པེ་ཅིན་སློབ་ཆེན་སོགས་མཐོ་སློབ་བཅུ་ལྷག་གི་བོད་ཀྱི་ལས་ཐོག་ཞིབ་འཇུག་སློབ་མ་བསྡུ་རྒྱུ་ཡིནཔ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:ཀྲུང་གོའི་བོད་ལྗོངས་དྲ་བ། དུས་ཚོད།:2015-10-14 12:04:00 ཀློག་གྲངས།:
     ཉེ་ཆར། བོད་རང་སྐྱོང་ལྗོངས་སློབ་གསོ་ཐིང་ནས་ཤེས་རྟོགས་བྱུང་གསལ།   2016 ལོར་སློབ་གསོ་པུའུ་ཡི་མཐོ་སློབ10ཡིས་མུ་མཐུད་དུ་ཁེར་རྐྱང་རྒྱུགས་སྤྲོད་ཀྱི་སློབ་བསྡུའི་རྣམ་པའི་ཐོག   བོད་ལ་ཁ་ཕྱོགས་ནས་ལས་ཐོག་ཞིབ་འཇུག་སློབ་མ་བསྡུ་རྒྱུ་ཡིནཔ།
     སློབ་བསྡུ་སློབ་གླིང་ནང་པེ་ཅིན་སློབ་ཆེན། ཀྲུང་གོའི་མི་དམངས་སློབ་ཆེན།  པེ་ཅིན་དགེ་འོས་སློབ་ཆེན་དང་། ཀྲུང་གོའི་སྲིད་ཁྲིམས་སློབ་ཆེན། ཐེན་ཅིན་སློབ་ཆེན། ཅི་ལིན་སློབ་ཆེན། སི་ཁྲོན་སློབ་ཆེན། ལྷོ་ནུབ་འགྲིམ་འགྲུལ་སློབ་ཆེན། ལྷོ་ནུབ་ནོར་དཔལ་སློབ་ཆེན། ནུབ་བྱང་ཞིང་ནགས་ཚན་རྩལ་སློབ་ཆེན།  གསོ་སྐྱོང་གྲོན་དངུལ་ནི་གསོ་སྐྱོང་སློབ་གྲྭའི་སློབ་ཡོན་བསྡུ་ལེན་གྱི་ཚད་གཞི་ལྟར་འཇལ་དགོས། རྒྱུགས་འཕྲོད་སློབ་མ་བསྡུ་ལེན་མ་བྱས་གོང་། ངེས་པར་དུ་རང་ཉིད་གནས་སའི་ལས་ཁུངས།  ལྗོངས་སློབ་གསོ་ཐིན། གསོ་སྐྱོང་སློབ་གྲྭ་སོགས་ལ་གྲོས་མཐུན་མིང་རྟགས་བཀོད་ནས། སློབ་གྲྭ་མཐར་ཕྱིན་རྗེས་ངེས་པར་དུ་བོད་ལ་ལོ8ཡན་ལས་ཀ་བྱེད་དགོས།  ཁ་ཆད་དང་འགལ་མི་ཆོག
     རྒྱུགས་སྤྲོད་ཆ་རྐྱེན། 2014ལོའི་ཟླ9བའི་གོང་དུ་ལས་ཀར་ཞུགས་པ་དང་། ཐེམ་ཐོ་བོད་དུ་ཡོད་པའི་ལས་ཁུངས་ཀྱི་ལས་འབྱེད་པ། བྱ་གཞག་ཚན་པའི་ལས་འབྱེད་པ་དང་གཞུང་ཁོངས་ཁེ་ལས་ཀྱི་གཉེར་སྐྱོང་དོ་དམ་མི་སྣ། 2014ལོའི་ཟླ8པའི་གོང་རྒྱལ་ཁབ་ཀྱི་ཁས་ལེན་བྱས་པའི་སློབ་ཆེན་དངོས་གཞིའི་ཚན་ཁག་ནས་ཐོན་པའི་སློབ་གཉེར་བརྒྱུད་རིམ་ཡོད་དགོས། ལོ་ཚོད་ནི་ལོ45མན་ཆད་ཡིན་དགོས།  ལུས་ཕུང་བདེ་ཐང་དང་རྒྱུན་གཏན་གྱི་སློབ་སྦྱོང་ལ་རྒྱུན་འཁྱོངས་བྱེད་ཐུབ་པ་དགོས།
     དྲ་ཐོག་ནས་མིང་ཐོ་འགོད་པའི་དུས་ཚོད་ནི་ཟླ10བའི་ཚེས10ཉིན་ནས་ཟླ10བའི་ཚེས 31ཉིན་གྱི་བར་དུ་ཡིན། མིང་ཐོ་འགོད་པའི་དུས་ཚོད་ལས་འགལ་ན་མིང་ཐོ་འགོད་མི་ཆོག་པ་དང་། མིང་ཐོ་འགོད་པའི་ཆ་འཕྲིན་ཡང་བཟོ་བཅོས་བྱས་མི་ཆོག རྒྱུགས་སྤྲོད་སློབ་མས་ཀྲུང་གོའི་ཞིབ་འཇུག་སློབ་མ་བསྡུ་བའི་ཐོ་འགོད་ཆ་འཕྲིན་དྲ་བའི་ནང་དུ་ཕྱིན་ནས་མིང་འགོད་རྒྱུགས་སྤྲོད་ཀྱི་ཤེས་བྱ་རགས་ཙམ་ལྟ་དགོས།
     བོད་ཀྱི་ཡིག་རྒྱུགས་ནི་རང་སྐྱོང་ལྗོངས་སློབ་གསོ་ཡིག་རྒྱུགས་ཁང་གིས་ཞིབ་ཕྲའི་སྒྲིག་འཛུགས་དང་ལག་བསྟར་བྱས། ཞིབ་ཕྲའི་ལས་དོན་ཐོག་རྒྱུགས་སྤྲོད་སློབ་མས་རང་སྐྱོང་ལྗོངས་སློབ་གསོ་ཐིང་གིས་མཐོ་སློབ་སློབ་མའི་ལས་དོན་ཁྲུའུ0891-6599723དང་རང་སྐྱོང་ལྗོངས་སློབ་གསོ་ཡིག་རྒྱུགས་ཁང0891-6322440ལ་འདྲི་རྟོག་བྱས་ཆོག


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།