ཁྲི་ཀའི་མི་རིགས་བཅའ་སྡོད་སློབ་གྲྭ་མཚོ་སྔོན་ཞིང་ཆེན་གྱི་ཕུལ་བྱུང་མཛེས་རྩལ་གསོ་སྦྱོང་ལྟེ་གནས་སུ་བདམས།
དགེ་སློབ་ཟུང་གི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་དང་རི་མོའི་སྒྱུ་རྩལ་གྱི་ནུས་པ་སྔོག་འདོན་བྱེད་ཆེད། ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭའི་རི་མོ་ཚན་ཁག་གིས་རྩ་འཛུགས་བྱས་ཏེ2015ལོའི་མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིན་དང་མཚོ་སྔོན་ཞིང་ཆེན་རྩོམ་རིག་ལྷན་ཚོགས། མཚོ་སྔོན་ཞིང་ཆེན་མཛེས་རྩལ་པའི་མཐུན་ཚོགས། མཚོ་སྔོན་ཞིང་ཆེན་གུང་གཞོན་ཚོགས་པ། མཚོ་སྔོན་ཞིང་ཆེན་ཡིག་གཟུགས་པའི་ཚོགས་པ། མཚོ་སྔོན་ཞིང་ཆེན་ན་ཆུང་གཞོན་ནུའི་ཚོགས་པ་བཅས་ཀྱིས་གཙོ་སྒྲུབ་བགྱིས་པའི་ཐེངས་ཉི་ཤུ་བའི་མཚོ་སྔོན་ཞིང་ཆེན་ན་ཆུང་གཞོན་ནུའི་རི་མོ་དང་ཡིག་གཟུགས། བརྙན་པར་བཅས་ཀྱི་འགྲན་བསྡུར་དང་སྐབས་དགུ་བའི་མཚོ་སྔོན་ཞིང་ཆེན་ན་ཆུང་གཞོན་ནུའི་བྲིས་གཟུགས་འགྲན་བསྡུར་ཁྲོད་རི་མོའི་བརྩམས་ཆོས160ལྷག་ལས་དགེ་སློབ་ཟུང་གི་བརྩམས་ཆོས155ལ་བྱ་དགའ་ཐོབ་ཅིང་། དགའ་འོས་པ་ཞིག་ལ་ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭས་ཐུན་མོང་རྩ་འཛུགས་ཀྱི་ཁྱད་འཕགས་བྱ་དགའ་བླངས་པ་མ་ཟད། ལོ་དུ་མིན་ལ་འགྲན་བསྡུར་དུ་ཞུགས་པའི་རྩོལ་བ་ཆེན་པོས་ད་ལོར་སློབ་གྲྭར་ཕུལ་བྱུང་མཛེས་རྩལ་གསོ་སྦྱོང་ལྟེ་གནས་སུ་བདམས།
ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭ་མཚོ་སྔོན་ཞིང་ཆེན་གྱི་
ཕུལ་བྱུང་མཛེས་རྩལ་གསོ་སྦྱོང་ལྟེ་གནས་སུ་བདམས།
ལྷག་པར་མཚོ་སྔོན་ཞིང་ཆེན་གྱི་གཙོ་སྒྲུབ་ལས་ཁུངས་རྣམས་ཀྱིས་རབས་དང་རིམ་པའི་དཔྱད་བསྡུར་གང་མང་བརྒྱུད། ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭའི་དགེ་སློབ155བརྩམས་ཆོས་ལ་ཕུལ་བྱུང་དང་གསེར་དངུལ་ཟངས་བཅས་ཀྱི་གཟེངས་རྟགས་ཀྱི་བྱ་དགའ་ཆེན་པོ་ཐོབ་ཅིང་། བརྩམས་ཆོས་དེ་དག་གི་ཁྲོད་ནས་གསེར་གྱི་བྱ་དགའ22དང་། དངུལ་གྱི་བྱ་དགའ39 ཟངས་ཀྱི་བྱ་དགའ49 ཕུལ་བྱུང་བྱ་དགའ45བཅས་འདུས། གཞན་སློབ་གྲྭའི་རི་མོ་དགེ་རྒན་བན་དེ་རྒྱལ་དང་དགེ་རྒན་རྡོ་རྗེ་རྒྱལ་མཚན། དགེ་རྒན་སངས་རྒྱས་འབུམ། དགེ་རྒན་ཡུམ་འབུམ་རྡོ་རྗེ། དགེ་རྒན་ཚེ་གོ་བྱམས་བཅས་ལ་མཛུབ་ཁྲིད་དགེ་རྒན་གྱི་མཚན་སྙན་ཡང་གནང་བ་རེད། དགེ་སློབ་ཟུང་གི་འབད་པ་བརྩོན་ལེན་གྱི་ཚད་ལས་འདས་པའི་ཟབ་ཞུགས་ཀྱིས་རེབ་ཐེངས་འདིར་ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭས་སྔར་མེད་ཀྱི་གཟེངས་རྟགས་འདི་ལྟ་བུ་ཐོབ་པ་ནི་མི་རིགས་སློབ་གྲྭ་འདིར་མཚོན་ན་གོ་སྐབས་ཆེས་དཀོན་པོ་དང་རིན་ཐང་གཞལ་དུ་མེད་པའི་གྲུབ་འབྲས་ཡིན་ཁར་ཐུན་མོང་གི་འབད་འབུངས་ལས་བྱུང་བ་སྨོས་ཅི་འཚལ།
འགྲན་བསྡུར་འདི་ལྟ་བུས་དགེ་རྒན་རྣམས་ལྟ་ཅི། ལྷག་པར་རི་མོ་སྒྱུ་རྩལ་ལ་དུངས་པའི་སློབ་གྲོགས་སྐོར་དང་སྐོར་ཞིག་ལ་ཧུར་བརྩོན་བྱེད་པའི་སྙིང་ཕུར་བརྡབ་ཅིང་རྗེས་མུར་བརྒྱ་འགྱུར་སྒོས་རང་ཉིད་ཀྱི་དགའ་ཕྱོགས་ལ་ཤུགས་བསྐྱེད་པའི་སྐུལ་ལྕག་ཚ་བེར་བ་ཞིག་གནང་། སློབ་གྲྭའི་འགོ་ཁྲིད་རྣམ་པའི་ཡང་དག་གི་སྣེ་སྟོན་དང་རི་མོ་དགེ་རྒན་ཡོངས་ཀྱི་གཅིག་མཐུན་གྱི་རིས་མེད་མཛུབ་ཁྲིད་འོག་འདི་ལྟ་བུའི་གླེང་རིན་ཡོད་ལ། ངོམ་རིན་ཡོད་པའི་གཡུར་ཟའི་འབྲས་བཟང་ཞིག་ཀུན་གྱི་མིག་གི་དགའ་ཚལ་དང་སྙན་པའི་བུ་རམ་དུ་འབུལ་བ་ལགས་ན། སླད་མར་ཡང་མི་རིགས་སློབ་གྲྭ་སོ་སོས་དཔུང་བ་མཉམ་བསྐྱོད་སྒོས་འདི་ལྟའི་ཁྱད་འཕགས་ཀྱི་བྱ་དགའ་ཞིག་ལེན་པར་ཚང་མས་བརྩོན་དགོས་པའི་འགན་འཁྲི་ཉག་ཅིག་གོ།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com