སྐབས་དྲུག་པའི་བོད་ཀྱི་ཇོ་རིའི་རྩོམ་རིག་སྒྱུ་རྩལ་བྱ་དགའ་ཐོབ་མཁན་གྱི་མིང་ཐོ་ཁྱབ་བསྒྲགས་བྱས་པ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། དུས་ཚོད།:2015-09-30 09:04:00 ཀློག་གྲངས།:
     སྐབས་དྲུག་པའི་བོད་ཀྱི“ཇོ་རིའི་རྩོམ་རིག་སྒྱུ་རྩལ་བྱ་དགའི”བརྩམ་བྱར་ཐོག་མའི་དཔྱད་འདེམས་དང་སྤྱི་བསྒྲགས་སོགས་བྱས་པ་བརྒྱུད། 2015ལོའི་ཟླ9ཚེས17ཉིན་ལྷ་ས་གྲོང་ཁྱེར་ཉི་འོད་བདེན་དཔང་ཁྲུའུ་ཡི་བདེན་དཔང་འོག མིང་མི་འགོད་པའི་འདེམས་ཤོག་འཕངས་པ་བརྒྱུད། མཐར་དམིགས་བསལ་བྱ་དགའ3དང་། ཕུལ་བྱུང་བརྩམས་ཆོས་བྱ་དགའ14བདམས་ཐོན་བྱུང་བ་རེད།
     སྐབས་དྲུག་པའི་བོད་ཀྱི“ཇོ་རིའི་རྩོམ་རིག་སྒྱུ་རྩལ་བྱ་དགའ”ཐོབ་མཁན་གྱི་མིང་ཐོ་གཤམ་གསལ། དམིགས་བསལ་བྱ་དགའ་ཐོབ་མཁན་ནི། ཁྲེང་རན་ཅེས་ཚིག་བརྩམས་པ་དང་། སྨོན་ལམ་རྡོ་རྗེ་དང་། བསྟན་འཛིན་སྤེན་ནོར། ཚེ་རིང་པ་སངས། བཀྲ་ཤིས་ཚེ་དབང་བཅས་ཀྱིས་གདངས་བརྩམས་པའི་ཚན་སྒྲིག་གླུ་གཞས་་ཆེ་གྲས《འཛམ་གླིང་ཡང་རྩེ་ནས་ཀྲུང་གོའི་ཕུགས་འདུན་ལ་བསྟོད་པ་འབུལ》ཞེས་པ་དང་། ལྷ་ས་པོ་ཏ་ལ་ཡུལ་སྐོར་རིག་གནས་ཚོགས་པ་ཚད་ཡོད་ཀུང་སི་དང་། ཁྲེང་ཏུ་ཡུས་ཧྲེང་ཧོ་མེ་ཚོགས་པ་ཚད་ཡོད་ཀུང་སི། རི་ཆུ་ཧྲེང་ཏན་རིག་གནས་ཐོན་ལས་ཚད་ཡོད་ཀུང་སི་བཅས་ཀྱིས་བརྩམས་པའི་དངོས་ལྗོངས་ཟློས་གར་ཆེ་གྲས《འུན་ཤིང་ཀོང་ཇོ》ཧན་ཧྲུའུ་ལི་ཡི་སྣག་རིས་བརྩམས་ཆོས་བཅས་ཡིན་པ་དང་། ཕུལ་བྱུང་བརྩམས་ཆོས་བྱ་དགའ་ཐོབ་མཁན་ནི། རིག་གཞོལ་བུ་ཆུང་གི་བྱིས་སྒྲུང་རིང་གྲས《མི་ཆུང་གིས་ནོར་བུ་འཚོལ་བའི་ངོ་མཚར་གཏམ་རྒྱུད》(བོད་ཡིག)དང་། ཉི་མ་ཕན་ཐོགས་ཀྱི་བརྩམས་སྒྲུང་རིང་གྲས《འབྲུ་སྨུག་པོ》 ཝང་ཆོན་དང་མཁས་གྲུབ་ཆོས་འཕེལ་གྱི་བརྩམས་སྒྲུང་རིང་གྲས《གངས་ལྷགས་ཁྲོད་ཀྱི་པོ་ཏ་ལ》 བོད་ལྗོངས་བརྙན་འཕྲིན་ལས་ཁུངས་ཀྱི་ཆེད་བྲིས་པར་གཞི《མི་ཡུལ་གྱི་གནས་མཆོག མཁའ་དབྱིངས་ཀྱི་བོད་ལྗོངས》 ཚེ་རིང་རྣམ་རྒྱལ་གྱི་ཐང་ག་གསར་པ《མཛེས་པའི་བོད་ལྗོངས》 བཀྲ་ཤིས་ཚེ་འཕེལ་གྱི་སྲོལ་རྒྱུན་ཐང་ག《གནས་བརྟན་དུས་ལྡན》 ངག་དབང་གྲགས་པའི་སྣུམ་ཚོན་རི་མོ《བརྩེ་བ་བོད་ལ་བཅངས》 ཀྲང་ཧྲོ་ཀོའི་ཚན་སྒྲིག་པར་རིས་བརྩམས་ཆོས《བོད་ཀྱི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས》 རང་སྐྱོང་ལྗོངས་ལྷ་མོ་ཚོགས་པའི་གཏམ་བརྗོད་ཐུང་གྲས《དགེ་སློབ》 རང་སྐྱོང་ལྗོངས་གཏམ་བརྗོད་ཟློས་གར་ཚོགས་པའི་གཏམ་བརྗོད་ཐུང་གྲས་《དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་ཀྱི་གཏམ་རྒྱུད》 ཚེ་རིང་དབང་འདུས་ཀྱིས་འཁྲབ་ཁྲིད་བྱས་པ་དང་། སྐལ་བཟང་དབང་ཕྱུག་གིས་གདངས་བརྩམས་པ། ཧོང་པའོ་ཧྲེང་དང་ཏུང་དབེན་ཧྲེང་གིས་བྲོ་སྣེ་ཁྲིད་པའི་ཞབས་བྲོ《ང་ཚོ་ཚང་མ་སྤུན་ཟླ་རེད》 དམངས་ཁྲོད་ནས་ཚིག་བཏུས་ཤིང་ཀུན་དགའ་ལྷུན་གྲུབ་ཀྱིས་གདངས་བརྩམས་པའི་གླུ་གཞས《རྟ་ཕོ་སིང་སིང》 རང་སྐྱོང་ལྗོངས་ལྷ་མོ་ཚོགས་པའི་སྒྱུར་བཟོས་ལྷ་མོ《ཆོས་རྒྱལ་ནོར་བཟང》 བོད་ལྗོངས་བརྙན་འཕྲིན་ལས་ཁུངས་ཀྱི་བརྙན་འཕྲིན་རྒྱུན་མཐུད་འཁྲབ་ཚན《བོད་ཀྱི་གསང་སྒྲུང》(འགྱུར་མ)བཅས་ཡིན་པ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།