མཚོ་ལྷོ་བོད་ཡིག་ཚགས་པར་གྱིས་རྒྱ་བོད་ལོ་ཙཱ་བ་བསྡུ་བའི་བརྡ་ཁྱབ།
མཚོ་ལྷོ་བོད་ཡིག་ཚགས་པར་གྱི་བྱ་གཞག་སྔར་ལས་ཇེ་རྒྱས་དང་སྐབས་བབས་ཀྱི་དགོས་མཁོ་གང་མང་ལ་དམིགས་ནས་ལོ་ཙཱ་བ1བསྡུ་བའི་འཆར་གཞི་ཡོད། ལས་ཁུངས་ཀྱིས་གཟའ་འཁོར་གཅིག་ལ་ཚོད་ལྟ་བྱེད་རྒྱུ་ཡིན་པ་དང་། གཟའ་འཁོར་གཅིག་གི་རྗེས་སུ་ལོ་ཙཱའི་ཆུ་ཚད་དང་བྱ་བའི་སྤྱོད་སྟངས། ཧུར་བརྩོན་རང་བཞིན་བཅས་ཚད་ལྡན་ཡིན་ན་གན་རྒྱ་རང་བཞིན་གྱིས་ལས་ཁུངས་སུ་བྱ་བ་བསྒྲུབ་ཏུ་འཇུག་རྒྱུ་ཡིན།
གཅིག ཆ་རྐྱེན།
1 སློབ་ཆེན་དངོས་གཞི་ཡན་གྱི་བོད་ཡིག་ཆེད་ལས་ཀྱི་སློབ་མ་ཡིན་དགོས།
2 བོད་ཡིག་གི་སུམ་རྟགས་དག་གསུམ་སོགས་ལ་བྱང་ཚད་ཅུང་མཐོ་དགོས་པ་མ་ཟད་རྩོམ་འབྲིའི་ནུས་པ་ལྡན་དགོས།
3 རྒྱ་བོད་ལོ་ཙཱའི་ཆེད་ལས་ཡིན་པ་དང་ལོ་ཙཱའི་བྱ་བ་ལོ་འགར་གཉེར་མྱོང་མཁན་ཡིན་ན་དམིགས་བསལ་ཡོད།
4 རྩིས་འཁོར་ལ་བྱང་ཚད་ལྡན་དགོས།
གཉིས། ཟླ་ཕོགས་ཀྱི་ཚད་གཞི།
ཟླ་ཕོགས་སྒོར1000གི་རྨང་གཞིའི་སྟེང་དུ་གསར་འགྱུར་ལོ་ཙཱའི་ཁ་གྲངས་སོགས་ཀྱི་ཟླ་ཕོགས་སྟེར་རྒྱུ།
གསུམ། དེ་མིན་མི་སྒེར་གྱི་འགན་སྲུང་མ་དངུལ三金)ལས་ཁུངས་རང་ངོས་ནས་སྤྲོད་རྒྱུ་ཡིན་པ་མ་ཟད། ལོ་ཡི་ཚད་བཀག་ལྟར་ལས་ཁུངས་ཀྱིས་མི་དོན་ཅུའུ་ལ་སྙན་ཞུ་བྱས་ཏེ་སྔ་མོ་ནས་གོ་མིང(职称)རེག་པར་བརྩོན་ལེན་བྱ་རྒྱུ།
བཞི། འབྲེལ་གཏུག་བྱ་ཡུལ། མཚོ་ལྷོ་བོད་ཡིག་ཚགས་པར་རྩོམ་སྒྲིག་ཁང་།
ཁ་པར། 0974- 8520634
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com