མཚོ་ལྷོ་ཁུལ་དུ་ཡིག་གཟུགས་དང་རི་མོ་བའི་མཐུན་ཚོགས་ཀྱི་གསར་རྩོམ་བགྲོ་གླེང་འདུ་ཚོགས་བསྡུས་པ།

རྩོམ་པ་པོ།:མི་ཆུང་། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2015-06-24 11:27:00 ཀློག་གྲངས།:

མཚོ་ལྷོ་ཁུལ་གྱི་ཡིག་གཟུགས་དང་རི་མོ་བའི་མཐུན་ཚོགས་ཀྱི་གསར་རྩོམ་བགྲོ་གླེང་འདུ་ཚོགས་བསྡུས་པ།
མཚོ་ལྷོ་ཁུལ་དུ་ཡིག་གཟུགས་དང་རི་མོ་བའི་མཐུན་ཚོགས་ཀྱི་གསར་རྩོམ་བགྲོ་གླེང་འདུ་ཚོགས་བསྡུས་པ།


རི་མོ་བ་གྲགས་ཅན་ཝང་ཞའོ་ལེས་ཡུལ་དངོས་ནས་མཛུབ་སྟོན་གནང་བཞིན་པ།


བྲིས་པ་གྲགས་ཅན་ཁྲིན་ཀྲི་ཡོན་གྱིས་ཡུལ་དངོས་ནས་ཡིག་གཟུགས་འབྲི་བཞིན་པ།


བྲིས་པ་ལྕང་སྐྱེས་རྟ་མགྲིན་ཚེ་བརྟན་གྱིས་ཡུལ་དངོས་ནས་ཡིག་གཟུགས་འབྲི་བཞིན་པ།


བྲིས་པ་སྨན་བླ་ཐར་གྱིས་ཡུལ་དངོས་ནས་ཡིག་གཟུགས་འབྲི་བཞིན་པ།

     སྤྱི་ཟླ6པའི་ཚེས23ཉིན། མཚོ་ལྷོ་ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱིས་གཙོ་སྒྲུབ་གནང་བའི་མཚོ་ལྷོ་ཁུལ་གྱི་ཡིག་གཟུགས་དང་རི་མོ་བའི་མཐུན་ཚོགས་ཀྱི་གསར་རྩོམ་བགྲོ་གླེང་འདུ་ཚོགས་དེ་མཚོ་སྔོན་དགེ་ཐོན་སློབ་ཆེན་མི་རིགས་དགེ་ཐོན་སློབ་གླིང་གི་སྲིད་འཛིན་གཞུང་སྒྲུབ་ཐོག་ཁང་གི་ཚོགས་འདུ་ཁང་དུ་བསྡུས་པ་རེད།
     རེབ་འདིའི་འདུ་ཚོགས་ལ་མཚོ་ལྷོ་ཁུལ་གྱི་རྫོང་ཁག་ལྔའི་ཡིག་མཁན་དང་རི་མོ་བ20ལྷག་ཞུགས་ཤིང་། གདན་ཞུའི་སྐུ་མགྲོན་ལ་མཚོ་སྔོན་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་བྲིས་པ་གྲགས་ཅན་ཁྲིན་ཀྲི་ཡོན་དང་རི་མོ་བ་གྲགས་ཅན་ཝང་ཞའོ་ལེ་རྣམ་གཉིས་ཕེབས་ཏེ་ཡུལ་དངོས་ནས་མཛུབ་མོས་རི་སྟོན་གྱི་ཚུལ་དུ་ལེགས་ཉེས་དང་དོ་སྣང་བྱ་དགོས་པའི་གནད་རྣམས་གསལ་ཁ་བཏོད། ཕྱི་དྲོར་རྨ་ཆུ་ཁའི་ཁམས་གསེང་གླིང་དུ་ཡིག་མཁན་དང་རི་མོ་བ་རྣམས་ཀྱིས་ཡུལ་དངོས་ནས་ཡིག་གཟུགས་དང་རི་མོ་བྲིས་ཏེ་ཕན་ཚུན་བསམ་བློ་བརྗེ་རེས་དང་བགྲོ་གླེང་གང་ལེགས་བྱས་ནས་རྗེས་མའི་གསར་རྩོམ་ལ་ཡིད་འཇོག་དང་ཐབས་ལམ། བློ་འབྱེད་ཀྱི་རྒྱགས་ཕྱེ་མི་དམན་པ་བཙལ་བ་དང་སྦྲགས་དགའ་དགའ་སྤྲོ་སྤྲོའི་ངང་གྲོས་ཚོགས་མཇུག་སྒྲིལ་བ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།