རྒྱལ་ཡོངས་ཚད་མ་རིག་པའི་བགྲོ་གླེང་ཚོགས་འདུ་སྐབས་བཅུ་གཅིག་པ་དེ་པེ་ཅིང་དུ་བསྡུས་པ།
རྒྱལ་ཡོངས་ཚད་མ་རིག་པའི་བགྲོ་གླེང་ཚོགས་འདུ་སྐབས་བཅུ་གཅིག་པ་དེ་པེ་ཅིང་དུ་བསྡུས་པ།
རྒྱལ་ཡོངས་ཚད་མ་རིག་པའི་བགྲོ་གླེང་ཚོགས་འདུ་སྐབས་བཅུ་གཅིག་པ་དེ་པེ་ཅིང་དུ་བསྡུས་པ།
ཚོགས་ཞུགས་པ་རྣམས་ཀྱི་ལྷན་པར།
སྤྱི་ཟླ7པའི་ཚེས31ཉིན། རྒྱལ་ཡོངས་ཚད་མ་རིག་པའི་བགྲོ་གླེང་ཚོགས་འདུ་སྐབས་བཅུ་གཅིག་པ་དེ་ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་ལྟེ་གནས་སུ་བསྡུས་ཤིང་། ཐེངས་འདིའི་གྲོས་ཚོགས་ནི་ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་ལྟེ་གནས་ཆོས་ལུགས་ཞིབ་འཇུག་ཁང་དང་རྒྱ་ནག་རི་བོ་རྩེ་ལྔའི་ཧྲིའུ་ཧྥང་ཐཱང་གཉིས་ཀྱིས་མཉམ་འབྲེལ་སྒོས་གཙོ་སྒྲུབ་གནང་བ་ཡིན་ལ། པེ་ཅིང་དང་བོད་ལྗོངས། ནང་སོག ཧོང་ཁུང་། ཧྲང་ཧེ་སོགས་ས་ཁུལ་གྱི་མཐོ་རིམ་སློབ་གྲྭ་དང་ཚན་ཞིབ་ལས་ཁུངས་ལྔ་བཅུའི་ཆེད་མཁས་པ་དང་བླ་ཆེན50ཐེངས་འདིའི་གྲོས་ཚོགས་སུ་ཞུགས།
ཐེངས་འདིའི་བགྲོ་གླེང་ཚོགས་འདུའི་བརྗོད་དོན་ནི་རྒྱ་བརྒྱུད་ཚད་མ་དང་བོད་བརྒྱུད་ཚད་མ། སོག་པོའི་ཚད་མ། རྒྱལ་ཕྱིའི་ཚད་མ་རིག་པའི་ཞིབ་འཇུག་སོགས་ཁྱབ་ཁོངས་གལ་ཆེན་འདུས་ལ། ཚོགས་ཐོག་ཏུ་ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁྱབ་འགན་འཛིན་གཞོན་པ་དགྲ་འདུལ་གྱིས་མཚམས་སྦྱོར་གནང་རྒྱུར། འདས་པའི་ལོ་ངོ་གཅིག་གི་ནང་། བོད་ལྗོངས་སྤྱི་ཚོགས་ཚན་རིག་གླིང་གི་ཕུན་ཚོགས་ཀྱི་བོད་བརྒྱུད་ནང་བསྟན་གྱི་ཚད་མ་རིག་པའི་གཞུང་ལུགས་དང་དེའི་སྤྱོད་ནུས་ཞིབ་འཇུག་ཅེས་པ་དང་། ནང་སོག་དགེ་ཐོན་སློབ་ཆེན་གྱི་དགེ་རྒན་ཀང་ཐིའུ་མོར་གྱི་སོག་པོའི་བསམ་གཞིགས་ཚད་གཞིའི་རྣམ་པ་ཞེས་པ། མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་དགེ་རྒན་ཆེན་མོ་དགེ་འདུན་གྱི་བོད་རྒྱའི་བཀའ་བསྟན་འགྱུར་ཕན་ཚུན་ཁ་གསབ་ཞིབ་འཇུག་ཅེས་པ་སོགས་ལ2015ལོའི་རྒྱལ་ཁབ་སྤྱི་ཚོགས་ཚན་རིག་ཐེབས་རྩའི་ལས་གཞིའི་རྣམ་གྲངས་སུ་ཚུད་ལ། ཕྱོགས་མང་པོ་ཞིག་ནས་ཚད་མ་རིག་པའི་ཞིབ་འཇུག་འཕེལ་རྒྱས་ལ་གྲུབ་འབྲས་ཐོབ་པ་རེད།
