2015ལོའི་སྐབས་གཉིས་པའི་ཀྲུང་གོའི་རྒྱལ་རོང་རིག་གནས་དཔྱད་གླེང་ཚོགས་འདུ་རོང་བྲག་རྫོང་ནས་ཚོགས།

རྩོམ་པ་པོ།:ཚེ་བརྟན་སྒྲོལ་མས་བསྒྱུར། ཡོང་ཁུངས།:སི་ཁྲོན་གསར་འགྱུར་དྲ་བ། དུས་ཚོད།:2015-11-04 09:51:00 ཀློག་གྲངས།:
     སྤྱི་ཟླ10ཚེས27ཉིན་གྱི་ཕྱི་དྲོར། དཀར་མཛེས་ཁུལ་རིག་གནས་ལུས་རྩལ་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་དང་གསར་འགྱུར་པར་སྐྲུན་ཅུའུ། ཀྲུང་གུང་རོང་བྲག་རྫོང་ཨུ་དང་། རྫོང་མི་དམངས་སྲིད་གཞུང་གིས་ཐུན་མོང་གིས་གཉེར་བའི2015ལོའི་སྐབས་གཉིས་པའི་ཀྲུང་གོའི་རྒྱལ་རོང་རིག་གནས་དཔྱད་གླེང་ཚོགས་འདུ་དེ་རོང་བྲག་རྫོང་ནས་ཚོགས་ཤིང་། དཀར་མཛེས་ཁུལ་དང་རྫོང་གི་འགོ་ཁྲིད་དང་། ཆེད་ཞུའི་ཆེད་མཁས་པ་དང་མཁས་དབང་། ས་གནས་དེ་གའི་ཆེད་མཁས་པ། རྫོང་རིམ་པའི་འབྲེལ་ཡོད་སྡེ་ཁག་དང་དེ་བཞིན་གཞི་རིམ་ཡུལ་ཤོག་དང་གྲོང་སྡེ་བཅས་ཀྱི་འགན་འཁུར་བ། ཡུལ་མིའི་སྣེ་ལེན་དཔེ་སྟོན་ཁྱིམ་ཚང་གི་འཐུས་མི་སོགས་ཐེངས་འདིའི་ཚོགས་འདུར་ཞུགས།
     ཀྲུང་གུང་རོང་བྲག་རྫོང་ཨུའི་ཧྲུའུ་ཅི་ཁྲིན་ཏེ་ཁེང་གིས་རྫོང་ཨུ་དང་རྫོང་མི་དམངས་འཐུས་མི་ཚོགས་ཆེན། རྫོང་སྲིད་གཞུང་། རྫོང་སྲིད་གྲོས། དེ་མིན་རྫོང་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་ཚབ་བྱས་ཏེ་ཚོགས་ཞུགས་སྐུ་མགྲོན་རྣམས་ལ་དགའ་བསུ་ཞུས། དེ་དང་འབྲེལ་རྒྱལ་རོང་རིག་གནས་ཞིབ་ཕྲའི་ངང་ངོ་སྤྲོད་མཛད།  ཁྲིན་ཏེ་ཁེང་གིས་རོང་བྲག་རྫོང་གིས་ངེས་པར་དུ་ཀྲུང་དབྱང་དང་ཞིང་ཆེན་ཁུལ་གྱི་རིག་གནས་འཕེལ་རྒྱས་ཀྱི་སྤྱིའི་ལངས་ཕྱོགས་ལྟར་རྒྱལ་རོང་རིག་གནས་དཔྱད་གླེང་ཚོགས་འདུའི་གོ་སྐབས་དམ་འཛིན་བྱས་ཏེ་གོམ་གང་མདུན་སྤོས་སྒོས་དམིགས་འབེན་གསལ་བོས་རྒྱལ་རོང་ལོ་རྒྱུས་དང་རིག་གནས་ཀྱི་ཐོན་ཁུངས་སྔོག་འདོན་དང་བེད་སྤྱོད་ཡག་པོ་བྱས་ཏེ་དེང་རབས་དང་འབྱུང་འགྱུར་ལ་ཞབས་འདེགས་ཞུ་དགོས་པ་བསྟན།
     ཚོགས་འདུའི་ཐོག་ཆེད་མཁས་པ་དང་མཁས་དབང་ཚོས་རོང་བྲག་རྫོང་གི་དྲིལ་བསྒྲགས་བརྙན་ཐུང་ལ་གཟིགས་ཤིང་། རོང་བྲག་རྫོང་གིས་རྒྱལ་རོང་བོད་རིགས་ཀྱི་ཡུལ་མིའི་སྡོད་ཁང་གི་བཟོ་སྐྲུན་ལ་སྲུང་སྐྱོང་དང་རྒྱུན་འཛིན་སྐོར་ལ་ལས་ཀ་བསྒྲུབས་པར་རྒྱུས་ལོན་བྱས། རོང་བྲག་གི་རྒྱལ་རོང་ཡུལ་མིའི་སྡོད་ཁང་གི་བཟོ་སྐྲུན་སྲུང་སྐྱོང་དང་རྒྱུན་འཛིན་ཞེས་པ་བརྗོད་བྱར་བཟུང་ནས་བགྲོ་གླེང་མཛད། ས་གནས་ཆེད་མཁས་པས་རོང་བྲག་གི་རྒྱལ་རོང་ཡུལ་མིའི་སྡོད་ཁང་འཛུགས་སྐྲུན་ཁྱད་ཆོས་ཁྲོད་གནས་པའི་གཞན་འགྱུར་དང་ད་དུང་སྲུང་སྐྱོང་དང་རྒྱུན་འཛིན་བྱ་དགོས་པའི་ཐད་བསམ་འཆར་དང་གྲོས་གཞི་བཏོན།
     བགྲོ་གླེང་ཚོགས་འདུའི་སྟེང་སི་ཁྲོན་རྒྱལ་སྲུང་མཛེས་རིས་ཁང་གི་འགན་འཛིན་གཞོན་པ་ཀྲོ་ཧུང་གིས་རྒྱལ་རོང་བོད་རིགས་ཀྱི་རིག་གནས་དར་སྤེལ་དང་ངོ་མཚར་ཆེ་བའི་མཁར་རྫོང་ཡུལ་མིའི་སྡོད་ཁང་རྒྱུན་འཛིན་ཞེས་པའི་ཆེད་མངགས་ཕྱག་བྲིས་ཕུལ་ཏེ་བཀྲ་ཤིས་བདེ་ལེགས་ཞུས།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།