ངོས་དང་པོ > སྐབས་དོན། > རིག་གནས་སློབ་གསོ། > ཀྲུང་གོའི་བོད་ལྗོངས་དྲ་བས་པར་ལེན་བརྩམས་ཆོས་བསྡུ་བའི་བརྡ་སྦྱོར།
ཀྲུང་གོའི་བོད་ལྗོངས་དྲ་བས་པར་ལེན་བརྩམས་ཆོས་བསྡུ་བའི་བརྡ་སྦྱོར།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:ཀྲུང་གོའི་བོད་ལྗོངས་དྲ་བ།
དུས་ཚོད།:2015-09-13 07:41:00
ཀློག་གྲངས།:
བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ50འཁོར་བར་རྟེན་འབྲེལ་གཟབ་རྒྱས་ཞུ་བའི་དུས་འདིར། ཀྲུང་གོའི་བོད་ལྗོངས་དྲ་བས་མཛེས་པའི་བོད་ལྗོངས་ཞེས་པའི་པར་ལེན་བརྩམས་ཆོས་བསྡུ་བའི་བྱེད་སྒོ་ཞིག་སྤྱི་ཟླ9བའི་ཚེས11ཉིན་པེ་ཅིང་ནས་བསྡུ་མགོ་བརྩམས་ཤིང་། བྱེད་སྒོས་རྒྱལ་ཁབ་ཕྱི་ནང་གི་བོད་ལ་དགའ་ཞིང་། པར་ལེན་ལ་དགའ་ཞེན་ཆེ་བའི་དྲ་གྲོགས་རྣམས་ཀྱི་པར་ལེན་བརྩམས་ཆོས་དང་། པར་རིས་ཁྲོད་ཀྱི་མཛེས་པའི་བོད་ལྗོངས་ཀྱི་རྣམ་པ་ཀུན་ལ་ངོམ་ཆེད་སྟེགས་བུ་འདི་བསྐྲུན་པ་ཡིན་ལ། དེ་ལས་མཆོག་ཏུ་གྱུར་བའི་བརྩམས་ཆོས་དག་ལ་བྱ་དགའ་གནང་རྒྱུ།
ཉེ་བའི་ལོ50ཚུན་གྱི་བོད་ལྗོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་ཀྱི་འཕེལ་རྒྱས་གྲུབ་འབྲས་དང་གཏན་འཇགས་འཆམ་མཐུན་གྱི་གནས་སྟངས་མཚམས་སྦྱོར་སླད་དུ། ཐེངས་འདིའི་བྱེད་སྒོས་རྒྱལ་ཁབ་ཕྱི་ནང་གི་ཆེད་ལས་པར་ལེན་དང་པར་ལེན་ལ་དགའ་བའི་རྒྱལ་ནང་གི་སློབ་ཆེན་སློབ་མ་དང་། རྒྱལ་ཕྱིར་སློབ་གཉེར་ལ་འགྲིམ་པའི་སློབ་མ་བཅས་ལ་ཁ་ཕྱོགས་ནས་བོད་ལྗོངས་བརྗོད་གཞི་བྱས་པའི་པར་ལེན་བརྩམས་ཆོས་བསྡུ་འགྲེམ་བྱས་ཏེ་བོད་ལྗོངས་ངོ་མ་ཞིག་འཛམ་གླིང་ཡོངས་ལ་ངོམ་རྒྱུ་ཡིན།
འགྲན་བསྡུར་སྒྲིག་འཛུགས་ཕྱོགས་ཀྱིས་ངོ་སྤྲོད་ལྟར་ན། འགྲན་ཞུགས་བརྩམས་ཆོས་དག་ངེས་པར་དུ་བོད་རང་སྐྱོང་ལྗོངས་ཀྱི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་དང་། རང་བྱུང་མཛེས་ལྗོངས། དམངས་སྲོལ་གོམས་གཤིས། ལོ་རྒྱུས་རིག་གནས་སོགས་ནང་དོན་དང་འབྲེལ་དགོས་པ་དང་། རྣམ་པའི་ཆ་ནས། པར་ཚོམས་གཅིག་རེ་སྟེ་ཚོན་ལྡན་དང་ཚོན་མེད་གང་རུང་ཡིན་ཆོག སྔོན་དང་མི་འདྲ་བ་ནི་ཐེངས་འདིའི་འགྲན་བསྡུར་གྱིས་སྲོལ་རྒྱུན་པར་ཆས་ཀྱིས་བླངས་པའི་པར་རིས་ཕུད། དར་ཆེ་བའི་ལག་འཁྱེར་ཁ་པར་གྱིས་བླངས་པའི་པར་རིས་ཀྱང་བསྡུ་རྩོམ་གྱི་གྲས་སུ་བཞག་ཡོད། བརྩམས་ཆོས་དེ་དག་དམིགས་བསལ་གྱི་ཁྱད་ཆོས་ལྡན་ཞིང་། རང་གཤིས་གསལ་བ། དུས་རབས་ཀྱི་ཉམས་ལྡན་པ་ཞིག་ཡིན་དགོས་པ་མ་ཟད། ནང་དོན་གྱི་ཆ་ལ་སྐྱོན་བྲལ་ཡར་ཐོན་དང་སྒྱུ་རྩལ་གྱི་ཆུ་ཚད་མཐོན་པོ་ཞིག་ཡིན་དགོས།
