2015ལོའི་མཚོ་སྔོན་ཆུ་དམར་ལེབ་རྫོང་གི་སྐབས་དང་པོའི་གེ་སར་བཞུགས་ཁྲི་རིག་གནས་དཔྱད་གླེང་ཚོགས་པ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2015-08-21 10:52:00 ཀློག་གྲངས།:


2015ལོའི་མཚོ་སྔོན་ཆུ་དམར་ལེབ་རྫོང་གི་སྐབས་དང་པོའི་གེ་སར་བཞུགས་ཁྲི་རིག་གནས་དཔྱད་གླེང་ཚོགས་པ།


གསར་དུ་བཙུགས་པའི་གེ་སར་རྒྱལ་པོའི་བཞུགས་ཁྲི།


གླིང་རྗེ་གེ་སར་རྒྱལ་པོའི་བཙུན་མོ་མ་འབྲུག་མོ།

2015ལོའི་མཚོ་སྔོན་ཆུ་དམར་ལེབ་རྫོང་གི་སྐབས་དང་པོའི་གེ་སར་བཞུགས་ཁྲི་རིག་གནས་དཔྱད་གླེང་ཚོགས་པ།
གླིང་རྗེ་གེ་སར་རྒྱལ་པོའི་རྒྱལ་བློན་སུམ་ཅུ།


ཡུལ་དངོས་མཛད་སྒོའི་རྣམ་པ།


ཡུལ་དངོས་མཛད་སྒོར་ཞུགས་པའི་སེར་སྐྱ་མང་ཚོགས།

     སྤྱི་ཟླ8པའི་ཚེས17ཉིན། 2015ལོའི་མཚོ་སྔོན་ཆུ་དམར་ལེབ་རྫོང་གི་སྐབས་དང་པོའི་གེ་སར་བཞུགས་ཁྲི་རིག་གནས་དཔྱད་གླེང་ཚོགས་འདུ་དེ་རྨ་ཆུའི་མགོ་ཁུངས་རྨ་སྟོད་ཡུལ་ཚོར་བསྡུས་ཤིང་། བགྲོ་ཚོགས་འདི་ནི་ཡུལ་ཤུལ་ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཕུན་ཚོགས་ཟླ་བས་བློ་བཏོན་པ་དང་། ལྷོ་ནུབ་མི་རིགས་སློབ་ཆེན་གྱི་འབུམ་རམས་པ་བསོད་ནམས་རྡོ་སྐྱབས་དང་འབྲི་སྟོད་རྫོང་མི་རིགས་སྐད་ཡིག་བྱ་བའི་གཞུང་སྒྲུབ་ཁང་གི་འགོ་གཙོ་བན་བཀྲ  ཡུལ་ཤུལ་རྒྱ་གྲམ་དམར་བོའི་ཚོགས་གཙོ་སྐལ་གྲགས།  ཡུལ་ཤུལ་ཁུལ་དངུལ་གཏོང་ཀུང་ཟིའི་སྤྱི་ཁྱབ་འགན་འཛིན་པ་ཝུ་ཕུན། ཡུལ་ཤུལ་ཁུལ་རོལ་དབྱངས་མཐུན་ཚོགས་ཀྱི་འགོ་གཙོ་གཞོན་པ་ཀྲང་ལིན་དང་ས་གནས་ཀྱི་འབྲེལ་ཡོད་འགོ་ཁྲིད་དང་ཤེས་ཡོན་པ30ཐེངས་འདིའི་བགྲོ་ཚོགས་སུ་ཞུགས།
     ཆུ་དམར་ལེབ་རྫོང་རྨ་སྟོད་ཡུལ་ཚོར་ལོ་རྒྱུས་ཀྱི་དུས་ཡུན་རིང་བའི་གེ་སར་རིག་གནས་ཕུན་སུམ་ཚོགས་ཤིང་། གནས་འདི་ནི་གེ་སར་རིག་གནས་དང་རྨ་ཡུལ་རིག་གནས་ཀྱི་འབྱུང་གནས་དང་གེ་སར་རྒྱལ་པོ་རྟ་རྒྱུག་རྒྱལ་འཇོག་བྱེད་པའི་ཕ་ས་ཡིན་ལ། ཁུ་ནུའི་རིག་གནས་ཁྲོད་གལ་ཆེ་བའི་གོ་གནས་ཟིན་ཡོད། ཐེངས་འདིའི་བགྲོ་གླེང་ཚོགས་འདུ་ནི་གཙོ་ཆེར་གེ་སར་རིག་གནས་ཀྱི་འཕེལ་རྒྱས་འདུན་ལམ་དང་གེ་སར་རིག་གནས་ཀྱི་རྒྱུན་འཛིན། རྗེས་ཕྱོགས་སུ་གེ་སར་བཞུགས་ཁྲི་རིག་གནས་བགྲོ་ཚོགས་ལེགས་པོར་སྤེལ་ཚུལ་སོགས་ཀྱི་ཐད་ནས་སོ་སོའི་འདོད་བློ་དང་ལྟ་ཚུལ་བརྗོད་པ་ཡིན།
     བགྲོ་ཚོགས་མཇུག་སྒྲིལ་ལ་ཉེ་དུས། ཡུལ་ཤུལ་ཁུལ་གྱི་རིག་རྩལ་ཁྱབ་ཁོངས་ཀྱི་མི་སྣ་གཅིག་རྗེས་གཉིས་མཐུད་དུ་གར་སྟེགས་སུ་བུད་དེ་འཁྲབ་སྟོན་གནང་བ་དང་། རྫོང་དང་ཡུལ་ཚོ། སྡེ་བ་དང་སྡོད་ཁུལ་སོགས་ནས་ཡོང་བའི་མང་ཚོགས་ཀྱིས་གླུ་ལེན་གར་རྩེད་བྱས་ཏེ་མཚོ་ངོས་མཐོ་ཚད་ལ་སྨི4300ལྷག་ཡོད་པའི་རྨ་ཆུའི་འབྱུང་ཡུལ་རྨ་སྟོད་ཡུལ་ཚོ་ནི་དེ་མུར་གླུ་གར་གྱི་རྒྱ་མཚོ་རུ་གྱུར།
 


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།