡན་གཏོང་བ་སོགས་ཀྱི་ཐད་བགྲོ་གླེང་བྱས་ནས་བསམ་འཆར་དང་ལྟ་ཚུལ་ལེགས་པོ་བཏོན་པ་སྟེ། གཙོ་ཆེར་ཕྱོགས་གསུམ་ནས་ཕན་འབྲས་བླངས།
     གྲོས་འཆམ་བཞག་པའི་ཡིག་ཚང་གཏག་སྒྲིག་ཞིབ་བཤེར་ལེགས་འགྲུབ་བྱུང་བ། དེ་སྔ་བོད་ལྗོངས་ཧྥང་ཡོན་ལས་རིགས་ནུས་རྩལ་གསོ་སྦྱོང་སློབ་གྲྭར་གྲོས་འཆམ་བཞག་པའི་བོད་ཡིག་ཡིག་ཚང་ཡིག་ཆ་གཏག་སྒྲིག་ཆིངས་ཡིག་ལྟར། འབྲེལ་ཡོད་རྒྱལ་རབས་ཡིག་ཚགས་གཏག་སྒྲིག་ལ་འདེམ་བཤེར་བྱས་ཤིང་། དུས་ཡུན་ཉིན་ལྔའི་རིང་འདེམ་བཤེར་དང་རྩིས་ལེན་བརྒྱུད། བོད་ཡིག་ཡིག་ཚགས་ཡིག་ཆ4000དང་། ཡིག་གྲངས་དུང་ཕྱུར4.7། ཚེག་ཁྱིམ་དུང་ཕྱུར1.3། ཤོག་གྲངས་ཁྲི19ཡོད་ལ། ཆིངས་ཡིག་ལས་ཡིག་གྲངས་དུང་ཕྱུར2.4དང་ཚེག་ཁྱིམ་དུང་ཕྱུར6300ཡིས་བརྒལ་ཡོད། ཆིངས་ཡིག་མ་འདུས་པར་གཞན་ད་དུང་རིན་མེད་སྒོས་བོད་ཡིག་ཡིག་ཚགས་ཡིག་ཆ་ཧ་ལམ2000དང་། ཡིག་ཚགས་ཀྱི་ནང་དོན་ལ་ལོ་རྒྱུས་དང་། ཆོས་ལུགས། རྩོམ་རིག  སྒྱུ་རྩལ། སྐད་བརྡ། གནམ་རིག་སྐར་རྩིས། གསོ་རིག  འཛུགས་སྐྲུན། ཚད་མ་སོགས་ཀྱི་གསུང་འབུམ་ཕུལ་ཏེ་ཡོངས་འཛིན་ཡིག་ཚང་གྲངས་མཛོད་འཛུགས་སྐྲུན་ལ་རྒྱབ་སྐྱོར་ཆེན་མོ་གནང་།
     ཡིག་ཚགས་གྲངས་མཛོད་ཀྱི་གྲུབ་འབྲས་ལེགས་པ། བོད་རང་སྐྱོང་ལྗོངས་ཀྱི་ས་ཁོངས་རིག་གནས་གྲངས་མཛོད་ལེགས་པོར་སྒྲུབ་པ་དང་། གྲངས་མཛོད་ཀྱི་ཡང་དག་རང་བཞིན་དང་འཐུས་ཚང་རང་བཞིན། དབང་གྲགས་རང་བཞིན་བཅས་འགན་སྲུང་བྱེད་པར། བོད་རང་སྐྱོང་ལྗོངས་སྒྲིག་སྒྱུར་ཅུའུ་དང་ས་ཁོངས་རིག་གནས་ཁག་ཐད་ཀྱི་མཉམ་འབྲེལ་བྱ་བ་གླེང་བ་དང་། རྗེས་མར་བོད་ལྗོངས་ཀྱི་ས་གནས་སོ་སོའི་སྒྲིག་སྒྱུར་ཅུའུ་དང་མཐུན་འབྲེལ་སྒོས་ས་ཁོངས་རིག་གནས་གྲངས་མཛོད་འཛུགས་སྐྲུན་བྱེད་པར་རྨང་གཞི་ལེགས་པོ་བཏིངས། དེ་མིན་ད་ཐེངས་རིན་མེད་སྒོས་བོད་ཡིག་ཡིག་ཚགས་ཡིག་ཆ500ལྷག་ལོན་པ་རེད།
     བརྙན་རིས་ཚད་ལྡན་དུ་གཏོང་བར་གཅིག་མཐུན་གྱི་ལྟ་བ་བྱུང་བ།  མཚོ་ལྷོ་ཁུལ་བོད་སྐད་ཡིག་བྱ་བའི་ཨུ་ཡོན་ལྷན་ཁང་གི་ལྟ་ཞིབ་ཚན་ཆུང་གིས་བརྙན་འཕྲིན་ཁང་སོ་སོའི་བརྙན་རིས་སྒྲིག་བཟོ་ལ་གནས་པའི་གནད་དོན་ཐད་འབྲེལ་འདྲིས་བྱས་ཏེ། དྲ་ངོས་ལ་གཟིགས་ལྟ་དང་འཚོལ་བཤེར་འཆར་སྟངས་ཀྱི་རྣམ་པ་བརྒྱུད་བསྡུས་རིས་དང་ནང་དོན་བསྡུ་ལེན་སོགས་བརྙན་རིས་ལེ་ཚན་གྱི་དགོས་ངེས་ནང་དོན་ལ་ཞིབ་ཕྲའི་དགོངས་ཚུལ་བཏོན་ནས་མདོ་དབུས་ཁམས་གསུམ་གྱི་བརྙན་འཕྲིན་ཁང་གི་དྲ་རྒྱའི་བརྙན་རིས་ལེ་ཚན་གྱི་འཚོལ་བཤེར་སྤུས་དག་རང་བཞིན་ལ་རྨང་གཞིའི་བྱ་བ་བསྒྲུབས།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།