མཚོ་ལྷོ་ཁུལ་གྱི་བོད་ཡིག་དྲ་རྒྱའི་རྨང་གཞི་ཤེས་བྱའི་གསོ་སྦྱོང་འཛིན་གྲྭ་སྐབས་དང་པོ་དེ་ཁྲི་ཀ་རུ་བསྡུས་པ།
མཚོ་ལྷོ་ཁུལ་གྱི་བོད་ཡིག་དྲ་རྒྱའི་རྨང་གཞི་ཤེས་བྱའི་གསོ་སྦྱོང་འཛིན་གྲྭ་སྐབས་དང་པོ་དེ་ཁྲི་ཀ་རུ་བསྡུས།
མཚོ་ལྷོ་ཁུལ་གྱི་བོད་ཡིག་དྲ་རྒྱའི་རྨང་གཞི་ཤེས་བྱའི་གསོ་སྦྱོང་འཛིན་གྲྭ་སྐབས་དང་པོ་དེ་ཁྲི་ཀ་རུ་བསྡུས།
མཚོ་ལྷོ་ཁུལ་གྱི་བོད་ཡིག་དྲ་རྒྱའི་རྨང་གཞི་ཤེས་བྱའི་གསོ་སྦྱོང་འཛིན་གྲྭ་སྐབས་དང་པོ་དེ་ཁྲི་ཀ་རུ་བསྡུས།
མཚོ་ལྷོ་ཁུལ་གྱི་བོད་ཡིག་དྲ་རྒྱའི་རྨང་གཞི་ཤེས་བྱའི་གསོ་སྦྱོང་འཛིན་གྲྭ་སྐབས་དང་པོ་དེ་ཁྲི་ཀ་རུ་བསྡུས།
སྤྱི་ཟླ6པའི་ཚེས4ཉིན། ཀྲུང་གུང་མཚོ་ལྷོ་ཁུལ་ཨུའི་རྩ་འཛུགས་པུའུ་དང་། མཚོ་ལྷོ་ཁུལ་བོད་སྐད་ཡིག་བྱ་བའི་གཞུང་སྒྲུབ་ཁང་གཉིས་མཉམ་འབྲེལ་སྒོས་སྒྲུབ་པའི2015ལོའི་མཚོ་ལྷོ་ཁུལ་གྱི་བོད་ཡིག་དྲ་རྒྱའི་རྨང་གཞི་ཤེས་བྱའི་གསོ་སྦྱོང་འཛིན་གྲྭ་སྐབས་དང་པོ་དེ་ཁྲི་ཀ་རུ་བསྡུས། ཁུལ་ཡོངས་ཀྱི་རྫོང་དྲུག་གི་ཡུལ་ཚོ་དང་གྲོང་རྡལ་སོ་སོ་དང་རྫོང་གཏོགས་ལས་ཁུངས་ཁག་ཅིག་གི་བོད་ཡིག་རྨང་གཞི་ངེས་ཅན་ལྡན་པའི་སྐད་གཉིས་ལས་སྒྲུབ་པ50ཐེངས་འདིའི་གསོ་སྦྱོང་ལ་ཞུགས་ཡོད།
མཚོ་ལྷོ་ཁུལ་བོད་སྐད་ཡིག་བྱ་བའི་གཞུང་སྒྲུབ་ཁང་གི་འགོ་གཙོ་ཚེ་ལོ་དང་། མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་ཨུའི་རྒྱུན་ཨུའམ་རྫོང་མི་དམངས་སྲིད་གཞུང་གི་རྫོང་དཔོན་གཞོན་པ་བུ་མོ་མཆོག བློ་བཟང་ཚན་རྩལ་ཚད་ཡོད་ཀུང་ཟིའི་འགོ་གཙོ་བློ་བཟང་། མཚོ་ལྷོ་ཁུལ་བོད་སྐད་ཡིག་བྱ་བའི་གཞུང་སྒྲུང་ཁང་གི་འགོ་གཙོ་གཞོན་པ་སྙིང་བྱམས་རྒྱལ་སོགས་འབྲེལ་ཡོད་འགོ་ཁྲིད་ཐེངས་འདིའི་གསོ་སྦྱོང་འཛིན་གྲྭའི་མགོ་རྩོམ་མཛད་སྒོར་ཞུགས།
