ཐེམ་ཆེན་རྫོང་གིས་ཁོའོ་རིམ་པའི་འགོ་ཁྲིད་ལས་བྱེད་པར་བོད་སྐད་ཀྱི་རྒྱུགས་བླངས་པ།

རྩོམ་པ་པོ།:རིན་ཆེན་རྒྱལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2015-08-13 11:36:00 ཀློག་གྲངས།:

རྒྱུགས་ལ་ཞུགས་པའི་ཁོའོ་རིམ་པའི་འགོ་ཁྲིད་ལས་བྱེད་པ།
རྒྱུགས་ལེན་མཁན།


རྒྱུགས་ལ་ཞུགས་པའི་ཁོའོ་རིམ་པའི་འགོ་ཁྲིད་ལས་བྱེད་པ།


རྒྱུགས་ལ་ཞུགས་པའི་ཁོའོ་རིམ་པའི་འགོ་ཁྲིད་ལས་བྱེད་པ།

     ཉེ་བའི་ལོ་འདི་འགའི་རིང་དུ་ཐེམ་ཆེན་རྫོང་གིས་ལས་བྱེད་པའི་སྐད་གཉིས་ནུས་པ་གསོ་སྦྱོང་བྱེད་པའི་བྱ་བ་གཙིགས་སུ་བཟུང་སྟེ། སྐད་གཉིས་ཀྱི་ནུས་པ་དེ་འགོ་ཁྲིད་ལས་བྱེད་པས་གཞི་རིམ་མང་ཚོགས་ཀྱི་བྱ་བ་ནུས་ཡོད་སྒོས་སྤེལ་བ་དང་། རྩ་བའི་ནུས་པ་མཐོར་འདེགས་སུ་གཏོང་བ། གཞི་རིམ་རྩ་འཛུགས་ཀྱི་འཛུགས་སྐྲུན་དང་གཞི་རིམ་གྱི་སྲིད་དབང་འཛུགས་སྐྲུན་བཅས་ལ་ཤུགས་སྣོན་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཏུ་བརྩིས་ནས། 《ཐེམ་ཆེན་རྫོང་གི་ལས་བྱེད་པའི་སྐད་གཉིས་གསོ་སྦྱོང་ལག་བསྟར་བསམ་འཆར》ལ་གཞིགས་ཏེ། ལས་བྱེད་པའི་སྐད་གཉིས་ནུས་པ་སྐྱེད་སྲིང་གི་སྒྲིག་གཞི་ལམ་ལུགས་དང་སྐད་གཉིས་ཀྱི་ཆེད་དམིགས་གསོ་སྦྱོང་འཛིན་གྲྭ་སྤེལ་བ། རྒྱུན་ལྡན་གྱི་སྐད་གཉིས་ཚད་ལེན་ཚོད་རྒྱུགས་ལེན་པ་སོགས་ཀྱི་བྱེད་ཐབས་བཀོལ་ནས་ལས་བྱེད་པའི་སྐད་གཉིས་ནུས་པའི་འཛུགས་སྐྲུན་བྱ་བར་གྲུབ་འབྲས་མི་དམན་པ་བླངས།
     མཚོ་སྔོན་ཞིང་ཆེན་དང་མཚོ་ནུབ་ཁུལ་ཨུའི་གཞི་གསུམ་གྱི་འཛུགས་སྐྲུན་ལ་ཤུགས་སྣོན་དང་སྲིད་སྐྱོང་ཆུ་ཚད་ཇེ་མཐོར་གཏོང་བའི་བསམ་འཆར་གྱི་དགོངས་དོན་ལག་ལེན་དོན་འཁྱོལ་ཡོང་ཆེད་དང་། ཐེམ་ཆེན་རྫོང་གི་ལས་བྱེད་པའི་སྐད་གཉིས་གསོ་སྦྱོང་བྱས་པའི