2015ལོའི་རྒྱལ་ཡོངས་གེ་སར་རིག་གཞུང་བགྲོ་གླེང་ཚོགས་འདུ་ཀན་ལྷོ་ཁུལ་རྨ་ཆུ་རྫོང་དུ་ཚོགས་པ།

རྩོམ་པ་པོ།:ཚེ་རིང་རྡོ་རྗེ། ཡོང་ཁུངས།:ཀན་ལྷོའི་རྒྱང་སྒྲོག་བརྙན་འཕྲིན་ཁང་། དུས་ཚོད།:2015-09-12 08:09:00 ཀློག་གྲངས།:
     ཉེ་ཆར། 2015ལོའི་རྒྱལ་ཡོངས་གེ་སར་རིག་གཞུང་བགྲོ་གླེང་ཚོགས་འདུ་དེ་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་རྨ་ཆུ་རྫོང་དུ་ཚོགས་ཤིང་། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་གེ་སར་ཞིབ་འཇུག་གླིང་སོགས་འབྲེལ་ཡོད་སྡེ་ཁག་གི་ཆེད་མཁས་པ་དང་དགེ་རྒན་ཆེན་མོ40ལྷག་ཐེངས་འདིའི་ཚོགས་འདུར་ཞུགས།
     བོད་ཀྱི་དམངས་རྩོམ་གཏེར་བུམ་ཁྲོད་ན་འོད་དུ་འཚེར་བའི་གླིང་གེ་སར་རྒྱལ་པོའི་སྒྲུང་ནི་འཛམ་གླིང་ན་ཆེས་རིང་བའི་ལོ་རྒྱུས་སྙན་རྩོམ་ཞིག་ཡིན་ལ། ཆེད་མཁས་པས་ངོ་སྤྲོད་བྱས་པ་ལྟར་ན། གླིང་སྒྲུང་ནང་གི་རྨ་ཡུལ་ཞེས་པའི་ས་མིང་དེ་དེང་གི་རྨ་ཆུ་རྫོང་ཁོངས་དང་ཉེ་འགྲམ་གྱི་ས་ཁོངས་དག་ལ་གོ་དགོས་ཤིང་། ས་གནས་འདི་ནི་གླིང་གེ་སར་རྒྱལ་པོའི་གཉེན་སྐྱོང་དགྲ་འདུལ་བྱེད་སའི་ལྟེ་གནས་ཡིན་པ་ལུང་དང་རིགས་པས་དཔྱད་ཞིབ་གནང་། ཆེད་མཁས་པ་དག་གིས་དཔྱད་ཞིབ་བྱས་པ་ལྟར་ན་ད་ལྟའི་རྨ་ཆུ་རྫོང་ཁོངས་ཀྱི་ཤུལ་བཞག་ལྗོངས་ཁུལ77ཚང་མ་གླིང་སྒྲུང་ལས་བྱུང་བའི་ས་མིང་དང་གཏམ་རྒྱུད་ཀྱི་བྱུང་རིམ་དང་མཐུན་པར་མ་ཟད། པར་སྐྲུན་འགྲེམ་སྤེལ་བྱས་ཟིན་པའི་གླིང་སྒྲུང་དཔེ་དེབ100ལས་རྨ་ཆུ་རྫོང་ཁུངས་ཀྱི་ས་མིང་དང་རི་ཆུ་མཚོན་པའི་སྒྲུང་དེབ40ལྷག་ཡོད་པ་རེད།
     རིག་གཞུང་བགྲོ་གླེང་ཚོགས་འདུའི་སྟེང་ཆེད་མཁས་པ་དང་ཞིབ་འཇུག་པ་དག་གིས་གླིང་སྒྲུང་དང་འབྲེལ་བའི་རིག་གཞུང་ཞིབ་འཇུག་ཐད་གནད་འགངས་མང་པོར་བགྲོ་གླེང་དང་དཔྱད་བསྡུར་བྱས།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།