མང་རྫོང་གིས་རྩོམ་རིག་ལོ་དེབ་ཐོག་མ《མང་ཆུ》ཡི་འགྲེམ་སྤེལ་མཛད་སྒོ་བསྡུས།

རྩོམ་པ་པོ།:དོན་གྲུབ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2015-10-10 11:52:00 ཀློག་གྲངས།:


མང་རྫོང་གིས་རྩོམ་རིག་ལོ་དེབ་ཐོག་མ《མང་ཆུ》ཡི་འགྲེམ་སྤེལ་མཛད་སྒོ་བསྡུས།

མང་རྫོང་གིས་རྩོམ་རིག་ལོ་དེབ་ཐོག་མ《མང་ཆུ》ཡི་འགྲེམ་སྤེལ་མཛད་སྒོ་བསྡུས།
མཚོ་ལྷོ་ཁུལ་བོད་སྐད་ཡིག་གཞུང་ལས་ཁང་གི་ཀྲུའུ་རིན་ཚེ་ལོ་དང་རྫོང་སྲིད་གཞུང་གི་རྫོང་དཔོན་གཞོན་པ་
འབྲུག་འབུམ་རྒྱལ་གཉིས་ཀྱིས《མང་ཆུ》ལོ་དེབ་ཀྱི་འགྲེམ་སྤེལ་ཡོལ་སྒོ་ཕྱེ།