་གནས་ཚུལ་དང་གྲུབ་འབྲས་ལ་ལྟ་ཞིབ་ཚད་ལེན་བྱེད་པ། ཁྱོན་ཡོངས་ནས་རྫོང་ཡོངས་ཀྱི་ཁོའོ་རིམ་པའི་འགོ་ཁྲིད་ལས་བྱེད་པའི་བོད་སྐད་ཀྱི་ཆུ་ཚད་ལ་རྒྱུས་ལོན་བྱེད་པའི་ཆེད་དུ། རྫོང་ཡོངས་ཀྱི་གཞི་གསུམ་གྱི་འཛུགས་སྐྲུན་གྱི་སྤྱི་ཁོག་བཀོད་སྒྲིག་དང་ལས་བྱེད་པའི་སློབ་གསོའི་གསོ་སྦྱོང་འཆར་འགོད་དང་ཟུང་དུ་སྦྲེལ་ཏེ། སྤྱི་ཟླ8པའི་ཚེས10ཉིན། ཐེམ་ཆེན་རྫོང་ཨུའི་རྩ་འཛུགས་པུའུ་ཡིས་རྫོང་ཡོངས་ནས་ལོ45མན་གྱི་བོད་སྐད་མི་ཤེས་པའམ་ཡང་ན་བོད་སྐད་ཀྱི་ཆུ་ཚད་ཞན་པའི་ཁོའོ་རིམ་པའི་འགོ་ཁྲིད་ལས་བྱེད་པར་བོད་སྐད་ཀྱི་ཚད་ལེན་ཚོད་རྒྱུགས་བླངས། ཚོད་རྒྱུགས་ཀྱིས་རྫོང་ཡོངས་ཀྱི་སྐད་གཉིས་གསོ་སྦྱོང་སྤེལ་བའི་ནུས་པར་སྔར་ལས་རྒྱུས་ལོན་བྱེད་ཐུབ་ཅིང་། རྗེས་མའི་བྱ་བའི་བཀོད་སྒྲིག་ཐད་ནས་ཀྱང་དཔྱད་གཞིར་འཛིན་ས་བྱས་ཆོག་པ་མ་ཟད། བོད་སྐད་མི་ཤེས་པའི་ལས་བྱེད་པས་རང་འགུལ་གྱིས་བོད་སྐད་སློབ་པར་ཡར་སྐུལ་དང་བརྩོན་སེམས་བསྩལ།
     རྗེས་ཕྱོགས་ཀྱི་བྱ་བའི་གོ་རིམ་ཁྲོད་དུ། ཐེམ་ཆེན་རྫོང་གིས་མུ་མཐུད་དུ་སྐད་གཉིས་ཀྱི་གསོ་སྦྱོང་བྱ་བར་ཤུགས་བསྣན་ཏེ་རྒྱུན་ལྡན་གྱི་དཔྱད་ཞིབ་ལས་ད་དུང་དུས་ངེས་མེད་ཀྱི་སྒོ་ནས་སྐད་གཉིས་སློབ་སྦྱོང་གི་འབྲས་བུ་དང་གནས་ཚུལ་ལ་ཞིབ་བཤེར་བྱེད་རྒྱུ་ཡིན་ཞིང་། ཡུལ་ཚོ་དང་གྲོང་རྡལ། ལས་ཁུངས་སོ་སོས་སྐད་གཉིས་གསོ་སྦྱོང་སྤེལ་བའི་གནས་ཚུལ་དང་། བྱ་བར་ཡར་སྐུལ་དང་སློབ་སྦྱོང་གི་ལམ་ལུགས་འཐུས་ཚང་དུ་བཏང་སྟེ། རྫོང་ཡོངས་ཀྱི་ལས་བྱེད་པའི་སྐད་གཉིས་ཆུ་ཚད་དམིགས་འབེན་ལྟར་འགྲུབ་པར་ཧུར་བརྩོན་སྒོས་མང་ཚོགས་ཀྱི་བྱ་བ་ལེགས་པོར་བསྒྲུབ་པར་མཐུན་རྐྱེན་གང་ལེགས་བསྐྲུན་རྒྱུ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།