སྐབས་འདིའི་བགྲོ་ཚོགས་ནི་རིག་གཞུང་ཁྱབ་ཁོངས་དང་ཆོས་ལུགས་ཁྱབ་ཁོངས་གཉིས་མཉམ་འབྲེལ་སྒོས་གཙོ་སྒྲུབ་གནང་བས་ཕྱོགས་གཉིས་ཀས་ཕན་ཚུན་ལ་སྐུལ་མ་གཏོང་བར་ཤུགས་སྣོན་ལ་ཕན་པ་དང་རྗེས་ཕྱོགས་ཀྱི་རིག་གཞུང་ཞིབ་འཇུག་སྤེལ་བར་བསམ་རྒྱ་བསྐྱེད།
ཞར་བཀོད།
སྤྱིར་བཏང་དུ་ཚད་མའི་དོན་ནི་སླུ་བ་མེད་པའམ་མི་བསླུ་བ་སྟེ་རང་གིས་རྟོགས་བྱའི་དོན་དངོས་ལ་མ་འཁྲུལ་བ་དང་། དོན་དངོས་དང་མཐུན་པ་ཞིག་ལ་ཟེར་ཞིང་། དེ་ཡང་གཞལ་བྱའི་གྲངས་དང་ཆེ་ཆུང་ལ་སོགས་པའི་ཚད་ལ་འཁྲུལ་བ་མེད་པ་དང་། ཡང་ན་རྒྱུ་མཚན་དང་གཏན་ཚིགས་ཡང་དག་པའི་སྒོ་ནས་འཁྲུལ་བ་མེད་པ་ཞིག་ལ་ཚད་མར་འཇོག་པ་ཡིན་ལ། བསམ་བློ་གང་ཞིག་ཚད་མ་ཡིན་མིན་དེ་ཡང་བསམ་བློ་དེས་ངོས་འཛིན་བྱས་པའི་དོན་དེ་གནས་ཚུལ་དངོས་དང་མཐུན་ཡོད་མེད་ཀྱི་སྒོ་ནས་འཇོག་པ་ཡིན།
སྤྱིར་བཏང་ཚད་མ་རིག་པ་ཞེས་པ་སྒྲ་ཡངས་པའི་དབང་དུ་བྱས་ཏེ་བཤད་ན་རྟོག་གེའི་རིག་པ་ལ་ཡང་གོ་ཆོག་པ་ལྟར། རྟོག་གེའི་རིག་པ་ནི་རྒྱ་གར་དུ་སངས་རྒྱས་ཆོས་ལུགས་མ་བྱུང་གོང་གི་ལོ་མང་པོ་ཞིག་གི་སྔོན་ནས་དྲང་སྲོང་ལྷའི་བླ་མ་ཞེས་པས་སྐྱེ་བ་སྔ་ཕྱི་མེད་པར་སྟོན་པའི་བསྟན་བཅོས་ཐོག་མར་བརྩམས་ཤིང་། དེ་མཚུངས་དྲང་སྲོང་འཇིག་རྟེན་མིག་ཅེས་པས་ལས་རྒྱུ་འབྲས་མེད་པར་སྟོན་པའི་བསྟན་བཅོས་བརྩམས། དེ་ནས་མུ་སྟེགས་པའི་སྟོན་པ་དྲང་སྲོང་སེར་སྐྱ་ཞེས་པས་ཤེས་བྱ་ཐམས་ཅད་རྣམ་གྲངས་ཉི་ཤུ་རྩ་ལྔར་འདུས་པར་སྟོན་པའི་བསྟན་བཅོས་བརྩམས། སངས་རྒྱས་ཆོས་ལུགས་རྒྱ་གར་དུ་དར་རྗེས་སངས་རྒྱས་ཤཱཀྱ་ཐུབ་པ་རང་ཉིད་ཀྱིས་གསུངས་པའི་མདོ་སྡེ་མང་པོས་ཚད་མ་གསུམ་གྱི་རྣམ་བཞག་སྐོར་བསྟན།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com