ཐེངས་འདིའི་བྱེད་སྒོར་ཀྲུང་དབྱང་དྲ་འཕྲིན་གཞུང་སྒྲུབ་ཁང་གིས་མཐོང་ཆེན་དང་རྒྱབ་སྐྱོར་ཚད་མེད་གནང་ཡོད། བྱེད་སྒོའི་དུས་སུ་ཀྲུང་གོའི་བོད་ལྗོངས་དྲ་བས་སྐུད་ཐོག་དང་སྐུད་མེད། འཁྱེར་སྤྱོད་སྐུད་ལམ་བཅས་ནས་ཕུལ་བྱུང་བརྩམས་ཆོས་བཀྲམ་རྒྱུ་མ་ཟད། མི་དམངས་དྲ་བའི་རྒྱལ་ཕྱིའི་པར་མ་དང་། ཀྲུང་དབྱང་བརྙན་འཕྲིན་དྲ་བ། རྒྱལ་སྤྱིའི་དྲ་བ། ཀྲུང་གོའི་ཉིན་རེའི་ཚགས་པར་དྲ་བ། ཀྲུང་གོའི་གསར་འགྱུར་དྲ་བ། ཀྲུང་གོའི་དྲ་བ། ཝང་དབྱི་དྲ་བ། རྨ་རྒྱ་དྲ་བ། ཞིན་ལང་དྲ་བ། ཐིང་ཤུན་དྲ་བ་སོགས་སྨྱན་སྦྱོར་དྲ་ལམ་ནས་མཚམས་སྦྱོར་བྱེད་རྒྱུ་ཡིན།
ཐེངས་འདིའི་པར་རིས་བརྩམས་ཆོས་བསྡུ་བའི་ལས་ཀ་ཡོངས་སྤྱི་ཟླ11པའི་ཚེས20ཉིན་མཇུག་བསྡུ་རྒྱུ་དང་། མཇུག་སྒྲིལ་རྗེས་ཀྲུང་གོའི་པར་ལེན་མཐུན་ཚོགས་དང་བོད་ལྗོངས་པར་ལེན་མཐུན་ཚོགས་སོགས་ཀྱི་འབྲེལ་ཡོད་ཆེད་མཁས་ཀྱིས་དཔྱད་འདེམས་ཨུ་ལྷན་གྱི་འགན་བཞེས་ཏེ་དཔྱད་འདེམས་གནང་རྒྱུ་ཡིན་ལ། བྱ་དགའི་ཕྱོགས་ནས་དམིགས་བསལ་གྱི་བྱ་དགའ་དང་། ཨང་དང་པོ། ཨང་གཉིས་པ། ཨང་གསུམ་པ། ཕུལ་བྱུང་བྱ་དགའ་བཅས་རིམ་པ་ལྔ་ཕྱེ་ཡོད། བྱ་དགའ་ཐོབ་མཁན་གྱི་མཚན་དང་བརྩམས་ཆོས་དག་ལོ་མཇུག་ལ་དྲ་ཐོག་ནས་ཕྱིར་འགྲེམ་རྒྱུ་ཡིན།
འགྲན་བསྡུར་གོ་རིམ།
སྤྱི་ཟླ9བའི་ཚེས10ཉིན་ནས་ཟླ11པའི་ཚེས20ཉིན་བར་པར་རིས་བརྩམས་ཆོས་བསྡུ་རྒྱུ་དང་། སྤྱི་ཟླ11པའི་ཚེས23ཉིན་ནས་སྤྱི་ཟླ12པའི་ཚེས4ཉིན་པར་རིས་ལ་དཔྱད་འདེམས་གནང་རྒྱུ། སྤྱི་ཟླ12པའི་ཚེས8ཉིན་ཕུལ་བྱུང་པར་རིས་ཕྱིར་འགྲེམ་རྒྱུ་མ་ཟད། ཟླ་དེའི་ཚེས 16ཉིན་བྱེད་སྒོ་ཡོངས་སུ་མཇུག་བསྡུ་རྒྱུ་ཡིན།
བྱ་དགའི་སྐོར།
དམིགས་བསལ་བྱ་དགའ་གཅིག་སྟེ། བྱ་དགའི་དངུལ་སྒོར5000ཡིན།
ཨང་དང་པོ་གཅིག་སྟེ། བྱ་དགའི་དངུལ་སྒོར3000ཡིན།
ཨང་གཉིས་པ་གསུམ་སྟེ། བྱ་དགའི་དངུལ་སྒོར1000ཡིན།
ཨང་གསུམ་པ་ལྔ་སྟེ། བྱ་དགའི་དངུལ་སྒོར500ཡིན།
ཕུལ་བྱུང་བརྩམས་ཆོས་འགའ་སྟེ། བྱ་དགའི་དངུལ་སྒོར100ཡིན།
རྩོམ་བསྐུར་སའི་ཡིག་སྒམ། tphoto@qq.com།
འབྲེལ་གཏུག་ཁ་པར། 18611879785།
ཁ་པར་ལེན་མཁན། ཡའོ་ཧའོ་རན། (姚浩然)

འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།