《སྒྲ་བྱེ་བྲག་ཏུ་རྟོགས་བྱེད་ཆེན་མོ་སྐད་ཡིག་ཤར་སྦྱར་མའི》ཚིག་མཛོད་ཐོག་མ་དཔེ་སྐྲུན་བྱས་པ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:ཤིན་ཧྭ་དྲ་བ། དུས་ཚོད།:2015-06-15 09:56:00 ཀློག་གྲངས།:
     བོད་ལྗོངས་སློབ་ཆེན་རྩོམ་རིག་སྡེ་ཁག་གི་དགེ་རྒན་དང་། བོད་རིག་པའི་ཞིབ་འཇུག་པ་བུ་ཆུང་ཚེ་རིང་གིས་རྩོམ་སྒྲིག་བྱས་པའི《སྒྲ་བྱེ་བྲག་ཏུ་རྟོགས་བྱེད་ཆེན་མོ་སྐད་ཡིག་ཤར་སྦྱར་མའི》དཔེ་དེབ་ཉེ་ཆར་དཔེ་སྐྲུན་བྱས་པ་རེད། དེ་ནི་སློབ་གསོ་པུའུ་སྤྱི་ཚོགས་ཚན་རིག་གཙོ་གནད་ཞིབ་འཇུག་རྟེན་གཞིའི་རྣམ་གྲངས་གལ་ཆེན་ཞིག་ཡིན་པ་དང་དེས་འཛམ་གླིང་བོད་རིག་པ་དང་སངས་རྒྱས་ཆོས་ལུགས་ཞིབ་འཇུག་ཁྱབ་ཁོངས་ཀྱི་སྟོང་ཆ་ཁ་བསྐངས་པ་རེད།
     སྒྲ་བྱེ་བྲག་ཏུ་རྟོགས་བྱེད་ཆེན་མོ་སྐད་ཡིག་ཤར་སྦྱར་མ་ནི་ནང་བསྟན་གསུང་རབ 《བཀའ་བསྟན་འགྱུར》ཁྲོད་ཀྱི་བམ་པོ་གཅིག་ཡིན་པ་དང་ཐོག་མའི་མ་དཔེ་ནི་སྤྱི་ལོའི་དུས་རབས8པའི་གཡས་གཡོན་དུ་ལེགས་སྦྱར་གྱི་སྐད་དང་བོད་སྐད་ཤར་སྦྱར་གྱི་རྣམ་པའི་ཐོག་ནས་བསྒྲིགས་པ་ཞིག་ཡིན་པ་དང་། ནང་དོན་གཙོ་བོ་ནི《བཀའ་བསྟན་འགྱུར》ནང་གི་ནང་བསྟན་གྱི་མིང་ཚིག་དང་མཚན་ཉིད་རིག་པའི་བརྡ་ཆད་ལ་མཆན་འགྲེལ་བཀོད་པ་དང་དུས་མཚུངས་ནང་བསྟན་དར་འཕེལ་བྱུང་སའི་འབྲེལ་ཡོད་ཀྱི་ས་མིང་དང་རི་ཆུ། དེ་བཞིན་རྩ་ཆེའི་རྩྭ་རྩི་ཤིང་སོགས་རང་བྱུང་ཚན་རིག་གི་མིང་ཚིག་ཟིན་ཐོར་བཀོད་ཅིང་། དེ་བཞིན་རྒྱ་གར་གྱི་གནའ་བོའི་མཚན་ཉིད་རིག་པ་མཁས་ཅན་རྣམས་ལ་མཆན་འགྲེལ་བཀོད་ཡོད།
     འབུམ་རམས་པ་བུ་ཆུང་ཚེ་རིང་ནི་ནོ་ཝེ་ཨའོ་སི་ལུའུ་སློབ་ཆེན་ཤར་ཕྱོགས་སྐད་ཡིག་རིག་པ་སློབ་གླིང་ནས་མཐར་ཕྱིན་པ་དང་། ཁོང་གིས་ངོ་སྤྲོད་གནང་བར། 《སྒྲ་བྱེ་བྲག་ཏུ་རྟོགས་བྱེད་ཆེན་མོ་སྐད་ཡིག་ཤར་སྦྱར་མའི》དཔེ་དེབ་དེ《བཀའ་བསྟན་འགྱུར》ནང་གི་སྒྲ་བྱེ་བྲག་ཏུ་རྟོགས་བྱེད་ཆེན་མོའི་མིང་ཚིག་གི་གོ་རིམ་དང་དེ་བཞིན་ལེ་ཚན་དབྱེ་སྟངས་གཞིར་བཟུང་། ཡང་དག་པའི་སྒོ་ནས་སྐད་ཡིག་བཞིར་ཡིག་སྒྱུར་བྱས་པ་མ་ཟད། གཙོ་བོ་ནི་མིང་ཚིག་ཁག་བོད་ཡིག་ནས་ལཱ་ཏིང་གི་དབྱངས་གསལ་ལ་ཕབ་སྒྱུར་དང་། ལེགས་སྦྱར་ཡི་གེ་ནས་ལཱ་ཏིང་གི་དབྱངས་གསལ་ལ་ཕབ་སྒྱུར་བྱས་པས། འཛམ་གླིང་ཡོངས་སུ་སྐད་ཡིག་བཞི་ཡོད་པ་དང་ཚད་ལྡན་རྒྱལ་སྤྱིའི་སྤྱི་སྤྱོད་ལཱ་ཏིང་གི་དབྱངས་གསལ་ལ་ཕབ་སྒྱུར་བྱས་པའི་སྒྲ་བྱེ་བྲག་ཏུ་རྟོགས་བྱེད་ཆེན་མོའི་ཚིག་མཛོད་ཅིག་ཡིན་པ་རེད།
     ཚིག་མཛོད་དེ་རྩིམ་སྒྲིག་བྱེད་པའི་དམིགས་ཡུལ་གཅིག་ནི་གཞོན་སྐྱེས་བོད་རིག་པ་ཞིབ་འཇུག་པ་ཚོས་ལེགས་སྦྱར་གྱི་བརྡ་ཆད་མང་ཙམ་ཁོང་དུ་ཆུད་པར་བྱས་ནས་རྒྱལ་སྤྱིའི་རིག་གཞུང་པ་དང་མཐུད་སྦྲེལ་བྱེད་ཐུབ་པའི་ཆེད་དུ་ཡིན”ཞེས་བུ་ཆུང་ཚེ་རིང་གིས་བརྗོད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།