རྩོམ་པ་པོའི་འཐུས་མི་དང་སློབ་གྲྭ་སོ་སོར་རྩོམ་དེབ་གཟིགས་འབུལ་གནང་།

     མང་རྫོང་བོད་སྐད་ཡིག་གཞུང་ལས་ཁང་གིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་འཕེལ་རྒྱས་ལམ་ཕྱོགས་རྒྱུན་འཁྱོངས་དང་། རྩོམ་རིག་བརྩམས་ཆོས་ཀྱིས་སྲོལ་བཟང་དར་སྤེལ་དང་བློ་ཁ་འདྲེན་པ། སྤྱི་ཚོགས་ཞབས་འདེགས། འཕེལ་རྒྱས་སྐུལ་འདེད་ཁྲོད་དུ་བཏོན་པའི་ནུས་པ་འདོན་ཆེད། རྫོང་ཨུ་དང་རྫོང་སྲིད་གཞུང་གི་བླ་མེད་ཐུགས་ཁུར་དང་རྒྱབ་སྐྱོར། ད་དུང་རྩོམ་སྒྲིག་མི་སྣ་ཡོངས་ཀྱི་རོགས་འདེགས་ཆེན་པོའི་འོག  2014ལོའི་ཟླ6པ་ནས་བཟུང་སྟེ། བརྩམས་སྒྲུང་དང་སྙན་ངག ལྷུག་རྩོམ། དཔྱད་རྩོམ། ཡིག་སྒྱུར། པར་རིས། མཛེས་རྩལ། ཡིག་གཟུགས། སློབ་མའི་རྩོམ་ཡིག མང་རྫོང་ཁྱད་རྫས་ངོ་སྤྲོད། མང་རྫོང་དོན་ཆེན་ཟིན་ཐོ་སོགས་ཀྱི་ནང་དོན་གཞི་གཅིག་ཏུ་གྲུབ་པའི་རྩོམ་རིག་སྒྱུ་རྩལ་གྱི་ལོ་དེབ་ཞིག་བསྒྲུབ་མགོ་བརྩམས་པ་དང་། ད་ལོར་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་དང་འབྲེལ་བ་བཙུགས་ནས་རྒྱལ་ཁབ་ཀྱི་ཚད་ལྡན་དཔེ་རྟགས་བླངས་ཏེ་པར་སྐྲུན་གྱི་བྱ་བ་ཡོངས་སུ་གྲུབ་པ་མ་ཟད། 2015ལོའི་ཟླ10བའི་ཚེས10ཉིན་གྱི་སྔ་དྲོར་མང་རྫོང་གི་རྩོམ་རིག་ལོ་དེབ་ཐོག་མ《མང་ཆུ》འགྲེམ་སྤེལ་མཛད་སྒོ་མང་རྫོང་མི་དམངས་སྲིད་གཞུང་ཚོགས་ཁང་དུ་བསྡུས་པ་རེད།
     ཐེངས་འདིའི་མཛད་སྒོར་མང་རྫོང་དམངས་ཆེན་གཞུང་ལས་ཁང་གི་ཀྲུའུ་རིན་ཚེ་རིང་རྒྱལ་དང་རྫོང་ཨུའི་ཧྲུའུ་ཅི་བཀྲ་རྒྱམ། མཚོ་ལྷོ་ཁུལ་བོད་སྐད་ཡིག་གཞུང་ལས་ཁང་གི་ཀྲུའུ་རིན་ཚེ་ལོ། ཁུལ་བོད་སྐད་ཡིག་གཞུང་ལས་ཁང་གི་ཀྲུའུ་རིན་གཞོན་པ་སྙིང་བྱམས་རྒྱལ། རྫོང་སྲིད་གཞུང་གི་རྫོང་དཔོན་གཞོན་པ་འབྲུག་འབུམ་རྒྱལ། རྫོང་ཁག་ལྔའི་བོད་སྐད་ཡིག་གཞུང་ལས་ཁང་གི་ཀྲུའུ་རིན། ཞང་དང་གྲོལ་རྡལ་སོ་སོའི་ཏང་ཨུའི་ཧྲུའུ་ཅི། རྩོམ་སྒྲིག་ཨུ་ལྷན་ཚོགས་མིའི་ལས་ཁུངས་ཀྱི་འགོ་གཙོ། སློབ་གྲྭ་སོ་སོའི་སློབ་གཙོ། རྩོམ་སྒྲིག་མི་སྣ་དང་རྩོམ་པ་པོའི་འཐུས་མི་སོགས་མི་སྣ60ལྷག་ཞུགས།
     མང་རྫོང་གི་རྫོང་དཔོན་གཞོན་པ་འབྲུག་འབུམ་རྒྱལ་གྱིས་རྩོམ་དེབ་འདིས་བསམ་པའི་དཔལ་ཡོན་འཛུགས་སྐྲུན་དང་རིག་གནས་སྒྱུ་རྩལ་ལས་རིགས་ཕུམ་སུམ་ཇེ་ཚོགས་སུ་གཏོང་བ་དང་། ཕུལ་བྱུང་རིག་གནས་རྒྱུད་འཛིན་དར་སྤེལ་ལ་ཐོན་པའི་ནུས་པ་གལ་ཆེན་ཐད་དུ་གསུང་བཤད་གནང་བ་དང་། གཙོ་སྒྲིག་པ་ཀླུ་མཚོ་སྐྱིད་ཀྱིས་རྩོམ་དེབ་འདིའི་མིང་གི་འདོགས་སྟངས་དང་དེབ་རྟགས་ཇུས་འགོད། ནང་དོན་བཀོད་སྒྲིག པར་ངོས་ཇུས་འགོད། དཔེ་རྟགས་རེ་ཞུ། རྩ་འཛུགས་རྒྱབ་རོགས། གྲོན་དངུལ་ཁག་ཐེག་སོགས་ཕྱོགས་བདུན་ནས་ངོ་སྤྲོད་གསལ་བོ་བྱས་ལ། མཚོ་ལྷོ་ཁུལ་བོད་སྐད་ཡིག་གཞུང་ལས་ཁང་གི་ཀྲུའུ་རིན་ཚེ་ལོ་དང་རྫོང་ཨུའི་ཧྲུའུ་ཅི་བཀྲ་རྒྱམ་གཉིས་ཀྱིས《མང་ཆུ》ལོ་དེབ་ཀྱི་འགྲེམ་སྤེལ་ཡོལ་སྒོ་ཕྱེ་པ་དང་། རྩོམ་པ་པོའི་འཐུས་མི་དང་སློབ་གྲྭ་སོ་སོར་རྩོམ་དེབ་གཟིགས་འབུལ་གནང་།
