2015ལོའི་གངས་ལྷའི་བརྩེ་སེམས་ཚོགས་པའི་འདུ་འཛོམས་ལྷ་སར་ཚོགས་པ།

རྩོམ་པ་པོ།:གངས་ལྷའི་བརྩེ་སེམས་ཚོགས་པ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2015-08-04 09:48:00 ཀློག་གྲངས།:

2015ལོའི་གངས་ལྷའི་བརྩེ་སེམས་ཚོགས་པའི་འདུ་འཛོམས་ལྷ་སར་འཚོགས་པ།
ད་ལྟའི་ཚོགས་གཙོས་སློབ་ཐོན་ཟིན་པའི་ཚོགས་མིར་ཕྱག་རྟག་ཕུལ་བ།


དགའ་འཛོམས་ངང་ཕན་ཚུན་ཚོགས་པའི་བྱེད་སྒོ་སྤེལ་བའི་ཐད་ལ་གྲོས་བྱེད་པ།


གངས་ལྷའི་འགན་འཁུར་མི་སྣ་རྣམས་ཀྱི་མཉམ་པར།

     ཉེ་ཆར། བོད་ལྗོངས་མི་རིགས་སློབ་གྲྭ་ཆེན་མོའི་གངས་ལྷའི་བརྩེ་སེམས་ཚོགས་པའི་འགན་འཁུར་མི་སྣས་དབྱར་གསེང་གི་གོ་སྐབས་བཟང་པོ་འདི་དང་བསྟུན་ཏེ2015ལོའི་གངས་ལྷའི་བརྩེ་སེམས་ཚོགས་པའི་འདུ་འཛོམས་འདི་གནས་མཆོག་ལྷ་སར་ཚོགས་པ་རེད།
     ཐེངས་འདིའི་འདུ་འཛོམས་ཁྲོད་ད་ལྟའི་ཚོགས་པའི་འགན་འཁུར་མི་སྣ་དང་དེ་བཞིན་སློབ་ཐོན་ཟིན་པའི་སྔོན་གྱི་ཚོགས་པའི་འགན་འཁུར་མི་སྣ་ཁག་ཅིག་ཕེབས་ཡོད་པ་མ་ཟད་མ་འོངས་ཚོགས་པའི་བྱེད་སྒོ་སོགས་ཀྱི་ཐད་ལ་ཕན་ཚུན་གྲོས་བསྡུར་དང་བསམ་འཆར་འདོན་རེས་དང་། དེ་བཞིན་སློབ་ཐོན་ཟིན་པའི་ཚོགས་པའི་འགན་འཁུར་རྣམས་ཀྱིས་ཚོགས་པར་རྣམ་ཀུན་བྱེད་སྒོ་སྤེལ་བྱེད་ཀྱི་ཞལ་འདེབས་དངུལ་སོགས་ཕུལ་ཏེ་རྗེས་སུ་སློབ་གྲྭའི་ཡང་དག་གི་དབུ་ཁྲིད་འོག་མུ་མཐུད་དུ་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་བྱེད་སྒོ་མང་ཙམ་སྤེལ་རྒྱུར་སྐུལ་མ་བཏང་ལ། ད་ལྟའི་གངས་ལྷའི་ཚོགས་གཙོས་ཀྱང་ཚོགས་མི་ཡོངས་ཀྱི་ཚབ་བྱས་ཏེ་སློབ་ཐོན་ཟིན་པའི་ཚོགས་མིར་བཀའ་དྲིན་ཞུ་ཆེད་ལག་རྟག་ཆུང་ངུ་ཡང་ཕུལ།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།