རྒྱུས་ལོན་པ་ལྟར་ན། ཐེངས་འདིའི་གསོ་སྦྱོང་འཛིན་གྲྭར་མཚོ་ལྷོ་ཁུལ་བློ་བཟང་ལས་རིགས་གསོ་སྦྱོང་སློབ་གྲྭས་འགན་སྒྲུབ་གནང་ལ། དུས་ཡུན་ཉིན10ཡིན། གཙོ་ཆེར་བོད་ཡིག་ཆ་འཕྲིན་ལག་རྩལ་དང་། འཕྲིན་སྦྲེལ་དྲ་བའི་བེད་སྤྱོད། རྩིས་འཁོར་གྱི་རྨང་གཞིའི་ཤེས་བྱ། officeགཞི་རྩའི་བེད་སྤྱོད། དྲ་རྒྱའི་བདེ་འཇགས་ཤེས་བྱ་དང་བཀོལ་སྤྱོད། བོད་ཡིག་གཏག་ཐབས། ལག་འཁྱེར་ཁ་པར་ནང་འཇུག་དང་གཞི་རྩའི་བཀོལ་སྤྱོད། བོད་ཡིག་ཆ་འཕྲིན་ལག་རྩལ་ཚོང་རའི་སྔོག་འདོན་སོགས་ནང་དོན་ཡིན་པ་དང་། གསོ་སྦྱོང་ལ་འཆད་ཁྲིད་དང་། བཞུགས་མོལ། གཞུང་ལུགས། ལག་ལེན་བཅས་མཐུན་སྦྱོར་གྱི་རྣམ་པ་ཞིག་ཡིན།
ཉེ་བའི་ལོ་འདི་འགར། མཚོ་ལྷོ་ཁུལ་བོད་སྐད་ཡིག་བྱ་བའི་གཞུང་སྒྲུབ་ཁང་གིས་རང་སྟེང་གི་བྱ་བར་རྐང་བཙུགས་ཏེ་བོད་སྐད་ཡིག་བྱ་བའི་དཔུང་སྡེའི་གཞི་རྩའི་ནུས་ཤུགས་མཐོར་འདེགས་དང་། བོད་སྐད་ཡིག་བྱ་བའི་ལམ་བུ་གསར་བ་བཏོད་པར་བརྒྱུད། བོད་ཡིག་ཆ་འཕྲིན་ཅན་གྱི་འཕེལ་སྟངས་དེ་གོམ་སྟབས་གསར་བ་ཞིག་ལ་བསྒྱུར་ཞིང་། གཞི་རིམ་ལས་སྒྲུབ་པའི་ལས་རིགས་གསོ་སྦྱོང་ནང་དོན་ཡང་སྔར་གྱི་བོད་རྒྱའི་གཞུང་ཡིག་ལོ་ཙཱ་རྐྱང་བ་ནས་བོད་ཡིག་དྲ་རྒྱའི་ཤེས་བྱ་ལ་རྒྱུན་བསྲིངས་པ་དང་། འདིས་བོད་སྐད་ཡིག་བྱ་བ་དེ་ཆ་འཕྲིན་ཅན་དུ་འགྱུར་བར་རྨང་ལེགས་པོ་བཏིངས་པ་མ་ཟད། སྔོག་འདོན་བྱེད་བཞིན་པའི་ཡོངས་འཛིན་བོད་ཡིག་འཚོལ་བཤེར་མ་ལག་དེ་གཞི་རིམ་ལས་སྒྲུབ་པའི་ཁྲོད་མགྱོགས་མྱུར་ངང་ཁྱབ་སྤེལ་བྱེད་པར་དུས་སྔོན་གྱི་གྲ་སྒྲིག་བྱེད་པ་ཡིན་ལ། དེ་དང་ཆབས་ཅིག་ཏུ་མཚོ་ལྷོ་ཁུལ་བོད་སྐད་ཡིག་བྱ་བ་དེ་དུས་རབས་དང་གཅིག་ཏུ་སྦྲེལ་བ་ཡོངས་སུ་མཚོན།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com