མགོ་ལོག་རྨ་ཆེན་རྫོང་གི་བོད་རིགས་སློབ་མ་ཚོ་དབྱར་སྒར་གྱི་བྱ་འགུལ་དུ་ཞུགས།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་གསར་འགྱུར་དྲ་བ། དུས་ཚོད།:2015-08-15 09:09:00 ཀློག་གྲངས།:
     སྤྱི་ཟླ8པའི་ཚེས4ནས་ཚེས8ཉིན་བར། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་གི་རྟ་བོ་གྲོང་རྡལ་སོགས་གྲོང་རྡལ8ཀྱི་ལོ་རིམ་བཞི་བ་ནས་དྲུག་པའི་བར་གྱི་སྤྱོད་ཡོན་གཉིས་ལྡན་གྱི་བོད་རིགས་སློབ་མ40ལྷག་མཚོ་སྔོན་ཞིང་ཆེན་སྟོད་པ་རྒྱལ་ཁབ་མཐོ་སྒང་ལུས་རྩལ་སྦྱོང་བརྡར་རྟེན་གཞི་ནས་དབྱར་གནང་སྐབས་ཀྱི་ལུས་རྩལ་དབྱར་སྒར་བྱ་འགུལ་དུ་ཞུགས།
     ཐེངས་འདིའི་བྱ་འགུལ་ནི་གུང་གཞོན་ཚོགས་པ་རྨ་ཆེན་རྫོང་ཨུ་ཡོན་ལྷན་ཁང་དང་། རྨ་ཆེན་རྫོང་སློབ་གསོ་ཅུའུ་གཉིས་ཀྱིས་གཙོ་སྒྲུབ་བྱས་ལ། རྨ་ཆེན་རྫོང་གིས་གཞོན་ནུ་ལོ་ཆུང་དག་གི་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་། དབྱར་གནང་སྐབས་ཀྱི་ལུས་རྩལ་སྦྱོང་བརྡར་གྱི་ཤེས་བྱ་མཐོར་འདེགས་བྱེད་པ། མིག་རྒྱ་བསྐྱེད་པ། རྒྱུ་སྤུས་མཐོར་འདེགས། ལོ་ཆུང་བྱིས་པ་ཚོའི་དཀའ་སྤྱད་སྡུག་རུས་དང་དཔའ་མཛངས་རྟུལ་ཕོད་ཀྱི་སྙིང་སྟོབས་འདོན་སྤེལ་བྱེད་རྒྱུ་དམིགས་ཡུལ་དུ་བཅངས་ནས། སློབ་མ་ཚོར་སྤྲོ་སྣང་གིས་ཁེངས་པའི་དབྱར་གནང་གི་འཚོ་བ་སྐྱིད་པོ་ཞིག་རོལ་བར་མཐུན་རྐྱེན་ལེགས་པོ་བསྐྲུན།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།