མཚོ་སྔོན་ཞིང་ཆེན་གྱིས་ལས་རིགས་ལག་རྩལ་སློབ་གྲྭ་འཛུགས་སྐྲུན་བྱེད་པའི་ཐད་མ་དངུལ་མི་དམན་པ་བཏང་།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་གསར་འགྱུར་དྲ་བ། དུས་ཚོད།:2015-09-03 08:21:00 ཀློག་གྲངས།:7433
     ལོ་ལྔའི་འཆར་གཞི་བཅུ་གཉིས་པ་ལག་བསྟར་བྱས་པ་ནས་བཟུང་། མཚོ་སྔོན་ཞིང་ཆེན་གྱིས་ལས་རིགས་ལག་རྩལ་སློབ་གསོ་བཅོས་སྒྱུར་འཕེལ་རྒྱས་སུ་གཏོང་བའི་སྲིད་ཇུས་སྣ་ཚོགས་ཀྱི་དགོངས་དོན་ལྟར། བསྡོམས་པས་མ་དངུལ་སྒོར145000000བཏང་ནས། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ལས་རིགས་ལག་རྩལ་སློབ་གསོ་མགྱོགས་མྱུར་ངང་འཕེལ་རྒྱས་སུ་བཏང་།
     ལོ་ལྔའི་འཆར་གཞི་བཅུ་གཉིས་པ་ལག་བསྟར་བྱས་པའི་རྗེས་ནས་བཟུང་། མཚོ་སྔོན་ཞིང་ཆེན་གྱིས་བྱེད་ཐབས་སྣ་མང་སྤྱད་ནས་བསྡོམས་པས་མ་དངུལ་སྒོར480000000བཏང་ནས། སློབ་མ་ཚོའི་འཚོ་བར་ཁ་གསབ་རོགས་སྐྱོར་བྱས།  འབྲིང་རིམ་ལས་རིགས་སློབ་གྲྭ་སོགས་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་སློབ་གྲྭའི་སློབ་མ་རེར་སྒོར380000ཀྱི་སློབ་རིན་མེད་པར་བྱས་ལ། རྒྱལ་ཁབ་ཀྱིས་མཁོ་འདོན་བྱས་པའི་རིན་སྤྲོད་མི་དགོས་པའི་སློབ་དེབ་དང་། སློབ་མ་རེ་ལ་ལོ་རེར་རྒྱལ་ཁབ་ཀྱི་བྱ་དགའི་དངུལ་སྒོར་སྟོང་གཉིས་ནས་སྟོང་བཞི་བྱིན་པ་དང་།  དཀའ་ངལ་ཅན་གྱི་ཁྱིམ་ཚང་གི་སློབ་མ་དང་། ཞིང་བ་ཁྱིམ་ཚང་གི་སློབ་མ་བཅས་ལ་རྒྱལ་ཁབ་ཀྱི་རོགས་དངུལ་སྒོར1500བྱིན། གཞན་ཡང་། མཐོ་རིམ་ལས་རིགས་ལག་རྩལ་སློབ་གྲྭའི་དཀའ་ངལ་ཅན་གྱི་སློབ་མར་རྒྱལ་ཁབ་ཀྱི་རོགས་དངུལ་སྒོར3000བྱིན་པ་དང་། སྤྱོད་ཡོན་གཉིས་ལྡན་གྱི་སློབ་མ་རེར་རྒྱལ་ཁབ་ཀྱི་བྱ་དགའི་སྒོར་མོ་དང་རྒྱལ་ཁབ་ཀྱི་སྦྱངས་འབྲས་མཐོ་བའི་སྒོར་མོ་སྒོར8000ནས5000བྱིན།  གཙང་གསུམ་འབྱུང་ཡུལ་གྱི་སློབ་མ་རེར་ལོ་གཅིག་གི་སློབ་སྔོན་སློབ་གསོའི་ཁར་ལོ་དགུའི་འོས་འགན་སློབ་གསོ་དང་ལོ་གསུམ་གྱི་ལས་རིགས་སློབ་གསོར་རིན་མི་ལེན་པའི་སློབ་གསོའི་ཁ་གསབ་ནང་རྐྱེན་དང་། སློབ་རིན་མི་ལེན་པ། རོགས་སྐྱོར་སྒོར་མོ་ཆ་སྙོམས་ཀྱིས་སྒོར་སྟོང་གཉིས་དང་བདུན་བརྒྱ་བྱིན་ལ། སློབ་མ་རེར་ལོ་རེར་ཁ་གསབ་རོགས་དངུལ་སྒོར3300དང་སྒོར3200བྱིན།
     བོད་ཁུལ་གྱི་ལས་རིགས་ལག་རྩལ་སློབ་གསོ་མྱུར་དུ་འཕེལ་རྒྱས་སུ་གཏོང་ཆེད། ལོ་ལྔའི་འཆར་གཞི་བཅུ་གཉིས་པ་ལག་བསྟར་བྱས་པ་ནས་བཟུང་། བསྡོམས་པས་མ་དངུལ་སྒོར960000000བཏང་ལ། བོད་ཁུལ་གྱི་ཁུལ་དྲུག་ལ་རྒྱབ་སྐྱོར་བྱས་ཏེ། ཁུལ་སོ་སོ་ནས་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭ་གཅིག་རེ་འཛུགས་སྐྲུན་བྱས་པ་དང་། མཐོ་རིམ་ལས་རིགས་ལག་རྩལ་སློབ་གྲྭའི་གསོ་སྦྱོང་རྟེན་གཞི་དང་རྒྱལ་ཁབ་ཀྱི་དཔེ་སྟོན་སློབ་གྲྭ་འཛུགས་སྐྲུན་བྱས་ལ། ཟི་ལིང་དང་། མཚོ་ཤར། མཚོ་ནུབ་བཅས་ས་ཁུལ་ནས་མཐོ་རིམ་ལས་རིགས་ལག་རྩལ་སློབ་གྲྭ3འཛུགས་སྐྲུན་བྱས་པ་དང་། སློབ་ཁྲིད་མ་ལག་བཅོས་སྒྱུར་དང་། འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭ་དང་། མཐོ་རིམ་ལས་རིགས་ལག་རྩལ་སློབ་གྲྭ་བཙུགས་ནས་ཤེས་ལྡན་མི་སྣ་སྐྱེད་སྲིང་བྱས།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།