རྩོམ་པ་པོ་སྟག་འབུམ་རྒྱལ་གྱི་སྒྲུང་གཏམ་དང་མཚོ་ལྷོའི་རྩོམ་རིག་གསར་རྩོམ་དཔྱད་གླེང་ཚོགས་འདུ་བསྡུས།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2015-10-14 16:52:00 ཀློག་གྲངས།:


མཚོ་ལྷོ་ཁུལ་ཨུའི་ཧྲུའུ་ཅི་ཀྲང་ཝུན་ཁོས་དང་ཚོགས་ཞུགས་འཐུས་ཚབ་རྣམས་ལྷན་དུ་བགྲོ་གླེང་བྱེད་པ།

རྩོམ་པ་པོ་སྟག་འབུམ་རྒྱལ་གྱི་སྒྲུང་གཏམ་དང་མཚོ་ལྷོའི་བོད་ཀྱི་རྩོམ་རིག་གསར་རྩོམ་དཔྱད་གླེང་ཚོགས་འདུ་བསྡུས་པ།
རྩོམ་པ་པོ་སྟག་འབུམ་རྒྱལ་གྱི་སྒྲུང་གཏམ་དང་མཚོ་ལྷོའི་བོད་ཀྱི་རྩོམ་རིག་གསར་རྩོམ་དཔྱད་གླེང་ཚོགས་འདུ་བསྡུས།


གྲོས་ཚོགས་ཀྱི་ཡུལ་དངོས་རྣམ་པ།

     སྤྱི་ཟླ10བའི་ཚེས13ཉིན། མཚོ་སྔོན་ཞིང་ཆེན་རྩོམ་པ་པོའི་མཐུན་ཚོགས་དང་མཚོ་ལྷོ་ཁུལ་རྩོམ་པ་པོའི་མཐུན་ཚོགས་གཉིས་ཀྱིས་གཙོ་སྒྲུབ་གནང་བའི་རྩོམ་པ་པོ་སྟག་འབུམ་རྒྱལ་གྱི་སྒྲུང་གཏམ་དང་མཚོ་ལྷོའི་བོད་ཀྱི་རྩོམ་རིག་གསར་རྩོམ་དཔྱད་གླེང་ཚོགས་འདུ་དེ་མཚོ་ལྷོ་ཁུལ་གསེར་ཆེན་རྫོང་ཆབ་ཆ་གྲོང་རྡལ་དུ་བསྡུས་ཤིང་། མཚོ་སྔོན་ཞིང་ཆེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་མེ་སྒྲོན་དང་ཀྲུའུ་ཞི་གཞོན་པ་མཱ་ཅུན།  ལུང་རིན་ཆེན།  ལི་ཤོའོ་ལིན། བཀྲ་ཤིས་དོན་གྲུབ། ཆབ་འགག་རྡོ་རྗེ་ཚེ་རིང་། རྩོམ་པ་པོ་ཚེ་བརྟན། རྩོམ་པ་པོ་པདྨ་ཚེ་བརྟན། ཆོས་སྐྱོང་། ཚེ་རྒྱལ། འབྲུག་ལྷ་རྒྱལ། རྩོམ་རིག་དཔྱད་བརྗོད་པ་པེའུ་ཡན་ཅུན། སྒྲོལ་མ་སོགས་ཐེངས་འདིའི་བགྲོ་གླེང་ཚོགས་འདུར་གདན་འདྲེན་ཞུས་པ་དང་། མཚོ་ལྷོ་ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཁུང་ཀྲན་ཝེ་དང་། མཚོ་ལྷོ་ཁུལ་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་ཀྲུའུ་ལི་ཞིན། ཀྲུའུ་ཞི་གཞོན་པ་དབང་ལྡན། ལི་ཡོན་ཡེ། ཚེ་ལོ་ཐར། རྩོམ་པ་པོ་སྟག་འབུམ་རྒྱལ། ཁྲི་ཀ་རྫོང་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཧུའུ་ཡོ་ཀང་སོགས་མཚོ་ལྷོ་ཁུལ་གྱི་རྩོམ་པ་པོ་དང་སྙན་ངག་པ་བཅས་མི50ལྷག་གྲོས་ཚོགས་སུ་ཞུགས། བགྲོ་གླེང་ཚོགས་འདུར་མཚོ་ལྷོ་ཁུལ་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་ཀྲུའུ་ལི་ཞིན་གྱིས་མདོ་འཛིན་མཛད་པ་དང་། མཚོ་ལྷོ་ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཁུང་ཀྲན་ཝེ་ཡིས་གཏམ་བཤད་སྤེལ།


