བྲིས་མཁན་མི་རྣམ་སྤྲུལ་སྐུ་མཆོག་གིས་ནང་བྲིས་ནོར་བུ་མ་དང་བཀའ་བརྒྱུད་བྲབ་བྲིས་ཀྱི་ཁྲིད་གསུངས་པ།
མི་རྣམ་སྤྲུལ་སྐུ་མཆོག
བྲིས་མཁན་མི་རྣམ་སྤྲུལ་སྐུ་མཆོག་ནི་ཁམས་ནང་ཆེན་འབྲོང་པ་ཀཿགཞུང་དུ་ཕྱི་ལོ1966ལོར་འཁྲུངས་ཤིང་། དགུང་ལོ་བཅོ་ལྔ་ནས་བླ་མ་པདྨ་འགྱུར་མེད་རིན་པོ་ཆེ་དང་གོང་པ་དགེ་གྲགས་སོགས་ཀྱི་དྲུང་ནས་ཡིག་གཟུགས་སྦྱངས་མགོ་བརྩམས་ནས་དུས་ཡུན་མི་རིང་བར་སྦྱངས་འབྲས་ལེགས་པོ་ཐོན། དེའི་རྗེས་འབྲི་གུང་བཀའ་བརྒྱུད་གཙུག་ལག་སློབ་གཉེར་ཁང་དུ་ནང་དོན་རིག་པ་དང་རིག་གནས་གཞན། དེ་བཞིན་དབུས་ཀྱི་ཡིག་གཟུགས་སོགས་ལ་སྦྱངས་པ་གནང་རྗེས་དབོན་པ་རུ་ལོ་བཞི་ལྷག་ལ་སྒྲུབ་ལ་གཞོལ། ད་སྐབས་གོང་མའི་གདན་ས་ཝཾ་ལུང་མདོ་སྔགས་ཆོས་འཁོར་གླིང་གི་བླ་ལས་ཀྱི་འགན་འཛིན་དང་བོད་ཀྱི་ཡིག་གཟུགས་སྒྱུ་རྩལ་མི་ཉམས་དར་སྤེལ་གཏོང་མུས་སུ་མཆིས།
སྤྱི་ཟླ7པའི་ཚེས26ནས27རིང་ལ། མི་རྣམ་སྤྲུལ་སྐུ་མཆོག་གིས་མཚོ་ལྷོ་ཁུལ་གསེར་ཆེན་རྫོང་ཆབ་ཆ་གྲོང་རྡལ་དུ་བོད་ཀྱི་ཡིག་གཟུགས་ཀྱི་བྱུང་བ་དང་། ཁམས་བྲིས་ལས་སྨྱུག་འཛིན་གྱི་དབང་བོ་དམ་པ་མཆོག་སྤྲུལ་པདྨ་འགྱུར་མེད་ནས་བརྒྱུད་པའི་ཡིག་རྒྱུན་འཁྲུལ་བ་མེད་པ་ལི་ཁམ་རྫོགས་གསུམ་སོགས་ཆ་ཡོངས་སུ་རྫོགས་ཤིང་ཟུར་དོད་པོ་ཡོད་པའི་ནང་བྲིས་ནོར་བུ་མ་དང་བཀའ་བརྒྱུད་བྲབ་བྲིས་ཀྱི་ཁྲིད་ལེགས་པར་གསུངས་ཤིང་། ཁོང་གིས་སྐུ་དངོས་སུ་ཁམས་བྲིས་ཀྱི་དཔེ་ཚུགས་མང་པོ་ཕྱག་བྲིས་མཛད་དེ་སློབ་མ་རྣམས་ལ་ས་གནས་ཀྱི་ཐུན་མོང་མ་ཡིན་པའི་ཡིག་རྒྱུན་ཁྱད་པར་བའི་གདམས་པ་མང་དུ་བསྩལ།
རྒན་མི་རྣམ་ལགས་ཀྱིས་ཀ་དཔེ་ཕྱག་བྲིས་གནང་བཞིན་པ།
ནང་བྲིས་ནོར་བུ་མའི་ཀ་དཔེ།
བཀའ་བརྒྱུད་བྲབ་བྲིས་ཕྱག་བྲིས་གནང་བཞིན་པ།
བཀའ་བརྒྱུད་བྲབ་བྲིས་ཕྱག་བྲིས་གནང་བཞིན་པ།
རྒན་ལགས་ཀྱིས་ཞུ་དག་གནང་བཞིན་པ།
རྒན་ལགས་ཀྱིས་ཡུལ་དངོས་ནས་ཕྱག་བྲིས་གནང་བའི་དཔེ་ཚུགས།
རྒན་ལགས་ཀྱིས་ཡུལ་དངོས་ནས་ཕྱག་བྲིས་གནང་བའི་དཔེ་ཚུགས།
སློབ་མ་ཚོའི་ལས་བྱ།
སློབ་མ་ཚོའི་ལས་བྱ།
སློབ་མ་ཚོའི་ལས་བྱ།
སློབ་མ་ཚོའི་ལས་བྱ།
སློབ་མ་ཚོའི་ལས་བྱ།
སློབ་མ་ཚོའི་ལས་བྱ།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com