བོད་ལྗོངས་ཀྱི་སྐབས་དང་པོའི་སྦྱང་ཤིང་རིག་གནས་སྒྱུ་རྩལ་འགྲེམ་སྟོན་སྤེལ་བ།
བོད་ལྗོངས་ཀྱི་སྐབས་དང་པོའི་སྦྱང་ཤིང་རིག་གནས་སྒྱུ་རྩལ་འགྲེམ་སྟོན་སྤེལ་བ།
སྦྱང་ཤིང་སྟེང་ཡིག་གཟུགས་འབྲི་བ།
བོད་ལྗོངས་ཀྱི་སྐབས་དང་པོའི་སྦྱང་ཤིང་རིག་གནས་སྒྱུ་རྩལ་འགྲེམ་སྟོན་སྤེལ་བ།
བོད་ལྗོངས་ཀྱི་སྐབས་དང་པོའི་སྦྱང་ཤིང་རིག་གནས་སྒྱུ་རྩལ་འགྲེམ་སྟོན་སྤེལ་བ།
སྤྱི་ཟླ7པའི་ཚེས18ཉིན། བོད་ལྗོངས་སྦྱང་ཤིང་རིག་གནས་ཀྱིས་གཙོ་སྒྲུབ་དང་། 《བོད་ལྗོངས་སྤྱི་ཚོགས་ས་ཁམས》དུས་དེབ་ཁང་གིས་རོགས་སྒྲུབ་གནང་བའི་བོད་ལྗོངས་ཀྱི་སྐབས་དང་པོའི་སྦྱང་ཤིང་རིག་གནས་སྒྱུ་རྩལ་འགྲེམ་སྟོན་དེ་ལྷ་ས་གྲོང་ཁྱེར་དུ་སྤེལ་བ་དང་། ཐེངས་འདིའི་འགྲེམ་སྟོན་སྐབས་སུ་མི་རྣམས་ལ་བོད་ལྗོངས་ཀྱི་སྦྱང་ཤིང་རིག་གནས་ཀྱི་རིན་ཐང་དང་ད་ཡོད་གནས་སྟངས། བརྒྱུད་འཛིན་གྱི་གནས་ཚུལ་སོགས་ཐོག་མར་མཚམས་སྦྱོར་བྱེད་པ་མ་ཟད། མིང་དུ་གྲགས་པའི་བོད་ཡིག་ཡིག་མཁན་གདན་འདྲེན་ཞུས་ཏེ་ཡུལ་དངོས་སུ་ཡིག་གཟུགས་འབྲི་བ་དང་། དེ་མིན་བོད་སྤོས་དང་བོད་ཤོག བོད་ཀྱི་ཟློས་གར་སོགས་བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་འགྲེམ་སྟོན་ཡང་སྤེལ།
སྦྱང་ཤིང་ནི་བོད་ཀྱི་དམངས་ཁྲོད་དུ་ཁྱབ་རྒྱ་ཆེ་བའི་ཡིག་གཟུགས་སྦྱོང་བྱེད་ཅིག་ཡིན་པ་དང་། རིག་གནས་ལོ་རྒྱུས་ངེས་ཅན་ལྡན་པ་མ་ཟད་བཀོལ་སྤྱོད་རིན་ཐང་ཡང་ཆེས་ཆེར་ལྡན་ཞིང་བོད་ལྗོངས་ཀྱི་ཐུན་མིང་མ་ཡིན་པའི་རིག་གནས་རྣམ་པ་ཞིག་ཏུ་གྲུབ།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com