མཚོ་སྔོན་ཞིང་ཆེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་མེ་སྒྲོན་གྱིས་གཏམ་བཤད་གནང་།


མཚོ་ལྷོ་ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཁུང་ཀྲན་ཝེ་ཡིས་ཤིས་ཚིག་ཕུལ་བ།


ཆབ་འགག་རྡོ་རྗེ་ཚེ་རིང་གིས་གཏམ་བཤད་སྤེལ་བ།


པདྨ་ཚེ་བརྟན་གྱིས་གཏམ་བཤད་སྤེལ་བ།

     གྲོས་ཚོགས་ཀྱི་སྐབས་སུ། ཀྲུང་གུང་མཚོ་ལྷོ་ཁུལ་ཨུའི་ཧྲུའུ་ཅི་ཀྲང་ཝུན་ཁོས་ཀྱིས་ཚོགས་ཞུགས་མཚོ་ལྷོ་ཁུལ་གྱི་རྩོམ་པ་པོའི་འཐུས་ཚབ་རྣམས་དང་མཇལ་འཕྲད་གནང་བ་མ་ཟད་ལྷན་དུ་བགྲོ་གླེང་མཛད་པ་དང་། རྩོམ་པ་པོ་སོ་སོའི་གསར་རྩོམ་བརྒྱུད་རིམ་དང་བརྩམས་ཆོས་ཀྱི་གྲུབ་འབྲས་ཐད་རྒྱུས་ལོན་ཟབ་མོའི་ངང་མཚོ་ལྷོ་ཁུལ་གྱི་རྩོམ་པ་པོ་རྣམས་ལ་སྔར་བཞིན་རྩོམ་རིག་གསར་རྩོམ་གྱི་ལས་ལ་འབད་པར་སྐུལ་ལྕག་གནང་ལ། ཚོགས་ཞུགས་རྩོམ་པ་པོ་དང་དཔྱད་བརྗོད་པ་རྣམ་པས་ཀྱང་སྟག་འབུམ་རྒྱལ་གྱི་སྒྲུང་གཏམ་གྱི་སྒྱུ་རྩལ་གྲུབ་འབྲས་དང་མཚོ་ལྷོའི་བོད་སྐད་རྩོམ་རིག་གི་གསར་རྩོམ་གནས་བབ་དང་འཕེལ་རྒྱས་ཐད་གཏིང་ཟབ་པའི་སྒོ་ནས་གླེང་མོལ་དང་ལྟ་ཚུལ་ལེགས་པོ་བཏོན། དེར་མ་ཟད། ད་ལྟའི་བར་མཚོ་ལྷོའི་བོད་ཀྱི་རྩོམ་རིག་སྟེགས་བུའི་སྟེང་བློ་བཟང་ལྷུན་གྲུབ་རྡོ་རྗེ་དང་། གཅོད་པ་དོན་གྲུབ། ཆབ་འགག་རྡོ་རྗེ་ཚེ་རིང་། སྐལ་བཟང་རྡོ་རྗེ། རྒྱ་གྲོལ(ཤེས་རབ་བསྟན་དར)། སྟག་འབུམ་རྒྱལ། པདྨ་ཚེ་བརྟན། གསང་བདག   ལུང་རིན་ཆེན། བཀྲ་བྷ། དོན་གྲུབ་ཚེ་རིང་། རྡོ་བརྟན། འོད་རྒྱན་རྡོ་རྗེ། འཇིགས་མེད་རྡོ་རྗེ། འབྲུག་ལྷ་རྒྱལ། ཚེ་རྒྱལ་སོགས་ཀྱིས་བོད་ཀྱི་རྩོམ་རིག་རྒྱུན་འཛིན་དང་འཕེལ་རྒྱས་ཐད་སྲ་བརྟན་གྱི་རྨང་བཏིངས་ཤིང་། ཁོ་ཚོ་ནི་བོད་ཀྱི་རྩོམ་རིག་སྟེགས་བུའི་གཙོ་ཤུགས་ཡིན་པ་དང་། སྒོས་སུ་བོད་རྒྱའི་སྐད་གཉིས་གསར་རྩོམ་དང་ལོ་ཙཱའི་བརྩམས་ཆོས་ཐད་བྱས་རྗེས་ཆེན་པོ་བཞག་ཡོད།

གཙོ་ངོས།ཤོག་ངོས་གོང་མ།12ཤོག་ངོས་འོག་མ།ཤོག་ངོས་མཐའ་མ།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།