     མཛད་སྒོ་མཇུག་སྒྲིལ་ཁར། མཚོ་ལྷོ་ཁུལ་བོད་སྐད་ཡིག་གཞུང་ལས་ཁང་གི་ཀྲུའུ་རིན་ཚེ་ལོ་དང་རྫོང་ཨུའི་ཧྲུའུ་ཅི་བཀྲ་རྒྱམ་གཉིས་ཀྱིས་གསུང་བཤད་གལ་ཆེན་གནང་ནས་རྫོང་ཡོངས་ཀྱི་རིག་རྩལ་ལས་རིགས་གཉེར་མཁན་དག་ལ་ཞིབ་ཕྲའི་རེ་བ་གཉིས་བཏོན་པ་སྟེ། གཅིག་ནི་རྒྱ་ཆེ་བའི་རིག་རྩལ་ལས་རིགས་གཉེར་མཁན་ཞིག་ཡིན་ཚེ། ངེས་པར་དུ་རྫོང་ཨུ་དང་རྫོང་སྲིད་གཞུང་གི་ཇུས་ཆོད་ཀྱི་འགྱུར་མེད་རྒྱབ་སྐྱོར་མཁན་དང་ལག་བསྟར་མཁན་ཡིན་དགོས་ལ། རིག་རྩལ་གྱི་ཐབས་ལམ་སྣ་མང་སྤྱད་ནས་རིག་རྩལ་གྱི་སློབ་གསོ་དང་མཛེས་དཔྱོད། གཤིས་སྐྱོང་། དྲིལ་སྒྲོག་ཐད་ཀྱི་དམིགས་བསལ་གྱི་ནུས་པ་འདོན་གང་ལེགས་བྱེད་དགོས་པ། དུས་རབས་ཀྱི་འགྱུར་བ་དང་རྫོང་གི་དཔལ་འབྱོར་འཕེལ་རྒྱས་ཡིག་ཐོག་ཏུ་བཀོད་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁ་གཡང་སྒྲོག་པ་དང་དམངས་ཕྱུག་རྫོང་སྟོབས་དུས་རབས་ཀྱི་རྔ་སྒྲ་སྒྲོག་དགོས། གཉིས་ནི་ཕུལ་བྱུང་རིག་གནས་ཀྱི་ཉིང་བཅུད་བསྡུ་ལེན་རྒྱ་ཆེར་བྱེད་པ་དང་རིག་རྩལ་གསར་བཏོད་ཀྱི་ནུས་པ་མཐོར་འདེགས་གཏོང་དགོས་པ་དང་། ཕྱོགས་ཡོངས་ནས་མང་རྫོང་གི་རིག་རྩལ་འཇོན་མི་གསོ་སྐྱོང་དང་འདོན་སྤེལ་བྱས་ནས་ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ལ་ཞབས་ཞུ་དང་སྤྱི་ཚོགས་ལ་ཞབས་ཞུ་བྱེད་པའི་ཁ་ཕྱོགས་བརྟན་སྲུང་བྱེད་དགོས་ལ། གཞི་རིམ་དང་འཚོ་བ། དམངས་ཁྲོད་ལ་ཞུགས་པའི་བླང་བྱ་ལྟར། དངོས་སུ་གཞི་རིམ་གྱི་དམངས་ཁྲོད་དང་རྫོང་ཡོངས་འཕེལ་རྒྱས་བཅོས་སྒྱུར་གྱི་རླབས་ཆེན་བྱ་གཞག་ཁྲོད་ཞུགས་ནས་རྒྱུད་འཛིན་དང་གསར་བཏོད་ཀྱི་འབྲེལ་བ་ངེས་པ་དང་། ཞིང་ཆེན་ཡོངས་སུ་མིང་གྲགས་ཡོད་པ་དང་བོད་ཁུལ་དུ་ཤན་ཤུགས་གཏོང་ཐུབ་པའི་བརྩམས་ཆོས་གསར་རྩོམ་བྱས་ཏེ། ནང་དོན་ལྡན་ཞིང་ཁྱད་ཆོས་འབུར་དུ་ཐོན་པའི་མང་རྫོང་ཁྱད་ཆོས་ཀྱི་རིག་གནས་མཚན་རྟགས་བསྐྲུན་དགོས་པ་བསྟན།
     མདོར་ན། མང་རྫོང་རྩོམ་རིག་ལོ་དེབ《མང་ཆུ》ནི་མང་རྫོང་སྲིད་གཞུང་བཙུགས་ནས་ལོ་འཁོར62ལོན་པའི་ཚུན་གྱི་ཆེས་ཐོག་མའི་གཞུང་གཉེར་དུས་དེབ་ཡིན་ལ། ལོ་དེབ་འདིས་མང་རྫོང་གི་མ་འོངས་པའི་རིག་གནས་འཕེལ་རྒྱས་ལ་རྐང་ལམ་གསར་བ་ཞིག་བཞག་པ་མ་ཟད། ད་དུང་རིག་རྩལ་ལ་དགའ་མཁན་མང་པོར་གསར་རྩོམ་གྱི་གཤིན་ས་གསར་བ་དང་། ཏང་དང་སྲིད་གཞུང་གིས་རིག་རྩལ་ལས་རིགས་གཉེར་མཁན་ལ་འབྲེལ་འདྲིས་བྱེད་པའི་གསེར་ཟམ་གསར་བ་ཞིག་ཀྱང་བསྐྲུན་ཡོད་པ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།